《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2019年12月27日

ཏང་འཛུགས་སྐྱོང་གིས་དབུལ་སྒྲོལ་འགག་སྒྲོལ་ལ་སྐུལ་འདེད་བཏང་བ།

—— གཞིས་རྩེ་གྲོང་ཨུད་རྩ་འཛུགས་པུས་ཏང་འཛུགས་སྐྱོང་ལ་བརྟེན་ནས་དབུལ་སྒྲོལ་འགག་སྒྲོལ་ལ་སྐུལ་འདེད་བཏང་བའི་སྐོར་བཀོད་པ།

བསམ་བློའི་སྣེ་ཁྲིད་ལ་ཤུགས་སྣོན་གྱིས་དབུལ་སྒྲོལ་གྱི་ངར་ཤུགས་ཆེ་རུ་བཏང་བ།

དབུལ་སྒྲོལ་འགག་སྒྲོལ་གྱི་འཐབ་ས་མདུན་མར་ཏང་དར་ལྷབ་ལྷུབ་ཏུ་གཡོ། འདི་ལོ་ཚུན་དུ། གཞིས་རྩེ་གྲོང་ཨུད་རྩ་འཛུགས་པུས“ཐོག་མའི་བསམ་འདུན་མ་བརྗེད་པར་འགན་འཁྲི་བློ་ལ་བརྟན་པོར་འཆང་བའི”བརྗོད་དོན་གཙོ་བོའི་སློབ་གསོ་གོ་སྐབས་སུ་བྱས་ཏེ་ཏང་འཛུགས་སྐྱོང་ལ་དམ་འཛིན་གྱིས་དབུལ་སྒྲོལ་འགག་སྒྲོལ་ལ་སྐུལ་འདེད་གཏོང་རྒྱུ་དེ་ཆབ་སྲིད་ཀྱི་ལས་འགན་གལ་ཆེན་དང་དམངས་འཚོའི་འདུ་འགོད་ཨང་དང་པོར་བརྩིས་ནས་ཏང་གི་ཆབ་སྲིད་ཀྱི་ལེགས་ཆ་དང་། རྩ་འཛུགས་ཀྱི་ལེགས་ཆ། མང་ཚོགས་དང་འབྲེལ་བ་དམ་ཟབ་བྱེད་པའི་ལེཌ་ཆ་བཅས་འདོན་སྤེལ་གང་ལེགས་བྱས་པ་དང་། ཏང་འཛུགས་སྐྱོང་ལས་དོན་དང་དབུལ་སྒྲོལ་འགག་སྒྲོལ་གཉིས་དུས་གཅིག་ཏུ་སྤེལ་ཞིང་། ཕན་ཚུན་སྐུལ་འདེད་བཏང་བ་བརྒྱུད་གཉེས་ཁེ་ཡོང་བར་བྱས་པས་གཞིས་རྩེ་གྲོང་ཁྱེར་གྱིས་དབུལ་སྒྲོལ་འགག་སྒྲོལ་གྱི་དམག་འཐབ་ལ་རྒྱལ་ཁ་ལེན་པའི་སྟོབས་ཤུགས་ཆེན་པོ་གཅིག་ཏུ་བསྒྲིལ་ཡོད།

བསམ་བློ་ནི་བྱ་སྤྱོད་ལེགས་པར་སྤེལ་བའི་སྔོན་འགྲོ་ཡིན། གཞིས་རྩེ་གྲོང་ཨུད་རྩ་འཛུགས་པུས་དབུལ་སྐྱོར་དང་བློ་སྐྱོར་རིག་སྐྱོར་ཟུང་འབྲེལ་དམ་ཟབ་བྱས་ཏེ་ཏང་ཡོན་ལས་བྱེད་པ་དང་མང་ཚོགས་ལ་རིགས་པའི་གཞུང་ལུགས་སློབ་སྦྱོང་དང་། དད་སེམས་བརྟན་དུ་གཏོང་རྒྱུའི་སློབ་གསོ་ཁྲིད་སྟོན་བྱས་པས། ཏང་ཡོན་ལས་བྱེད་པ་དང་མང་ཚོགས་ཀྱི་དབུལ་ཕོངས་ལས་སྒྲོལ་བའི་ངར་ཤུགས་ནུས་ལྡན་ངང་འཕེལ་ཡོད་པ་རེད།

ཏང་ཡོན་གྱི་སློབ་གསོར་དམ་འཛིན་ནན་པོ་བྱས་ནས་བསམ་བློའི་འགོག་རྐྱེན་བསལ་ཞིང་། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་སློབ་སྦྱོང་དང་ལག་བསྟར་བྱེད་པའི་གཙོ་རྐང་དེར་དམ་པོར་དམིགས་ནས“ཐོག་མའི་བསམ་འདུན་མ་བརྗེད་པར་འགན་འཁྲི་བློ་ལ་བརྟན་པོར་འཆང་བའི”བརྗོད་དོན་གཙོ་བོའི་སློབ་གསོ་དང་། “སློབ་སྦྱོང་ལ་སྣང་ཆེན་དང་། ལྷག་བསམ་རྣམ་དག་ལ་སྣང་ཆེན། སྒྲིག་ལམ་ནན་དུ་གཏོང་བ། སྤྱོད་ཚུལ་ལེགས་སུ་གཏོང་བ། ཕན་ནུས་ཆེ་རུ་གཏོང་བའི”བརྗོད་དོན་གཙོ་བོའི་བྱེད་སྒོ་སོཌ་ཏན་ཏིག་སྤེལ་ཁར། རྫོང་ཆུས་18ལ་ཀྲི་པུའི་བརྗོད་དོན་གཙོ་བོའི་ཏང་གི་ཉིན་མོ་དང་། “ཚོགས་འདུ་གསུམ་དང་སློབ་ཚན་གཅིག”གི་ལམ་ལུགས་དོན་འཁྱོལ་བྱ་རྒྱུར་མཛུབ་ཁྲིད་བྱས་པ་དང་། རྒྱུན་རྣམ་དང་ཕུགས་ཕན་གྱི་སྒོ་ནས་ཏང་ཡོན་དང་བླངས་ཞབས་ཞུའི་བྱེད་སྒོར་སྐུལ་འདེད་བཏང་ནས“དབུལ་སྒྲོལ་འགག་སྒྲོལ་གྱི་དམག་འཐབ་ལ་རྒྱལ་ཁ་མཐའ་གཅིག་ཏུ་ལེན་པ་དང་། ཞི་མཐུན་དང་། ཤེས་དཔལ། བདེ་སྐྱིད། མཛེས་སྡུག་བཅས་ལྡན་པའི་གཞིས་རྩེ་ཐུན་མོང་ཐོག་སྐྲུན་པའི”བསམ་བློའི་ངོས་འཛིན་གཅིག་ཏུ་བསྒྲིལ་ཡོད།

དཔུང་ཁག་སྟོབས་ཆེར་བཏང་ནས་དབུལ་སྒྲོལ་འགག་སྒྲོལ་ལ་སྐུལ་འདེད་བཏང་བ།

དབུལ་སྒྲོལ་འགག་སྒྲོལ་གྱི་དམག་འཐབ་ལ་རྒྱལ་ཁ་ལེན་པའི་འགག་རྩ་ནི་ཏང་དང་རིམ་ཁག་ལས་བྱེད་པར་ཐུག་ཡོད། གཞིས་རྩེ་གྲོང་ཨུད་རྩ་འཛུགས་པུས“དབུལ་པོ་ལས་མ་སྒྲོལ་གོང་དང་དབུལ་ཞྭ་མ་ཕུད་གོང་དུ་ལས་གནས་མི་སྒྱུར་བའི”སྒྲིག་ཁྲིམས་ཀྱི་བླང་བྱ་ལག་བསྟར་ནན་པོ་བྱས་ཏེ། རྫོང་ཆུས་18དང་ཤང་གྲོང་རྡལ་204ཡི་ཏང་སྲིད་ཀྱི་ལས་འགན་གཙོ་བོ་འཁུར་མཁན་སྤྱི་ཆ་ནས་མི་འགྱུར་བ་བྱས་པའི་རྨང་གཞིའི་ཐོག གཞི་རིམ་རྩ་འཛུགས་ལ་སྟོབས་ཤུགས་ཧྲག་འདེམས་བྱས་ཏེ། དབུལ་སྐྱོར་ལས་བྱེད་པའི་དཔུང་ཁག་སྟོབས་ཆེར་བཏང་ནས་ནུས་ཤུགས་ཡོད་རྒུས་དབུལ་སྒྲོལ་འགག་སྒྲོལ་གྱི་དམག་འཐབ་ལ་རྒྱལ་ཁ་བླངས་ཡོད།

གྲོང་ཚོའི“ཨུ་ལྷན་གཉིས”ཀྱི་ཚན་ཁག་སྟོབས་ཆེན་བསྐྲུན་ནས་དབུལ་སྒྲོལ་འགག་སྒྲོལ་གྱི“མཁར་རྫོང”བརྟན་པོ་བསྐྲུན་ཞིང་། 2016ལོ་ནས་བཟུང་། གཞིས་རྩེ་གྲོང་ཁྱེར་གྱིས་གྲོང་ཚོ་ཡོངས་སུ་ཁག་གཉིས་ལ་ཕྱེ་ནས་ཀྲི་པུའི་ཧྲུའུ་ཅི་ཨང་དང་པོ་3346གནད་སྨིན་འདེམས་གཏོང་བྱས་པ་དང་ཆབས་ཅིག 2017ལོར་ལས་བྱེད་པ་169གྲོང་ཚོར(གྲོང་ལྷན)ལས་འགན་འཁུར་བར་བཏང་བ་དང་། 2019ལོར་རྫོང་དང་ཤང་གི་ལས་ཁུངས་ནས་ཕུལ་བྱུང་གི་གཞོན་ནུ་ལས་བྱེད་པ་105ནུས་མེད་ཟབ་ཟོབ་དང་། ཤིན་ཏུ་དབུལ་བ། མཐའ་མཚམས་ཀྱི་གནས་ཚུལ་རྙོག་འཛིང་ཆེ་བ་བཅས་ཀྱི་རིགས་གསུམ་པའི་གྲོང་ཚོར(གྲོང་ལྷན)ཏང་ཀྲི་པུའི་ཧྲུའུ་ཅི་བྱེད་པར་བཏང་བས་གཞི་རིམ་གྱི་དབུལ་སྐྱོར་སྟོབས་ཤུགས་མངོན་གསལ་དོད་པོས་སྟོབས་ཆེར་སོང་བ་རེད།

ལས་གཏོད་ཕྱུག་འགྱུར་པའི་དཔུང་ཁག་སྟོབས་ཆེར་བཏང་ནས་དབུལ་སྒྲོལ་འགག་སྒྲོལ་གྱི“སྣེ་ཁྲིད་དམག”ཡག་པོ་སྤྱད་ཅིང་། ཏང་ཡོན་གྱི་ཕྱུག་འགྱུར་འཇོན་ཐང་ཅན་གྱི་ཆ་འཕྲིན་མཛོད་བཙུགས་པ་དང་། མིག་སྔར་གྲོང་ཚོ(གྲོང་ལྷན)རེར་ཤུགས་རྐྱེན་ཆེ་བའི་ཏང་ཡོན་གྱི་ཕྱུག་འགྱུར་སྣེ་ཁྲིད་པ་2ནས་3བར་ཡོད།

གཞི་རིམ་གྱི་རྨང་གཞི་བརྟན་དུ་བཏང་སྟེ་དམག་འཐབ་མཁར་རྫོང་བརྟན་པོ་བསྐྲུན་པ།

དབུལ་སྒྲོལ་འགག་སྒྲོལ་གྱི་ལས་དོན་སྤེལ་ཚུན། གཞིས་རྩེ་གྲོང་ཨུད་རྩ་འཛུགས་པུས་གཞི་རིམ་ཏང་རྩ་འཛུགས་ཀྱི་གོང་བུ་འགྲིལ་ཤུཌ་དང་འཐབ་ནུས་ཆེ་རུ་གཏོང་རྒྱུ་དམིཌ་ཚད་དུ་བྱས་ཏེ་ཏང་གི་བཀའ་ལ་ཉན་པ་དང་། ཏང་གི་རྗེས་སུ་འབྲང་བ། མཐུན་སྒྲིལ་ལ་མཁས་པ། འཕེལ་རྒྱས་གཏོང་ཤེས་པ། ཕྱུག་པོ་ཆཌ་ཐུབ་པ། བརྟན་ལྷིང་སྲུང་སྐྱོང་ཐུབ་པ། གནད་དོན་འཕྲད་སྐབས་མགོ་མི་རྨོངས་པ། འགག་རྩའི་དུས་སུ་ནུས་པ་ཐོན་ཐུབ་པ་བཅས་ཀྱི་དམག་འཐབ་མཁར་རྫོང་བརྟན་པོ་ཞིག་བསྐྲུན་རྒྱུར་ཤུགས་བརྒྱབ་པ་རེད།

2016ལོ་ནས་བཟུང་། གཞིས་རྩེ་གྲོང་ཨུད་རྩ་འཛུགས་པུས་ནུས་མེད་ཟབ་ཟོབ་ཀྱི་ཏང་རྩ་འཛུགས་བཅོས་སྒྲིག་བྱ་རྒྱུ་དེ་དབུལ་སྒྲོལ་འགག་སྒྲོལ་ལ་རྒྱལ་ཁ་ལེན་པའི་དམ་འཛིན་བྱ་གཞི་གལ་ཆེན་ཞིག་ཏུ་བརྩིས་ཏེ། གནད་དོན་གྱི་ཞན་ཆར་དམིགས་ནས་ཚན་ཁག་གི་འགན་ཁུར་མི་ཐུབ་པ་དང་། ཚད་གཞི་མི་ལོན་པ། ཕྱུག་འགྱུར་སྣེ་ཁྲིད་ཀྱི་ནུས་པ་མི་འདང་བ། ལས་ཀ་སྤེལ་འགོར་བ་བཅས་ཀྱི་གྲོང་ཚོའི(ཨུ་ལྷན)ཏང་རྩ་འཛུགས་ལ་གྲལ་བཤེར་གསེད་བཀྲོལ་བྱས་པ་དང་། སྔ་རྗེས་སུ་ནུས་མེད་ཟབ་ཟོབ་ཀྱི་བཅོས་སྒྲིག་ཇུས་གཞི་523བཟོས་ཏེ། རྫོང་ཆུས་ཨུད་ཀྱི་ཧྲུའུ་ཅི་16དང་རྒྱུན་ཨུའི་ཚན་ཁག་གི་ཁོངས་མི་112ཀྱིས་གནས་གཏན་འཁེལ་ངང་ནུས་མེད་ཟབ་ཟོབ་ཀྱི་གྲོང་ཚོར(ཨུ་ལྷན)བཅོས་སྒྲིག་བྱས་ཡོད། 2019ལོའི་ལོ་མཇུག་ཏུ་ནུས་མེད་ཟབ་ཟོབ་ཀྱི་གྲོང་ཚོ་རིམ་པའི་ཏང་རྩ་འཛུཌ་108ལ་ལྡོག་བཤེར་བྱས་པས་མིག་སྔར་གཞི་རྩའི་ཆ་ནས་བཅོས་སྒྲིག་ཐུབ་ཡོད།