《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2019年12月31日

འདམ་གཞུང་དང་། འཕྱོངས་རྒྱས། བཞད་མཐོང་སྨོན་བཅས་རྫོང་གསུམ་གྱིས་དོན་དངོས་དང་བྱ་བ་དངོས་བསྒྲུབས་པ།

མང་ཚོགས་ཀྱི་བསམ་བློ་གཏོང་སར་དམིགས་ནས་འགན་ འཁྲི་འཁུར་བ་དང་བྱས་རྗེས་བཞག་པ།

འདི་ག་ཚགས་པར་ཁང་དུ་ལྷ་ས་ནས་ཟླ་12ཚེས་29ཉིན་གནས་ཚུལ་འབྱོར་གསལ། བརྗོད་དོན་གཙོ་བོའི་སློབ་གསོའི་བྱེད་སྒོ་ཁག་གཉིས་པ་སྤེལ་ཚུན། ལྷ་ས་གྲོང་ཁྱེར་གྱི་འདམ་གཞུང་རྫོང་དང་། ལྷོ་ཁ་གྲོང་ཁྱེར་གྱི་འཕྱོངས་རྒྱས་རྫོང་། གཞིས་རྩེ་གྲོང་ཁྱེར་གྱི་བཞད་མཐོང་སྨོན་རྫོང་བཅས་ཀྱིས་མི་དམངས་ལ་ཞབས་འདེགས་ཞུ་བ་དང་དཀའ་གནད་སེལ་རྒྱུར་དམིགས་ཏེ་བརྗོད་དོན་གཙོ་བོའི་སློབ་གསོར་སྐུལ་འདེད་ཏན་ཏིག་བཏང་བ་རེད།

འདམ་གཞུང་རྫོང་གིས་བརྗོད་དོན་གཙོ་བོའི་སློབ་གསོ་སྤེལ་རྒྱུ་དང་རྫོང་དེ་རང་གི་ལྟེ་བའི་ལས་དོན་དང་ཟུང་འབྲེལ་བྱ་རྒྱུ་མཐའ་འཁྱོངས་བྱས་ཏེ། ས་གཙང་བདེ་ཐང་འཕེལ་རྒྱས་གཏོང་རྒྱུ་དང་རིག་གནས་ཡུལ་སྐོར་སོགས་ཀྱི་ཁྱད་ལྡན་ཐོན་ལས་ལ་དམིགས་པ་དང“ཆེས་དྭངས་གཙང་གི་འདམ་གཞུང”ཁུལ་ཁོངས་ཀྱི་སྤྱི་པའི་སྤུས་རྟགས་གཏོད་དེ་འབྲི་གཡག་དང་གཏེར་ཆུ་སོགས་ཁྱད་ལྡན་ཐོན་ལས་སྤུས་འཕར་ཕན་འཕར་ལ་སྐུལ་འདེད་བཏང་བ་རེད། མ་དངུལ་སྒོར་དུང་ཕྱུར་2བཏང་ནས་འདམ་གཞུང་ས་གཙང་འབྲོག་ར་ཀའོ་ཆིང་ར་བའི་ཚོད་ལྟའི་ཞིང་ཁ་བསྐྲུན་ཏེ་ཁྱིམ་ཚང་འབྲོག་ར་18དང་། འབྲི་གཡག་རྒྱགས་གསོའི་མཉམ་ལས་ཁང་3འཕེལ་རྒྱས་གཏོང་རྒྱུར་རོགས་རམ་བྱས་པ་དང་། “རྩྭ་ར་ནང་བཤུག་དང་། འབྲི་གཡག་མ་འཇོག འབྲོག་པ་གླིང་ཁུལ་དུ་ཞུགས་པ”བཅས་ཀྱི་འཕེལ་རྒྱས་ཀྱི་བྱེད་ཐབས་གསར་པ་འཚོལ་ཞིབ་བྱས་པས་དྲ་ཐོག་དང་དྲ་གཤམ་ནས་བྲིན་ཚོང་བྱ་རྒྱུ་མངོན་འགྱུར་བྱུང་ཡོད། མིག་སྔའི་བར་ཚགས་ཤ་ཏུན་210བཙོངས་པའི་ཡོང་འབབ་སྒོར་ཁྲི་2100ལྷག་ཙམ་ཟིན་པ་དང་མང་ཚོགས་དུད་ཚང་2000ལྷག་ཙམ་ལ་ཕན་པ་ཐོབ་ཡོད། གནམ་མཚོ་ཕྱུག་མོ་སོགས་གཏེར་ཆུའི་སྤུས་རྟགས་རིན་གོང་སྔར་བས་འཕར་བ་དང་2019ལོར་འདམ་གཞུང་རྫོང་གིས་ཡུལ་སྐོར་བ་མི་ཐེངས་ཁྲི་62.6ལ་སྣེ་ལེན་ཞུས་པ་དང་། ཞིང་འབྲོག་མང་ཚོགས་216གི་ལས་ཞུགས་ལས་གཏོད་ལ་སྣེ་ཁྲིད་བྱས་ཡོད།

འཕྱོངས་རྒྱས་རྫོང་གིས་མང་ཚོཌ་ལ་ཞབས་འདེགས་ཞུ་བའི“མཐའ་མའི་འགག་གནད”ཀྱི་གནད་དོན་ཐག་གཅོད་བྱ་རྒྱུ་དེ་སྟོན་ཕྱོགས་སུ་བྱས་ཏེ། ཁྱོན་མ་དངུལ་སྒོར་ཁྲི་2700ལྷག་ཙམ་བཏང་ནས་མང་ཚོཌ་ཀྱི་འཐུང་ཆུ་དང་གློག་སོགས་ཀྱི་དོན་དངོས་194ཐག་གཅོད་བྱས་པ་དང་། ཡིག་བསྐུར་ངོ་བཅར་གྱི་གནད་དོན་34ཐག་གཅོད་བྱས་ཡོད། མང་ཚོགས་ཀྱི་དཀའ་གནད་དང་གནད་དོན་ཐག་གཅོད་བྱ་ཆེད། “དྲ་སྦྲེལ+”སྲིད་དོན་ཞབས་ཞུ་ཁྱད་གདལ་བཏང་ནས་དམངས་ཕན་ཞབས་ཞུའི་ལྟེ་གནས་བཙུགས་ཏེ། ཚན་པ་13གྱིས་གནད་དོན་2045བདག་སྤྲོད་བྱས་པར་བརྟེན། གནད་དོན་གསུམ་ཆ་གཅིག་དྲ་ཐོག་ནས་ཐག་གཅོད་བྱས་ཡོད། གྲོང་ཚོ་ལ་ལར་དགུན་དུས་ཆུ་དཀོན་པའི་གནད་དོན་ལ་དམིཌ་ནས་ཁྱོན་མ་དངུལ་སྒོར་ཁྲི་575བཏང་སྟེ། འཐུང་ཆུའི་གནས་24བསྐྲུན་ཡོད།

བཞད་མཐོང་སྨོན་རྫོང་གིས་ལས་ཞུགས་དེ་དམངས་འཚོའི་ལས་དོན་ཆེ་ཤོས་སུ་བརྩིས་ནས་སྲིད་གཞུང་ཞབས་ཞུས་མི་ཁག་གཅིག་ལས་ཞུགས་ཐུབ་པ་དང་། ཆ་སྒྲིག་རོགས་སྐྱོར་ གྱིས་མི་ཁག་གཅིག་ལས་ཞུགས་ཐུབ་པ། ཁེ་ལས་སུ་མི་ཁག་གཅིག་ལས་ཞུགས་ཐུབ་པ། ལས་གནས་འོས་སྦྱོར་ཁྲོད་མི་ཁག་གཅིག་ལས་ཞུགས་ཐུབ་པ། སྐྱོང་གསོའི་མཛུབ་ཁྲིད་ཁྲོད་མི་ཁག་གཅིག་ལས་ཞུགས་ཐུབ་པ”བཅས་ཀྱི“ཁག་གཅིག་བྱས་པ་ལྔ”ཡི་བྱེད་ཐབས་གསར་གཏོད་བྱས་ནས་མཐོ་སློབ་སློབ་ཐོན་སློབ་མའི་ལས་ཞུགས་ལས་དོན་ཧུར་ཐག་བསྒྲུབས་ཡོད། བུ་བཅོལ་ཁང་གི་དགེ་རྒན་དང་། ཉེན་རྟོག་པའི་ལས་རོགས་པ། ཁྲིམས་ཁང་གི་ཧྲུའུ་ཅི། སྨན་ཁང་གི་ནད་སྐྱོང་བ་སོགས་གཞི་རིམ་ཞབས་ཞུའི་ལས་གནས་གཏོད་པ་དང་སྲིད་ཇུས་སྒྲོག་འགྲེལ་གྱི་བཞུགས་མོལ་ཚོགས་འདུ་དང་ལས་གཏོད་རྩལ་ནུས་གསོ་སྦྱོང་གི་འཛིན་གྲྭ་གཉེར་བ་མ་ཟད། མཐོ་སློབ་སློབ་ཐོན་སློབ་མའི་རང་རྟོགས་ཀྱི་ནུས་པ་སྐོང་འཐེན་གང་ལེགས་བྱས་པ་དང་ལས་ཞུགས་ཆ་འཕྲིན་430ཙམ་མཁོ་འདོན་བྱས་ཏེ་སློབ་མ་200ལྷག་ཙམ་གྱི་ལས་ཞུགས་གནད་དོན་ཐག་གཅོད་བྱས་ཡོད།