《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2019年12月27日

ཐོན་ཁུངས་བསྡུ་སྒྲིལ་བྱས་ཏེ་རྒན་གསོའི་སྒྲིག་གཞི་འཕེལ་རྒྱས་ལ་རམ་འདེགས་བྱེད་དགོས།

ཧྲི་ཅིན་རུའུ།

རྒྱ་ཆེ་བའི་བསྙེན་བཀུར་ཞབས་ཞུ་ལྟེ་གནས་ལ་མི་ཤུགས་དང་དངོས་ཤུགས་འབོར་ཆེན་བཏང་ནས་རྒྱུན་གཏན་གྱི་འཁོར་རྒྱུག་འགན་ལེན་བྱེད་དགོས་པ་དང་། རྒན་རྒོན་ལ་གཡོག་བྱེད་བྱེད་པར་ཆེད་ལས་ཀྱི་ཤེས་ལྡན་པ་དེ་བས་མང་པོ་དགོས་པ་མ་ཟད། འཕྲོད་བསྟེན་གཙང་སྦྲའི་མི་སྣ་དེ་བས་མང་པོ་དགོས་པ་སོགས་ནི་མིག་སྔར་ཉིང་ཁྲི་གྲོང་ཁྱེར་གྱི་དམིཌ་བསལ་དཀའ་ངལ་ཡོད་མཁན་གྱི་རྒན་གསོའི་ཞབས་ཞུའི་སྒྲིག་གཞི་ཁག་གཅིག་གིས་འཕྲལ་མར་ཐག་གཅོད་བྱེད་དགོས་པའི་གནད་དོན་ཞིག་རེད།

དམིགས་བསལ་དཀའ་ངལ་ཡོད་པའི་རྒན་གསོའི་ལས་རིགས་ལ་ཆེད་ལས་ཤེས་ལྡན་པ་མི་འདང་བ་དང་། ཞབས་ཞུའི་མི་སྣ་ཁ་ཐང་བ་སོགས་ཀྱི་གནད་དོན་ལ་དམིགས་ཏེ་སྨྱུག་འཛིན་པའི་ངོས་འཛིན་ལྟར་ན། མ་དངུལ་གཏོང་ཤུགས་ཆེ་རུ་དང་། ལས་དོན་མི་སྣའི་ཐོབ་ཐང་དང་ཕན་བདེ་མང་དུ་བཏང་ནས་ཆེད་ལས་ཤེས་ལྡན་པ་དང་ཞབས་ཞུའི་དཔུང་ཁག་དེ་བས་མང་བའི་ཡིད་དབང་བཀུག་སྟེ། རྒན་རྒོན་ཚོའི་འཚོ་བར་ལྟ་རྟོག་དང་སེམས་གསོ་གཏོང་རོགས་བྱེད་དགོས། ལྷག་པར་དུ་འབྲེལ་ཡོད་མི་སྣའི་གསོ་སྦྱོང་ལ་ཤུགས་སྣོན་དང་། རྒན་རྒོན་གྱི་རྒྱུན་མཐོང་ནད་གཞིའི་སྨན་བཅོས་ཤེས་བྱ་དང་རྒན་རྒོན་དང་འབྲེལ་བའི་གཡོག་བྱེད་ལག་རྩལ་ཤེས་པ། རྒན་གསོའི་ཞབས་ཞུའི་ལས་རིགས་ཀྱི་ཤེས་ལྡན་པའི་དཔུང་ཁག་ཆེད་ལས་ཅན་ལ་སྐུལ་འདེད་གཏོང་བ། མི་ཤུགས་འགན་ལེན་ཆ་ཚང་བའི་ཞབས་ཞུའི་དཔུང་ཁག་འཛུགས་པ་བཅས་བྱས་ཏེ། དམིགས་བསལ་དཀའ་ངལ་ཡོད་མཁན་གྱི་རྒན་གསོའི་བྱ་གཞག་འཕེལ་རྒྱས་ལ་སྔར་བས་སྐུལ་འདེད་གཏོང་དགོས།

འཐུས་སྒོ་ཚང་བའི་ལྟ་སྐུལ་ལམ་སྲོལ་འཛུགས་དགོས། བསྙེན་བཀུར་སྒྲིག་གཞིས་ལས་དོན་མི་སྣའི་བསམ་བློའི་སློབ་གསོར་ཤུགས་སྣོན་དང་། རང་འཁྲིའི་ལས་ཀ་ཡག་པོ་སྒྲུབ་པའི་འགན་འཁྲིའི་བསམ་པ་དང་ལས་འགན་སྒྲུབ་སེམས་སྔར་བས་ཆེ་རུ་གཏོང་བ། སྤྱི་ཚོགས་ལས་རིགས་ཁག་གི་ལྟ་སྐུལ་རང་འགུལ་ངང་དང་ལེན་བྱེད་པ། ལས་རིགས་ཁག་གི་མི་སྣས་བསྙེན་བཀུར་སྒྲིག་གཞིའི་ལས་ཀར་བཏོན་པའི་བསམ་འཆར་དང་གྲོས་འགོ་ནན་ཏན་ངང་ཉན་པ། དུས་ཐོག་ཏུ་འབྲེལ་ཡོད་སྡེ་ཚན་ལ་ལས་ཀའི་འཕེལ་རིམ་སྙན་སེང་ཞུ་བ། རང་འགུལ་ངང་སྨྱན་སྦྱོར་གྱི་ལྟ་སྐུལ་དང་ལེན་བྱེད་པ། རྒན་རྒོན་གྱི་རེ་བ་དུས་ཐོག་ཏུ་ཉན་པ། རྒན་རྒོན་གྱིས་བཏོན་པའི་འབྲེལ་ཡོད་གནད་དོན་ཐག་གཅོད་འོས་འཚམ་བྱེད་པ་བཅས་བརྒྱུད། དམིགས་བསལ་དཀའ་ངལ་ཡོད་མཁན་གྱི་བསྙེན་བཀུར་སྒྲིག་གཞི་ཁ་གསལ་བའི་ལམ་ལུཌ་འོག འགན་ནུས་སྒྲུབ་ཐུབ་པ་དང་རྒན་རྒོན་བློ་བདེ་པོ་དང་མང་ཚོགས་བློ་བདེ་པོ་ཡོང་བ་བྱེད་དགོས།

བསྙེན་བཀུར་སྒྲིག་གཞི་སྐྱོན་བྲལ་དང་འཐུས་ཚང་ངང་འཕེལ་རྒྱས་འགྲོ་བར་སྤྱི་ཚོགས་ཡོངས་ཀྱིས་ཐུན་མོང་ཐོག་འབད་བརྩོན་བྱེད་དགོས། རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་བྱེད་པར་ནོར་སྲིད་ཀྱི་རྒྱབ་སྐྱོར་དང་ཁ་འབྲལ་ཐབས་མེད་ལ། རྒན་རྒོན་གྱི་རྒྱུན་གཏན་འཚོ་བ་ནི་ལས་དོན་མི་སྣའི་ཞབས་ཞུ་དང་ཁ་འབྲལ་ཐབས་མེད། དེ་བཞིན་ཕན་ཚུན་འབྲེལ་འདྲིས་ཀྱི་སྤྲོ་གསེང་བྱེད་སྒོ་སྤེལ་བར་ལས་རིགས་ཁག་གི་དོ་ཁུར་དང་ཁ་འབྲལ་ཐབས་མེད། བསྙེན་བཀུར་སྒྲིག་གཞིས་རྒན་རྒོན་ཚོར་གར་སྟེགས་དེ་བས་ཆེ་བ་གཏོད་པ་དང་རིག་གནས་དང་རོལ་རྩེད་བྱེད་སྒོ་དེ་བས་མང་བ་སྒྲིག་འཛུགས་བྱེད་དགོས་ལ། རྒན་རྒོན་ལ་སློབ་གསོ་རྒྱག་པར་བློ་བག་ཡངས་པོ་དང་ངང་རྒྱུད་རིང་པོ་དགོས་པ་མ་ཟད། བྱེད་སྒོ་ཁག་ལ་རང་འགུལ་ངང་ཞུགས་དགོས། དེ་དང་དུས་མཚུངས་སྤྱི་དམངས་ཚོ་རྒན་གསོའི་ཞབས་ཞུའི་འོས་འགན་དཔུང་ཁག་ནང་ཞུགས་རྒྱུར་ལྕག་སྐུལ་བྱེད་པ་དང་རྒན་རྒོན་ཚོ་དང་འབྲེལ་གཏུག་དང་སྤེལ་རེས་མང་ཙམ་བྱེད་པ་མ་ཟད། རྒན་རྒོན་ཚོར་དོ་ཁུར་དེ་བས་མང་བ་བྱེད་པ་དང་སྤྲོ་སྣང་དེ་བས་མང་བ་སྦྱིན་དགོས།