《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2019年12月27日

མལ་གྲོ་གུང་དཀར་རྫོང་གིས།

རིག་གནས་ཁྲོམ་རའི་ཕྱོགས་བསྡུས་ ཁྲིམས་སྐྱོང་གི་གསོ་སྦྱོང་བྱས་པ།

འདི་ག་ཚགས་པར་ཁང་དུ་ལྷ་ས་ནས་གནས་ཚུལ་འབྱོར་གསལ། རྫོང་གི་རིག་གནས་ཁྲོམ་ར་དང་དཔེ་སྐྲུན་དངོས་པོའི་ཁྲོམ་རའི་གཉེར་སྐྱོང་སྒྲིག་ལམ་སྔར་བས་ཚད་ལྡན་དུ་བཏང་ནས་རྫོང་ཡོངས་ཀྱི་རིག་གནས་དང་དཔེ་སྐྲུན་དངོས་པོའི་ཁྲོམ་ར་བདེ་འཇགས་དང་། བརྟན་ལྷིང་། གོ་རིམ་ལྡན་པའི་སྒོ་ནས་འཁོར་རྒྱུག་བཅས་འགན་ལེན་བྱ་ཆེད། ཉེ་ཆར། ལྷ་ས་གྲོང་ཁྱེར་མལ་གྲོ་གུང་དཀར་རྫོང་རིག་གནས་ཁྲོམ་རའི་ཕྱོགས་བསྡུས་ཁྲིམས་སྐྱོང་རུ་ཆེན་གྱིས་རྫོང་འཆལ་རྡུང་ལོག་སེལ་གཞུང་ལས་ཁང་དང་མཉམ་འབྲེལ་བྱས་ནས་འཆལ་རྡུང་ལོག་སེལ་དང་རིག་གནས་ཁྲོམ་རའི་ཕྱོགས་བསྡུས་ཁྲིམས་སྐྱོང་གི་ཤེས་བྱའི་གསོ་སྦྱོང་ཚོགས་འདུ་འཚོགས་པ་རེད།

གསོ་སྦྱོང་ཚོགས་འདུས《རོལ་རྩེད་བྱ་ཡུལ་གྱི་དོ་དམ་སྲོལ་ཡིག》དང་། 《དྲ་སྦྲེལ་ནང་ཞུགས་པའི་ཞབས་ཞུའི་ལས་གཉེར་བྱ་ཡུལ་གྱི་དོ་དམ་སྲོལ་ཡིག》 《དཔེ་སྐྲུན་ལས་རིགས་ཀྱི་དོ་དམ་སྲོལ་ཡིག》སོགས་བཅའ་ཁྲིམས་ཁྲིམས་སྲོལ་གཞིར་བཟུང་། བོད་ཀྱི་རིག་གནས་ཁྲོམ་རའི་དོན་དངོས་དང་ཟུང་འབྲེལ་བྱས་ཏེ་རིག་གནས་ཁྲོམ་རའི་གཉེར་སྐྱོང་བ་དང་ལས་ཞུགས་མི་སྣས་ཤེས་དགོས་པའི་གནད་དོན་འགོ་འཛུགས་སར་བྱས་ནས་གྱོད་དཔེ་དབྱེ་ཞིབ་བྱེད་སྟངས་ལ་བརྟེན་ཏེ། གསོ་སྦྱོང་ནང་ཞུགས་མཁན་ལ་དོན་ཟབ་ཚིག་གསལ་གྱི་ཟུར་ཁྲིད་བྱས་པ་རེད། རྫོང་དེའི་ཤང་དང་གྲོང་རྡལ་8ཀྱི་རིག་གནས་ཁྲོམ་རའི་ལྟ་འདོམས་པ་དང་། རིག་གནས་རོལ་རྩེད་བྱ་ཡུལ་གྱི་གཉེར་སྐྱོང་སྦྱིན་བདག དགོན་སྡེའི་དཔེ་ཁང་གི་དོ་དམ་པ་བཅས་བསྡོམས་མི་45གསོ་སྦྱོང་ཚོགས་འདུར་ཞུགས་ཡོད་པ་རེད།