《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2019年12月31日

རང་སྐྱོང་ལྗོངས་ཏང་ཨུད་སྐབས་དགུ་པའི་ཚང་འཛོམས་གྲོས་ཚོགས་ཐེངས་བདུན་པ་དང་ལྗོངས་ཏང་ཨུད་ཀྱི་དཔལ་འབྱོར་ལས་དོན་ཚོགས་འདུ་དེ་རང་ལྗོངས་ཀྱི་ལས་བྱེད་པ་དང་ལས་བཟོའི་ཁྲོད་ཚུར་སྣང་ལན་ཆ་དྲག་པོ་བྱུང་བ།

འདི་ག་ཚགས་པར་ཁང་དུ་ལྷ་ས་ནས་ཟླ་12ཚེས་29ཉིན་གནས་ཚུལ་འབྱོར་གསལ། ཟླ་12ཚེས་26དང་27ཉིན་རང་སྐྱོང་ལྗོངས་ཏང་ཨུད་སྐབས་དགུ་པའི་ཚང་འཛོམས་གྲོས་ཚོགས་ཐེངས་བདུན་པ་དང་ལྗོངས་ཏང་ཨུད་ཀྱི་དཔལ་འབྱོར་ལས་དོན་ཚོགས་འདུ་ལྷ་སར་འཚོགས་ཤིང་། ཚོགས་འདུའི་ཐོག་རང་ལྗོངས་ཀྱི་རྒྱ་ཆེའི་ལས་བྱེད་པ་དང་ལས་བཟོའི་ཁྲོད་གྲོས་བསྡུར་འཁྲུག་པོ་བྱས་ཏེ། ཚང་མས་སྒྱུར་བཅོས་གསར་གཏོད་དང་། འབད་འབུངས་ཡར་བརྩོན། སེམས་ཤུགས་གཅིག་སྒྲིལ། དངོས་འཛིན་དངོས་སྒྲུབ་བཅས་བྱས་ནས་རང་ལྗོངས་ཀྱི་འཕེལ་རྒྱས་མྱུར་པོ་དང་ཡུན་རིང་བདེ་འཁོད་ཆེད་སྟོབས་ཤུགས་ལེགས་སྐྱེས་འབུལ་རྒྱུ་ཡིན་ཞེས་བཤད།

ཆབ་མདོ་གྲོང་ཨུད་རྩ་འཛུགས་པུའི་ལས་བྱེད་པ་ཀྲའོ་ཅུན་ཧུའེ་ཡིས་སང་ལོ་ནི་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་པ་དང“ལོ་ལྔ་ཚན་བཅུ་གསུམ་པའི”འཆར་འགོད་ཀྱི་མཇུག་བསྡུའི་ལོ་ཡིན་ལ། ལོ་བརྒྱ་དང་པོའི་འབད་འཐབ་དམིགས་ཚད་མངོན་འགྱུར་དང“ལོ་ལྔ་ཚན་བཅུ་བཞི་པའི”འཕེལ་རྒྱས་དང་ལོ་བརྒྱ་གཉིས་པའི་འབད་འཐབ་དམིགས་ཚད་མངོན་འགྱུར་བྱ་ཆེད་རྨང་གཞི་ཡག་པོ་བཏིང་ཆེད། དཔལ་འབྱོར་ལས་དོན་ཡག་པོ་སྒྲུབ་རྒྱུ་ནི་ཧ་ཅང་གལ་འགངས་ཆེ་བ་ཞིག་རེད། གོམ་སྟབས་རྗེས་མར། ངས་ཚན་རིག་དང་མཐུན་པའི་རིགས་པའི་གཞུང་ལུགས་ཀྱིས་བསམ་བློར་དྲག་ཆས་སྤྲོས་པ་དང་། ལག་ལེན་ལ་མཛུབ་ཁྲིད་བྱེད་པ། ལས་དོན་ལ་སྐུལ་འདེད་གཏོང་བ་བཅས་ཀྱི་བྱང་ཚད་ནུས་པ་ཟམ་མི་ཆད་པར་ཟབ་ཏུ་བཏང་སྟེ། རང་འཁྲིའི་ལས་གནས་ལ་གཞི་ཚུགས་པ་དང་། ལས་དོན་ཧུར་ཐག་བསྒྲུབས་པ། ཏན་ཏན་ཏིག་ཏིག་བཅས་ཀྱི་སྒོ་ནས་ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་གྱི་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་གྱི་བོད་ཀྱི་ལེའུ་ཡག་པོ་རྩོམ་ཆེད་འབད་འཐབ་ལྷོད་མེད་བྱ་རྒྱུ་ཡིན་ཞེས་བཤད།

(པར་ངོས་གསུམ་པར་གཟིགས)

(པར་ངོས་དང་པོར་མཐུད)

གཞིས་རྩེ་གྲོང་ཨུད་རྩ་འཛུགས་པུའི་ལས་བྱེད་པ་ལི་ཁྲུན་ཡོན་གྱིས་དུས་རབས་གསར་པའི་ཏང་འཛུགས་སྐྱོང་གི་སྤྱིའི་བླང་བྱ་དང་དུས་རབས་གསར་པའི་ཏང་རྩ་འཛུགས་ཀྱི་ལམ་ཕྱོགས་ལག་བསྟར་ནན་ཏན་བྱས་ནས། “འདུ་ཤེས་བཞི”ཟབ་ཏུ་གཏོང་བ་དང་། “གདེང་ཚོད་བཞི”བརྟན་དུ་གཏོང་བ། “སྲུང་སྐྱོང་གཉིས”ཐུབ་པ་བཅས་བྱས་ཏེ། ལམ་ལུགས་ཀྱི་འདུ་ཤེས་ལ་ཤུགས་སྣོན་རྒྱག་པ་དང་ལམ་ལུགས་ཀྱི་དབང་གྲགས་སྲུང་སྐྱོང་གིས་ལམ་ལུགས་སྤྱད་ནས་ལས་སྒྲུབ་ལས་གཏོད་ལ་སྐུལ་འདེད་གཏོང་བའི་ནུས་པ་ཟམ་མི་ཆད་པར་ཆེ་རུ་བཏང་སྟེ། དུས་རབས་གསར་པར་བོད་འཕེལ་རྒྱས་མྱུར་པོ་དང་ཡུན་རིང་བདེ་འཁོད་ལ་སྐུལ་འདེད་གཏོང་ཆེད་སྟོབས་ཤུགས་སྐྱེས་སུ་འབུལ་རྒྱུ་ཡིན་ཞེས་བཤད།

ནག་ཆུ་གྲོང་ཁྱེར་ཤན་རྩ་རྫོང་ཨུད་རྩ་འཛུགས་པུའི་ལས་བྱེད་པ་དབྱང་ཁང་ཨན་གྱིས་གཞི་རིམ་རྩ་འཛུགས་ལས་དོན་གྱི་ལས་བྱེད་པ་ཞིག་ཡིན་པའི་ངོས་ནས། ངེས་པར་དུ་ཀྲུང་དབྱང་གི《གཏན་འབེབས》དང་ལྗོངས་ཏང་ཨུད་ཀྱི《ལག་བསྟར་བསམ་འཆར》སློབ་སྦྱོང་ལག་བསྟར་ནན་ཏན་བྱས་ཏེ། གཞི་རིམ་རྩ་འཛུགས་དང་། ལས་བྱེད་པ། ཤེས་ལྡན་མི་སྣ་སོགས་ཀྱི་ལས་དོན་ཁག་ལ་དམ་པོར་དམིགས་པ་དང་མི་དམངས་ལྟེ་བར་འཛིན་པའི་འཕེལ་རྒྱས་ཀྱི་བསམ་བློ་ལག་བསྟར་ཧུར་ཐག་བྱེད་པ་ཏང་གིས་ཏང་ལ་དོ་དམ་དང་ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་རྒྱུ་མཐའ་འཁྱོངས། ཏང་གིས་བོད་དུ་སྲིད་སྐྱོང་བའི་གནས་བབ་ཟམ་མི་ཆད་པར་བརྟན་དུ་གཏོང་བ་བཅས་བྱས་ཏེ་རླབས་ཆེན་བྱ་གཞག་ལ་སྐུལ་འདེད་གཏོང་ཆེད་ལེགས་སྐྱེས་འབུལ་རྒྱུ་ཡིན་ཞེས་བཤད་པ་རེད།