《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2019年12月27日

དམག་ཞབས་ཐིམ་པའི་དམག་མའི་ཞབས་ཞུའི་ ལས་དོན་ཡག་པོ་སྒྲུབ་པ།

ལྷ་ས་གྲོང་ཁྱེར་གྱི་རང་བརྟེན་ལས་འདེམས་དམག་དཔུང་གི་ལས་སྒྱུར་ལས་བྱེད་པའི་ཁྲེང་ཏུའི་ཏང་ཀྲི་པུས་ཐོག་མའི་བསམ་འདུན་མ་བརྗེད་པར།

འདི་ག་ཚགས་པར་ཁང་དུ་ལྷ་ས་ནས་གནས་ཚུལ་འབྱོར་གསལ། ལྷ་ས་གྲོང་ཁྱེར་གྱི་རང་བརྟེན་ལས་འདེམས་དམག་དཔུང་གི་ལས་ ར་ལས་བྱེད་པའི་ཁྲེང་ཏུའི་ཏང་ཀྲི་པུས་རང་ངོས་ཀྱི་དོན་དངོས་དང་ཏང་ཡོན་གྱི་ཚད་མཐོའི་ཁ་ཐོར་གྱི་ཁྱད་ཆོས་དང་ཟུང་འབྲེལ་བྱས་ནས་ཏང་གི་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་བྱ་རྒྱུའི་ལས་དོན་ད་ལྟར་སྤེལ་བཞིན་པའི“ཐོག་མའི་བསམ་འདུན་མ་བརྗེད་པར་འགན་འཁྲི་བློ་ལ་བརྟན་པོར་འཆང་བའི”བརྗོད་དོན་གཙོ་བོའི་སློབ་གསོའི་ཁྲོད་མཉམ་འདྲེས་བྱས་ཏེ་ཏང་ཡོན་ཡོངས་ལ་ཁྱབ་པར་བྱས་པ་དང་། རྒྱ་ཆེའི་ཏང་ཡོན་གྱིས་ལྷག་བསམ་ཟོལ་མེད་དང་། སྤྱོད་གཙང་། འགན་འཁྲི་འཁུར་བ་བཅས་ཀྱི་བོད་ཀྱི་དམག་ཞབས་ཐིམ་པའི་དམག་མི་ཞིག་ཏུ་བརྩོན་ལེན་བྱ་རྒྱུར་སློབ་གསོ་བརྒྱབ་པ་དང་ཁྲིད་སྟོན་བྱས་པར་ཕན་འབྲས་བཟང་པོ་ཐོན་པ་རེད།