《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2019年12月31日

གཞིས་རྩེར་གསར་འཕར་བྱུང་བའི་ཁྲོམ་རའི་བྱེད་པོ་ཚོང་དུད་ཁྲི་1.97ཟིན་པ།

འདི་ག་ཚགས་པར་ཁང་དུ་གཞིས་རྩེ་ནས་ཟླ་12ཚེས་29ཉིན་གློག་འཕྲིན་འབྱོར་གསལ། ཉེ་ཆར། གསར་འགོད་པར་གཞིས་རྩེ་གྲོང་ཁྱེར་ཁྲོམ་ར་ལྟ་འདོམས་ཅུས་ནས་ཤེས་རྟོགས་བྱུང་བར། ཟླ་11པའི་ཟླ་མཇུག་བར། གཞིས་རྩེར་གསར་འཕར་བྱུང་བའི་ཁྲོམ་རའི་བྱེད་པོ་ཚོང་དུད་ཁྲི་6.91ཟིན་པ་དང་། ཐོ་འགོད་མ་དངུལ་སྒོར་དུང་ཕྱུར་853.38ཟིན་ནས་དུས་་མཚུངས་ལས་34.44%དང་42.11%སོ་སོར་འཕར་བ་དང་། ཟླ་དང་པོ་ནས་བཅུ་གཅིག་པའི་བར་གཞིས་རྩེར་གསར་འཕར་བྱུང་བའི་ཁྲོམ་རའི་བྱེད་པོ་ཚོང་དུད་ཁྲི་1.97ཟིན་པ་དང་། ཐོ་འགོད་མ་དངུལ་སྒོར་དུང་ཕྱུར་207.47ཟིན་ནས་ན་ནིང་གི་དུས་མཚུངས་ལས་123.87%དང་95.84%སོ་སོར་འཕར་ཡོད་པ་རེད།

ཉེ་བའི་ལོ་ཤས་རིང་། གཞིས་རྩེ་གྲོང་ཁྱེར་ཁྲོམ་ར་ལྟ་འདོམས་ཅུས་ཀྱིས་ཚོང་དོན་ལམ་ལུགས་སྒྱུར་བཅོས་གོ་སྐབས་སུ་བཟུང་སྟེ“གློད་སྡོམ་ཞབས”གསུམ་གྱི་སྒྱུར་བཅོས་ལ་སྐུལ་འདེད་གཏིང་ཟབ་གཏོང་བ་དང་། “སྔོན་ལ་ལག་ཁྱེར་དང་རྗེས་སུ་འཁྲོལ་འཛིན་སྤྲོད་པ”དང་། “ལག་ཁྱེར་མང་པོ་གཅིག་སྒྲིལ” དྲ་ཐོག་མིང་ཐོར་ཞིབ་བཤེར་ཆོག་མཆན། སྐད་འཕྲིན་སྔོན་མངག་ལས་གཉེར། སྟབས་བདེའི་ཐོ་སུབ། དྲ་ཐོག་ཐོ་འགོད་སོགས་ཀྱི་སྒྱུར་བཅོས་བྱ་ཐབས་ཁག་ཕྱོགས་ཡོངས་ནས་དོན་འཁྱོལ་བྱེད་པ། ཞིབ་བཤེར་ཆོག་མཆན་ཐད་ཀར་མེད་པར་བཟོ་བ་དང་། ཞིབ་བཤེར་ཆོག་མཆན་ཐོ་འགོད་སྙན་སེང་བྱེད་པར་སྒྱུར་བ། བསྒྲུབ་རྒྱུ་ཁས་ལེན་བྱེད་པའི་བྱ་ཐབས་ལག་ལེན་བསྟར་བ། འཇུག་འཐུས་ཞབས་ཞུ་ལེགས་སུ་གཏོང་བ་སོགས་ཀྱི་བྱ་ཐབས་བཞིར་བརྟེན་ནས་ཁེ་ལས་འཕེལ་རྒྱས་ཆེད་མ་གནས་དམའ་རུ་གཏོང་བ་དང་། ལས་གཏོད་ཀྱི་ཁུར་པོ་ཡང་དུ་གཏོང་བ། ཁྲོམ་རའི་གསོན་ཤུགས་འཕེལ་བར་བྱེད་པ་བཅས་བྱས་ནས་ཁེ་ལས་ལ་ཞབས་འདེགས་ཞུ་བའི“མཐའ་མའི་འགག་གནད”བསལ་ཡོད་པ་རེད།

དེ་དང་ཆབས་ཅིག གཞིས་རྩེ་གྲོང་ཁྱེར་ཁྲོམ་ར་ལྟ་སྡོམ་ཅུས་ཀྱིས་ཚོང་འགུགས་མ་འདྲེན་དང་གཞུང་ཁོངས་ཁེ་ལས་སྒྱུར་བཅོས་ལ་རྒྱབ་སྐྱོར་ཧུར་ཐག་བྱས་ཏེ“བཀག་རྒྱ་མེད་ན་བྱེད་ཆོག་པའི”རྩ་དོན་གཞིར་བཟུང་། ཚོང་འགུགས་མ་འདྲེན་ཁེ་ལས་ཐོ་འགོད་བྱེད་པར“བརྒྱུད་རིམ་ཡོངས་ཚབ་གཉེར་དང་ཆེད་མངག་ཞབས་ཞུའི”བྱ་ཐབས་ལག་ལེན་བསྟར་བ་དང་། གཞུང་ཁོངས་ཁེ་ལས་སྒྱུར་བཅོས་བྱེད་པར“གོ་གནས་གཞོན་པས་བདག་སྤྲོད་བྱེད་པ་དང་། ཁོའོ་ཀྲང་གིས་ཐད་ཀར་ཞིབ་མཆན་འགོད་པའི”ཐོ་འགོད་དོ་དམ་བྱ་ཐབས་ལག་ལེན་བསྟར་ནས་ཞིབ་བཤེར་ཆོག་མཆན་གྱི་གོ་རིམ་རྒྱུན་ཆད་མེད་པར་ལེགས་སུ་གཏོང་བ་དང་ཞིབ་བཤེར་ཆོག་མཆན་གྱི་ལས་ཕྱོད་ཆེ་རུ་བཏང་ནས་ཕྱོགས་མང་པོའི་ཐད་ནས“ལམ་སེང་གཉེར་བ”དང“ཐེངས་གཅིག་ལ་གཉེར་ཐུབ་པའི་ལམ་ལུགས”ཁྱབ་སྤེལ་བཏང་ཡོད་པ་རེད། ཞིང་འབྲོག་པའི་ཆེད་ལས་མཉམ་ལས་ཁང་སོགས་ཞིང་འབྲོག་ལས་ཀྱི་གཉེར་སྐྱོང་གི་བྱེད་པོ་གསར་པ་སྐྱེད་སྲིང་ཧུར་ཐག་བྱེད་པའི་ཁྲོད་ཐོ་འགོད་བྱེད་སྟངས་དང་། མིང་ཐོ་ཐོ་འགོད་ཆ་རྐྱེན། གཉེར་སྐྱོང་ཁྱབ་ཁོངས། མ་དངུལ་སྤྲོད་ཐབས། གཉེར་སྐྱོང་བྱ་ཡུལ་བཅས་ལྷུག་ཏུ་གཏོང་བའི“ལྷུག་གཏོང་ལྔའི”བྱ་ཐབས་སྤྱད་དེ་ཞིང་འབྲེལ་ཐོན་ལས་ལ་རོགས་སྐྱོར་བྱེད་ཤུགས་ཆེ་རུ་བཏང་ནས་གྲོང་ཁྱེར་ཡོངས་ཀྱི་ཐོན་ལས་དབུལ་སྒྲོལ་ལ་རོགས་རམ་བྱས་ཡོད། ལོ་འཁོར་སྙན་ཞུ་ཡོངས་བསྒྲགས་དང་། འཁྲོལ་འཛིན་དང་ལག་ཁྱེར་གཉེར་བ། སྤུས་ཚད་ལྟ་ཞིབ་ཚད་ལེན་སོགས་ཀྱི་ལྷུ་ཚིགས་སུ་ཐག་རིང་ལུང་ཁུག་ཞིང་འབྲོག་ཁུལ་གྱི་ཁྲོམ་རའི་བྱེད་པོར་“འགོར་འགྱངས་དང་། བར་ཐག འགོག་རྐྱེན་བཅས་མེད་པའི”ཞབས་འདེགས་ཞུ་སྟངས་སྤྱད་ནས་སྲིད་གཞུང་གིས་རང་འགུལ་ངང་སྒོ་རྩར་ཞབས་འདེགས་ཞུ་བའི་གཟུགས་བརྙན་གསར་པ་བཏོད་ཅིང་། ཟླ་བཅུ་གཅིག་པའི་ཟླ་མཇུག་བར། གཞིས་རྩེ་གྲོང་ཁྱེར་གྱི་ཞིང་འབྲོག་པའི་ཆེད་ལས་མཉམ་ལས་ཁང་6654བར་འཕེལ་རྒྱས་ཕྱིན་ནས་ཁྱོན་མ་དངུལ་སྒོར་དུང་ཕྱུར་34.56བཏང་བ་དེ་དུས་མཚུངས་ལས་260.26%དང་164.22%སོ་སོར་འཕར་ཡོད་པ་རེད།

(དཀོན་སྒྲོལ་གྱིས་བསྒྱུར། པ་ཚེས་ཞུས)