《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2019年12月27日

རིག་རྩལ་འཁྲབ་སྟོན་ལྟད་མོ་ཆེ། ཐོན་ལས་རྩལ་ནུས་འགྲན་བསྡུར་འཁྲུག

ཉེ་ཆར། བཞད་མཐོང་སྨོན་རྫོང་གིས་ཞིང་འབྲོག་ལུས་རྩལ་འགྲན་བསྡུར་དང་དགུན་དུས་ཀྱི་དངོས་ཟོག་བརྗེ་རེས་འདུ་ཚོགས་སྐབས་དང་པོ་འཚོགས་པ་དང་། ལྟད་མོ་ཆེ་བའི་འགོ་ཚུགས་མཛད་སྒོར་རིག་རྩལ་འཁྲབ་སྟོན་དང་འཁྲུག་ཆ་དོད་པོའི་གཉའ་གཅོག་དང་། རྡོ་འགྱོགས། འུར་རྡོ། ཤོ་རྩེད་སོགས་ཀྱི་ལུས་རྩལ་རྣམ་གྲངས་ཕུད། ད་དུང་བཞད་མཐོང་སྨོན་རྫོང་གིས་ཆེད་མངགས་ཞིང་འབྲོག་པའི་ཐོན་ལས་དང་རྩལ་ནུས་འགྲན་བསྡུར་སྤེལ་བ་རེད། འདི་ནི་དངོས་ཟོག་བརྗེ་རེས་འདུ་ཚོགས་ཐོག་སྐུ་མགྲོན་གྱིས་བཞད་མཐོང་སྨོན་རྫོང་གི་ཁྱད་ལྡན་ལག་ཤེས་ཐོན་རྫས་ཉོ་བཞིན་པ།