《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2019年12月27日

ཐོན་ལས་ལ་བརྟེན་ནས་དུད་ཚང་དབུལ་པོར་བདེ་སྐྱིད་བསྐྲུན་པ།

དབུལ་སྒྲོལ་འགག་སྒྲོལ་གྱི་དམག་འཐབ་བརྒྱབ་ཚུན་གཞིས་རྩེ་གྲོང་ཁྱེར་གྱིས་ཐོན་ལས་ལ་བརྟེན་ནས་དབུལ་སྐྱོར་བྱ་རྒྱུ་མཐའ་འཁྱོངས་བྱས་ཤིང་། མིག་སྔར་གཞིས་རྩེ་གྲོང་ཁྱེར་གྱིས་ཐོན་ལས་ལ་བརྟེན་ནས་དབུལ་སྐྱོར་བྱེད་པའི་རྣམ་གྲངས་ཁྱོན་287སྐྲུན་འགོ་ཚུགས་པ་དང་རྣམ་གྲངས་149ལེགས་གྲུབ་ཟིན་པར་ཁྱོན་མ་དངུལ་སྒོར་དུང་ཕྱུར་62.45བཏང་བ་དང་། མང་ཚོགས་དབུལ་པོ་ཁྲི་8ལྷག་ཙམ་ཐོན་ལས་ལ་ཞུགས་ནས་ཡོང་འབབ་བརྟན་པོ་བྱུང་བ་དང་མུ་མཐུད་ཕྱུག་འགྱུར་གྱི་ལམ་དུ་བསྐྱོད་པ་རེད། འདི་ནི་བཞད་མཐོང་སྨོན་རྫོང་ཇོ་མོ་གླང་མའི་མཐོང་སྨོན་སྐྱེ་དངོས་ཚན་རྩལ་དཔེ་སྟོན་ཁུལ་དུ་ལས་ཞུགས་ཐུབ་པའི་མང་ཚོགས་དབུལ་པོས་ཤིན་པའོ་ཤ་མོ་འཐུ་བཞིན་པ།