《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2019年12月31日

བདེ་ཐང་སླར་གསོ་འགན་ལེན་གྱིས། མཉམ་དུ་འབྱོར་འབྲིང་ཕྱོགས་སུ་སྐྱོད།

ཉེ་བའི་ལོ་ཤས་རིང་། རང་ལྗོངས་ཀྱིས་དབང་པོ་སྐྱོན་ཅན་གྱི་བྱ་གཞག་འཕེལ་རྒྱས་ལ་མཐོང་ཆེན་པོ་བྱས་ཤིང་། དབང་པོ་སྐྱོན་ཅན་གྱི་བྱ་གཞག་དང་དཔལ་འབྱོར་དང་སྤྱི་ཚོགས་མཐུན་སྦྱོར་འཕེལ་རྒྱས་ཡོང་ཐབས་བྱེད་པ་དང་། དབང་པོ་སྐྱོན་ཅན་གྱི་ཁེ་དབང་འགན་སྲུང་ལམ་ལུགས་འཐུས་སྒོ་ཚང་དུ་གཏོང་རྒྱུ་མཐའ་འཁྱོངས་བྱེད་པ། དབང་པོ་སྐྱོན་ཅན་གྱི་གཞི་རྩའི་སྤྱི་པའི་ཞབས་ཞུ་འཐུས་སྒོ་ཚང་དུ་གཏོང་བ། དབང་པོ་སྐྱོན་ཅན་གྱི་གནས་སྟངས་དང་སྤྱི་ཚོགས་ཆ་སྙོམས་ཆུ་ཚད་ཀྱི་ཧེ་བག་ཆུང་དུ་གཏོང་བ་བཅས་བྱས་ནས་དབང་པོ་སྐྱོན་ཅན་རྣམས་ལྗོངས་ཡོངས་ཀྱི་མི་དམངས་དང་མཉམ་དུ་ཕྱོགས་ཡོངས་ནས་འབྱོར་འབྲིང་ཕྱོགས་སུ་སྐྱོད་ཐུབ་པ་བྱས་པ་རེད།

འདི་ནི་དབང་པོ་སྐྱོན་ཅན་གྱིས་ལྷ་ས་གྲོང་ཁྱེར་དབང་པོ་སྐྱོན་ཅན་ལྟ་རྟོག་ལྟེ་གནས་སུ་ལུས་སྦྱོང་བྱེད་བཞིན་པ།