《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2019年12月27日

ཕོ་བྲང་པོ་ཏ་ལའི་རི་གཤམ་གྱི་ཡུལ་སྐོར་ཐོན་རྫས་ཚོང་ཁང་།

“དགུན་དུས་སུ་བོད་ལ་ཡུལ་སྐོར་བྱེད་པའི”ལས་དོན་སྤེལ་ཚུན། ཕོ་བྲང་པོ་ཏ་ལའི་རིག་གནས་བསམ་བཀོད་མྱོང་རོལ་ཁང་གི་རིག་གནས་བསམ་བཀོད་ཐོན་རྫས་བྲིན་ཁ་རྒྱུག་པ་དང་། འདི་ཉིད་ཕྱི་ཕྱོགས་ལ་བོད་ཀྱི་རིག་གནས་དྲིལ་བསྒྲགས་བྱེད་པའི་མིང་བྱང་ལྟ་བུར་འགྱུར་ཡོད། ཤེས་རྟོགས་བྱུང་བར་གཞིགས་ན། ཕོ་བྲང་པོ་ཏ་ལའི་རིག་གནས་བསམ་བཀོད་མྱོང་རོལ་ཁང་འདི་ལོའི་ཟླ་6པར་ཕྱི་ཕྱོགས་སུ་སྒོ་མོ་ཕྱེ་བ་དང་། རིག་གནས་བསམ་བཀོད་ཀྱི་ཐོན་རྫས་ལ་སྤོས་དང་། ཕྲེང་བ། ཡིག་ཆས་སོགས་སྣ་ཁ་300ལྷག་ཙམ་ཡོད་པ་དང་། ཟླ་བ་11པའི་ཟླ་མཇུག་བར་བྲིང་ཚོང་བསྡོམས་འབོར་སྒོར་ཁྲི་260ལས་བརྒལ་ཡོད།

པར་གོང་མ། ཡུལ་སྐོར་བས་ཕོ་བྲང་པོ་ཏ་ལའི་རིག་གནས་བསམ་བཀོད་མྱོང་རོལ་ཁང་ནས་ཚོང་ཟོག་འདེམས་བཞིན་པ།

པར་གཡོན་མ་ནི་ཕོ་བྲང་པོ་ཏ་ལའི་རིག་གནས་བསམ་བཀོད་མྱོང་རོལ་ཁང་ནང་གི་རིག་གནས་བསམ་བཀོད་ཀྱི་ཐོན་རྫས་ཁག་གཅིག་ཡིན་པ།