《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2019年12月27日

ལྗོངས་ཡོངས་སུ་ཁྲལ་མིན་གྲོན་དངུལ་སྤྲོད་པའི་ དོན་ཚན་ཚང་མ་དྲ་བ་གཅིག་ལས་སྒྲུབ་ཐུབ་པ།

འདི་ག་ཚགས་པར་ཁང་དུ་ལྷ་ས་ནས་གནས་ཚུལ་འབྱོར་གསལ། “དྲ་སྦྲེལ་དང་སྲིད་དོན་ཞབས་ཞུ་ཟུང་འབྲེལ”གྱི་ལས་དོན་ལ་མགྱོགས་མྱུར་སྐུལ་འདེད་གཏོང་རྒྱུའི་སྐོར་གྱི་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་འབྲེལ་ཡོད་བཀོད་སྒྲིག་ལག་བསྟར་དོན་འཁྱོལ་བྱས་ནས། ལས་ཁུངས་ཁུ་བསྡུ་དང་དབང་ཆ་གཤམ་སྤྲོད། གློད་སྡོམ་ཟུང་འབྲེལ། ཞབས་ཞུ་ལེགས་གཏོང་བཅས་ཀྱི་ལས་དོན་ལ་སྐུལ་འདེད་གཏོང་ཆེད། རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གཞུང་དོན་ཐིང་གིས་བཟོ་ལས་དངུལ་ཁང་ལ་མངགས་བཅོལ་བྱས་ནས། ཁྲལ་མིན་གྲོན་སྤྲོད་ལས་དོན་དེ་བོད་ལྗོངས་སྲིད་དོན་ཞབས་ཞུའི་ལས་སྟེགས་ཐོག་ཟླ་སྒྲིལ་བཏང་སྟེ། ཁེ་ལས་དང་མང་ཚོགས་ཁྱིམ་ནས་ཐོན་མི་དགོས་པར་ཁྲལ་མིན་གྲོན་དངུལ་སྤྲོད་ཐུབ་པ་བྱས་པ་རེད། རྒྱུན་ཆད་མེད་པར་འབད་བརྩོན་བྱས་པ་བརྒྱུད། མིག་སྔར་རང་སྐྱོང་ལྗོངས་རིམ་པ་དང་གྲོང་ཁྱེར་དང་ས་ཁུལ་བདུན་གྱི་ཁྲལ་མིན་གྲོན་དངུལ་ཚང་མ་བོད་ལྗོངས་སྲིད་དོན་ཞབས་ཞུའི་ལས་སྟེགས་བརྒྱུད་ནས་སྤྲོད་ཆོག་གི་ཡོད་པ་རེད།

མིག་སྔར། ཁྲལ་མིན་གྲོན་དངུལ་སྤྲོད་སྐབས་མི་སྒེར་དང་ཚན་པས་བོད་ལྗོངས་སྲིད་དོན་ཞབས་ཞུའི་PCདུད་སྣེ་ནས་སྤྲོད་ཆོག་པ་དང་། མི་སྒེར་གྱིས་ལག་ཐོགས་ཁ་པར་གྱི་དུད་སྣེའི་སྐད་འཕྲིན་སྤྱི་རྟགས་ཀྱི་ལས་སྟེགས་ནས་་སྤྲོད་ཆོག PCདུད་སྣེ་ནས་སྤྲོད་སྐབས་འཛུགས་སྐྲུན་དངུལ་ཁང་གི་གཞུང་ཕྱོགས་དྲ་ཐོག་དངུལ་ཁང་ནས་སྤྲོད་ཆོག་ཅིང་། ལག་ཐོགས་ཁ་པར་གྱི་དུད་སྣེའི་སྐད་འཕྲིན་སྤྱི་རྟགས་ལས་སྟེགས་ཐོག་སྐད་འཕྲིན་ནས་སྤྲོད་ཆོག འབྱུང་འགྱུར་ད་དུང་ཁྲལ་མིན་གྲོན་དངུལ་སྤྲོད་པའི་བྱ་ཐབས་དང་གཏོང་སྤྲོད་བྱེད་སྟངས་མུ་མཐུད་ཕུན་སུམ་ཚོགས་སུ་གཏོང་རྒྱུ་ཡིན་པ་རེད།

(པ་སངས་སྒྲོན་ལགས་ཀྱིས་བསྒྱུར། དམ་ཆོས་མི་ཕམ་གྱིས་ཞུས)