《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2019年12月27日

ལྷ་ས་གྲོང་ཁྱེར་གྱི་ཕྲན་ཚེགས་ཁེ་ལས་ཀྱི་དངུལ་བུན་དེ་བས་གཡར་ བདེ་རུ་ཕྱིན་པ།

འདི་ག་ཚགས་པར་ཁང་དུ་ལྷ་ས་ནས་གནས་ཚུལ་འབྱོར་གསལ། ཉེ་ཆར། ལྷ་ས་གྲོང་ཁྱེར་ཁྲལ་དོན་ཅུས་དང་ཀྲུང་གོ་འཛུགས་སྐྲུན་དངུལ་ཁང་བོད་ལྗོངས་ཡན་ལག་དངུལ་ཁང་གིས་ཐུན་མོང་ཐོག“དངུལ་ཁྲལ་ཐད་སྦྲེལ”དང“སྤྲིན་རྩིས་ཁྲལ་དོན་གྱི་དངུལ་བུན”ཐོན་རྫས་འོས་སྦྱོར་གྱི་བྱེད་སྒོ་སྤེལ་བ་དང་། གསར་འགོད་པས་ཤེས་རྟོགས་བྱས་པར། སྒོར་ཁྲི་300ཡི་དངུལ་བུན་རེ་ཞུ་བྱེད་མཁན་ཡིན་ཚེ། ལྷ་ས་གྲོང་ཁྱེར་གྱི་ཕྲན་ཚེགས་ཁེ་ལས་ཀྱི་ཁྲིམས་མིས་ལག་ཐོགས་ཁ་པར་གྱི་APPནས་སྐར་མ་2ནས་3ནང་འཕྲལ་དུ་རེ་ཞུ་ཐུབ་ཀྱི་ཡོད།

ཤེས་རྟོགས་བྱས་པར་གཞིཌ་ན། “སྤྲིན་རྩིས་ཁྲལ་དོན་གྱི་དངུལ་བུན”བཟོས་པ་དེས་ཁྲལ་འཇལ་བའི་ཡིད་རྟོན་དང་དངུལ་ཁང་གི་དངུལ་བུན་ཟུང་དུ་འབྲེལ་ནས་དེ་སྔའི་ཁེ་ལས་དང་། དངུལ་ཁང་། ཁྲལ་དོན་བཅས་སྡེ་ཚན་གསུམ་གྱི་ཆ་འཕྲིན་ཆ་མི་འགྲིག་པའི་གནད་དོན་ཁྱད་བསད་ཐུབ་པ་མ་ཟད། མཉམ་འབྲེལ་ཡིད་རྟོན་མ་ལག་ལ་བརྟེན་ནས་ཡིད་རྟོན་ཁྲིམས་སྲུང་དང་རྨང་གཞི་དང་མདུན་ལམ་ཡོད་པའི་ཁེ་ལས་ལ་དངུལ་རྩའི་རྒྱབ་སྐྱོར་བྱས་ཏེ། ཁྲལ་བསྡུའི་ཡིད་རྟོན་དངུལ་བུན་གཡར་བའི་གཞི་འཛིན་ས་གཙོ་བོར་འགྱུར་བ་བྱས་ཡོད།