《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2019年12月27日

མཚོ་ཆེན་རྫོང་ཟླ་གཞུང་ཤང་སྤན་ཁྲ་གྲོང་ཚོར་བཅའ་སྡོད་ལས་དོན་རུ་ཁག་གིས།

“བྱ་ཐབས་གསུམ”སྤྱད་ནས་མང་ཚོགས་ལ་ བྱ་བ་དངོས་བསྒྲུབས་པ།

འདི་ག་ཚགས་པར་ཁང་དུ་ལྷ་ས་ནས་གནས་ཚུལ་འབྱོར་གསལ། གྲོང་ཚོར་བཅའ་སྡོད་ཁག་བརྒྱད་པའི་ལས་དོན་སྤེལ་འགོ་བཙུགས་ཚུན། མངའ་རིས་ས་ཁུལ་མཚོ་ཆེན་རྫོང་ཟླ་གཞུང་ཤང་སྤན་ཁྲ་གྲོང་ཚོར་བཅའ་སྡོད་ལས་དོན་རུ་ཁག་གིས་དུས་རབས་གསར་པའི་ལས་བྱེད་པ་གྲོང་སྡོད་ཀྱི་ལས་འགན་གཙོ་བོར་དམ་པོར་དམིགས་ཁར། “ཐོག་མའི་བསམ་འདུན་མ་བརྗེད་པར་འགན་འཁྲི་བློ་ལ་བརྟན་པོར་འཆང་བའི”བརྗོད་དོན་གཙོ་བོའི་སློབ་གསོ་དང་ཟུང་འབྲེལ་བྱས་ཏེ། རྨང་བརྟན་དམངས་ཕན་གྱི་ལས་དོན་ཁག་ཏན་ཏིག་ནུས་ལྡན་ངང་སྤེལ་བས། སྤན་ཁྲ་གྲོང་ཚོའི་ཏང་ཡོན་དང་། ལས་བྱེད་པ། མང་ཚོགས་བཅས་ཀྱི་བསྔགས་བརྗོད་རྒྱ་ཁྱབ་ཏུ་ཐོབ་པ་རེད།

བརྟག་ཞིབ་མཛུབ་ཁྲིད་ལ་ཤུགས་སྣོན་བརྒྱབ་ནས་ཕྱུགས་འགྱུར་ལམ་བུ་ཡངས་སུ་བཏང་བ། བཅའ་སྡོད་བྱེད་འགོ་བཙུགས་ཚུན། གྲོང་སྡོད་ལས་དོན་རུ་ཁག་གིས་གྲོང་སྡོད་ལས་དོན་དང་དབུལ་སྒྲོལ་འགག་སྒྲོལ་སྦྲེལ་མཐུད་དམ་ཟབ་བྱས་ཏེ། སྤན་ཁྲ་གྲོང་ཚོའི་དུད་ཚང་དབུལ་པོ་154ལ་འདྲི་རྟོགས་དང་བརྟག་ཞིབ་བྱེད་པར་བསྐྱོད་ནས་དབུལ་པོ་ཆགས་རྐྱེན་དང་དེ་བཞིན་དབུལ་སྒྲོལ་གྱི་བསམ་འདུན་མཐིལ་རྟོགས་བྱས་པ་དང་། རོགས་སྐྱོར་བྱེད་ཕྱོགས་གནད་ལ་འཁེལ་པོས་བཙལ་བ། གྲོང་ཚོ“ཨུ་ལྷན་གཉིས”ཀྱི་ཚན་ཁག་དང་མཉམ་དུ་ཞིབ་འཇུག་གཏིང་ཟབ་བྱས་པ། དངུལ་སྒོར་ཁྲི་150ལྷག་ཙམ་བརྩོན་ལེན་བྱས་ནས་སྤན་ཁྲ་གྲོང་ཚོའི་བྱེ་རྡོ་ར་བའི་རྣམ་གྲངས་གཉེར་བ་དང་དངུལ་སྒོར་ཁྲི་78བརྩོན་ལེན་བྱས་ནས་ཁུ་ལུ་ལས་སྣོན་རྣམ་གྲངས་གཉེར་བ། ཡིག་ཚགས་དང་གཱ་བཟོས་པའི་དུད་ཚང་དབུལ་པོ་15ཡི་ཁང་པ་ཉམས་གསོ་བྱས་པ། དངུལ་སྒོར་ཁྲི་300བརྩོན་ལེན་བྱས་ནས་གྲོང་ཚོ་རིམ་པའི་གཞུང་ལམ་ཉམས་གསོ་བྱས་ཡོད།

སྟབས་བསྟུན་གྱིས་སྲིད་ཇུས་སྒྲོག་འགྲེལ་བྱས་ཏེ་གསར་གཏོད་ཀྱི་གསོན་ཤུགས་ཆེ་རུ་བཏང་བ། གྲོང་སྡོད་ལས་དོན་རུ་ཁག་གིས་དྲིལ་བསྒྲགས་སློབ་གསོ་དེ་གྲོང་སྡོད་ལས་དོན་གྱི་ལས་འགན་གཙོ་བོར་བརྩིས་ཏེ། ཞིང་ནང་དང་། མུ་ཁ། འབྲོག་ར་སོགས་སུ་སྒྲོག་འགྲེལ་དུ་བསྐྱོད་ཅིང་། ཁོང་ཚོས་མང་ཚོགས་ལ་གོ་བདེ་ཤེས་སླའི་ཡུལ་སྐད་ནས་ཏང་གི་དམངས་ཕན་སྲིད་ཇུས་དང་དེ་བཞིན་ནག་སེལ་གཤེད་བཅོམ་གྱི་འབྲེལ་ཡོད་ཤེས་བྱ་སོགས་གསལ་འགྲེལ་ཡང་དག་པ་བྱས་ཡོད།

ཞབས་ཞུའི་ནུས་པ་ཆེ་རུ་བཏང་ནས་གྲོང་སྡོད་ལེགས་ཆ་འདོན་སྤེལ་བྱས་པ། གྲོང་སྡོད་ལས་དོན་རུ་ཁག་གིས་ལས་ཁུངས་ཀྱི་འགན་ནུས་དང་ལེགས་ཆ་འདོན་སྤེལ་གང་ལེགས་བྱས་ཏེ། གྲོང་ཚོ“ཨུ་ལྷན་གཉིས”ལ་གྲོང་ཚོ་རིམ་པའི་རྩ་འཛུགས་ཀྱི་བྱེད་སྒོ་སྤེལ་ཡུལ་འཛུགས་རོགས་བྱས་པ་དང་། ཏང་དོན་དང་། གྲོང་དོན། ནོར་དོན་སོགས་ཀྱི་ལམ་ལུགས་36འཛུགས་རོགས་དང་འཐུས་སྒོ་ཚང་དུ་གཏོང་རོགས་བྱས་པ། ཏང་ཡོན་3འཕེལ་རྒྱས་བཏང་བ། གྲོང་ཚོའི་ལས་བྱེད་པ་དང་ཞིང་འབྲོག་པ་ཏང་ཡོན་སྒྲིག་འཛུགས་བྱས་ཏེ་གསོ་སྦྱོང་ཐེངས་10བྱས་པར་སློབ་གསོ་ཐེབས་མཁན་མི་ཐེངས་334ཟིན་ཡོད། (སྤེན་ཚེས་བསྒྱུར། སྤེན་ཚེ་དང་ཚེ་ལྷས་ཞུས)