《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2019年12月27日

གཞིས་རྩེ་གྲོང་ཁྱེར་གྱི།

“ཇོ་མོ་གླང་མ་བུམ་པའི”དགོད་བྲོའི་གཏམ་གླེང་དང་གཏམ་བརྗོད་ཟློས་གར་ཐུང་གྲས་ཀྱི་འགྲན་བསྡུར་མཇུག་འགྲིལ་བ།

འདི་ག་ཚགས་པར་ཁང་དུ་གཞིས་རྩེ་ནས་གློག་འཕྲིན་འབྱོར་གསལ། ཉིན་ཤས་གོང་། གཞིས་རྩེ་གྲོང་ཁྱེར་རིག་གནས་ཅུས་ཀྱིས་གཞིས་རྩེའི་ཟློས་གར་ཁང་དུ་གཉེར་བའི“ཇོ་མོ་གླང་མ་བུམ་པའི”དགོད་བྲོའི་གཏམ་གླེང་དང་གཏམ་བརྗོད་ཟློས་གར་ཐུང་གྲས་ཀྱི་འགྲན་བསྡུར་ཆེ་མོ་མཇུག་འགྲིལ་བ་རེད།

ཤེས་རྟོགས་བྱུང་བར་གཞིགས་ན། ད་ཐེངས་ཀྱི་འགྲན་བསྡུར་ཆེ་མོའི་རིང་། ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དབུ་བརྙེས་ནས་ལོ་ངོ་70འཁོར་བ་དང་བོད་ལ་དམངས་གཙོའི་བཅོས་སྒྱུར་བྱས་ནས་ལོ་ངོ་60འཁོར་བར་རྟེན་འབྲེལ་ཞུ་བ་དང་། “ཐོག་མའི་བསམ་འདུན་མ་བརྗེད་པར་འགན་འཁྲི་བློ་ལ་བརྟན་པོར་འཆང་བའི”བརྗོད་དོན་གཙོ་བོའི་སློབ་གསོ། དབུལ་སྒྲོལ་འགག་སྒྲོལ་དང་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་པར་རྒྱལ་ཁ་མཐའ་གཅིག་ཏུ་ལེན་པ། “སྣང་ཆེན་བཞི་དང་དགའ་ཞེན་བཞིའི”མང་ཚོགས་ཀྱི་སློབ་གསོ་ལག་ལེན་བྱེད་སྒོ། “གྲོང་དྲུག་མཉམ་གཏོད” གྲོང་གསེབ་དར་རྒྱས་སོགས་ཀྱི་བརྗོད་དོན་གཙོ་བོར་དམིགས་ནས། འདི་ལོའི་ཟླ་བདུན་པའི་ཚུན་དུ། གཞིས་རྩེ་གྲོང་ཁྱེར་གྱི་རྫོང་དང་ཆུས་ཁག་དང་གྲོང་ཁྱེར་མི་རིགས་སྒྱུ་རྩལ་ཚོགས་པས་གསར་རྩོམ་བྱས་པའི་དགོད་བྲོའི་གཏམ་གླེང་དང་གཏམ་བརྗོད་ཟློས་གར་ཐུང་གྲས་འཁྲབ་སྟོན་བྱས་པ་རེད།

(ཚེ་ཁོས་བསྒྱུར། བསོད་བདེས་ཞུས)