《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2019年12月27日

ངམ་རིང་རྫོང་གིས“གནད་འཁེལ་བཞི”ལ་བརྟེན་ནས།

བརྗོད་དོན་གཙོ་བོའི་སློབ་གསོ་ཚད་གཞི་མཐོ་པོས་འགོ་བཙུགས་ པ་དང་སྤུས་ཚད་མཐོ་པོས་སྐུལ་འདེད་བཏང་བ།

འདི་ག་ཚགས་པར་ཁང་དུ་གཞིས་རྩེ་ནས་གློག་འཕྲིན་འབྱོར་གསལ། “ཐོག་མའི་བསམ་འདུན་མ་བརྗེད་པར་འགན་འཁྲི་བློ་ལ་བརྟན་པོར་འཆང་བའི”བརྗོད་དོན་གཙོ་བོའི་སློབ་གསོ་ཁག་གཉིས་པ་སྤེལ་ཚུན། ངམ་རིང་རྫོང་གིས་བརྗོད་དོན་གཙོ་བོའི་གཙོ་རྐང་ལ་དམིཌ་པ་དང་རྫོང་ཡོངས་ཀྱི་དོན་དངོས་ལ་གཞི་ཚུགས་ཏེ་བརྗོད་དོན་གཙོ་བོའི་སློབ་གསོ་སྔོན་ལ་སྤེལ་ནས་བྱུང་བའི་ཉམས་མྱོང་དང་བྱ་ཐབས་ཡག་པོའི་རྨང་གཞིའི་ཐོག“གནད་འཁེལ་བཞི”མངོན་གསལ་དོད་པོ་ཡོང་བ་བྱས་ནས། དངོས་སྒྲུབ་ཀྱི་བྱ་ཐབས་བརྒྱུད་བརྗོད་དོན་གཙོ་བོའི་སློབ་གསོའི་འཕེལ་རིམ་བདེ་བླག་དང་གསོན་ཉམས་དོད་པོ་ཡོང་རྒྱུར་སྐུལ་འདེད་བཏང་ཡོད།

རྩ་འཛུགས་ཀྱི་འགོ་ཁྲིད་གནད་འཁེལ་ཡོང་རྒྱུར་དམ་འཛིན་བྱས་ཏེ་བརྗོད་དོན་གཙོ་བོའི་སློབ་གསོའི་གྲུབ་འབྲས་ལེགས་པོ་ཡོང་རྒྱུར་སྐུལ་འདེད་བཏང་ཞིང། བརྗོད་དོན་གཙོ་བོའི་སློབ་གསོ་སྤེལ་ཚུན། ངམ་རིང་རྫོང་ཨུད་ཀྱིས་སྔ་རྗེས་སུ་རྒྱུན་ལས་ཨུ་ལྷན་གྱི་ཚོགས་འདུ་ཐེངས་གསུམ་འཚོགས་པ་དང་དཔེ་ཀློག་འཛིན་གྲྭ་ཐེངས་4གཉེར་ནས་བརྗོད་དོན་གཙོ་བོའི་སློབ་གསོ་ངམ་རིང་རྫོང་དུ་ཡག་པོ་སྤེལ་རྒྱུར་སྐུལ་འདེད་བཏང་ཡོད། གཞན་ཡང་། རྫོང་ཨུད་ཀྱི་རྒྱུན་ཨུའི་ཚན་ཁག་གི་ཁོངས་མིས་ཙུའུ་ཀྲང་བྱས་པའི་སྐོར་སྐྱོད་མཛུབ་ཁྲིད་ཚོགས་ཆུང་9བཙུགས་ཏེ་རྫོང་ཡོངས་ཀྱི་རིམ་ཁག་ཏང་རྩ་འཛུགས་ལ་ཉུང་མཐར་ཡང་སྐོར་སྐྱོད་མཛུབ་ཁྲིད་ཐེངས་3བྱས་པ་དང་། བསམ་འཆར་དང་གྲོས་འགོ་སྣ་ཚོགས་ཁག་170ལྷག་ཙམ་བཏོན་ཡོད།

བསམ་བློའི་ངོས་འཛིན་གནད་འཁེལ་ཡོང་རྒྱུར་དམ་འཛིན་བྱས་ཏེ་གོ་བ་ལོན་པ་དང་། ཁོང་དུ་ཆུད་པ། དངོས་སུ་སྒྲུབ་པ་བཅས་ཐད་འབད་བརྩོན་བྱས་ནས་ཕན་འབྲས་ཐོབ་པར་བྱས་ཤིང་། ངམ་རིང་རྫོང་གིས་སྔ་རྗེས་སུ་དཔེ་ཀློག་འཛིན་གྲྭ་ཐེངས་930དང་། རིགས་པའི་གཞུང་ལུགས་སློབ་སྦྱོང་ལྟེ་བའི་ཚོཌ་ཆུང་གི་སློབ་སྦྱོང་ཐེངས་336 ཆེད་དོན་བགྲོ་གླེང་ཐེངས་500ལྷག་ཙམ། རིགས་གཅིག་མཁས་ཅན་གྱི་འཆད་ཁྲིད་ཐེངས་14བཅས་སྤེལ་བ་དང་། ཤེས་བྱ་འགྲན་བསྡུར་ཐེངས་76དང་གཏམ་བཤད་འགྲན་བསྡུར་ཐེངས་81བྱས་པ་རེད།

ཞིབ་བཤེར་གནད་འཁེལ་ཡོང་རྒྱུར་དམ་འཛིན་བྱས་ཏེ་རང་ངོས་གསར་བརྗེའི་སྙིང་སྟོབས་ཐོག་ནས་སྐྱོན་ཆ་གཙང་སེལ་བྱས་ཤིང་། རྫོང་དེས“མི་བྱེད་པ་བཞི་དང་ཐད་ཀར་གཉིས”ཀྱི་བྱེད་སྟངས་ཐོག་ནས་འཐབ་ཕྱོཌ་དང་པོར་བསྐྱོད་དེ་དྲང་གཏམ་ཉན་པ་དང་། དོན་དངོས་རྟོགས་པ། གནད་དོན་བཙལ་འཚོལ། སྐྱོན་ཆ་ཞིབ་བཤེར་བཅས་བྱས་ནས་སྤུས་ཚད་མཐོ་བའི་བརྟག་ཞིབ་སྙན་ཞུ་ཁག་300ལྷག་ཙམ་བྲིས་པ་དང་། བརྟག་ཞིབ་གྲུབ་འབྲས་སྤེལ་རེས་ཚོགས་འདུ་ཐེངས་100ལྷག་ཙམ་འཚོགས་པ། ཆེད་དོན་ཏང་གི་སློབ་ཚན་ཐེངས་337ཁྲིད་པ་བཅས་བརྒྱུད་རྫོང་ཡོངས་ཀྱི་གོང་འོག་ཚང་མར་བསམ་བློའི་གྲུབ་འབྲས་དང་། རིགས་པའི་གཞུང་ལུགས་ཀྱི་གྲུབ་འབྲས། ལག་ལེན་དངོས་ཀྱི་གྲུབ་འབྲས་མང་པོ་ཆཌ་པ་རེད།

དག་ཐེར་དོན་འཁྱོལ་གནད་འཁེལ་ཡོང་རྒྱུར་དམ་འཛིན་བྱས་ཏེ་ཕན་འབྲས་དངོས་ཀྱི་ཐོག་ནས་དམངས་སེམས་ཐོབ་པར་བྱས་ཤིང་། བརྗོད་དོན་གཙོ་བོའི་སློབ་གསོ་སྤེལ་རིང་། ངམ་རིང་རྫོང་གི་ཤང་དང་གྲོང་རྡལ་ཁག་དང་རྫོང་ཐད་གཏོགས་ཚན་པ་ཁག་གིས་གནད་དོན་144བཙལ་འཚོལ་བྱས་པ་དང་། དག་ཐེར་བྱེད་ཚད་100%ཟིན་ཡོད། གཞན་ཡང་སྒྲིག་སྲོལ་ལམ་སྲོལ་ཁག་191གསར་བཟོ་བྱས་པ་དང་། དམངས་ཆེད་བྱ་བ་དངོས་བསྒྲུབས་པ་དང་དཀའ་གནད་བསལ་བའི་གྲངས་ཚད་537ཟིན་པ། ཏང་ཡོན་དང་བླངས་ཞབས་ཞུའི་བྱེད་སྒོ་ཐེངས་427སྤེལ་བ་བཅས་བརྒྱུད་རྫོང་ཡོངས་ཀྱི་རྒྱ་ཆེའི་མང་ཚོགས་ཀྱི་བདེ་སྐྱིད་ཚོར་སེམས་དང་། ཐོབ་ཚོར། བདེ་འཇགས་ཚོར་སེམས་བཅས་ཆེ་རུ་བཏང་ཁར། ཏང་དང་སྲིད་གཞུང་གི་གཟུགས་བརྙན་བཟང་པོ་བཏོད་ཡོད།