《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2019年12月27日

ནུས་ཤུགས་ཡོད་རྒུས་སྲིད་དོན་ཞབས་ཞུ་རྩེ་གྲ་བཏོད་པ།

—— གཞིས་རྩེ་གྲོང་ཁྱེར་སྲིད་འཛིན་ཞིབ་མཆན་དང་དམངས་ཕན་ཞབས་ཞུ་ཅུས་ཀྱིས་བརྗོད་དོན་གཙོ་བོའི་སློབ་གསོ་སྤེལ་བའི་སྐོར་བཀོད་པ།

“ཐོག་མའི་བསམ་འདུན་མ་བརྗེད་པར་འགན་འཁྲི་བློ་ལ་བརྟན་པོར་འཆང་བའི”བརྗོད་དོན་གཙོ་བོའི་སློབ་གསོ་སྤེལ་རིང་། གཞིས་རྩེ་གྲོང་ཁྱེར་སྲིད་འཛིན་ཞིབ་མཆན་དང་དམངས་ཕན་ཞབས་ཞུ་ཅུས་ཀྱིས་མང་ཚོགས་ཀྱི་འབོད་སྒྲ་བརྡ་རྟགས་ཨང་དང་པོར་བརྩི་བ་དང་། མང་ཚོགས་ཀྱི་དགོས་མཁོ་གདམ་ག་ཨང་དང་པོར་བྱེད་པ། མང་ཚོགས་ཀྱི་བློ་ཡིད་ཚིམ་ཚད་ཚད་གཞི་ཨང་དང་པོར་བྱེད་པ་བཅས་ཀྱིས་གཉེར་སྐྱོང་ཁོར་ཡུག་ལེགས་སུ་དང་སྲིད་དོན་ཕན་ནུས་ཆེ་རུ་བཏང་སྟེ། མང་ཚོགས་དང་ཁེ་ལས་ལས་སྒྲུབ་དཀའ་བའི་གནད་དོན་ཐག་གཅོད་བྱ་རྒྱུ་དེ་དམ་འཛིན་བྱེད་གཞིར་བརྩིས་ནས་ཐོག་མའི་བསམ་འདུན་སྲུང་བཞིན་དུ་ཞབས་འདེགས་ཞུ་བ་དང་། གནད་དོན་ལ་དམིགས་ནས་ཧེ་བག་འཚོལ་བ། སྤུས་ཚད་དང་ཕན་འབྲས་ལ་དམིགས་ཏེ་འགག་སྒྲོལ་བཅས་བྱས་ནས་ནུས་ཤུགས་ཡོད་རྒུས་བཅའ་ཁྲིམས་གཞིར་བཟུང་བ་དང་། ཡོངས་བསྒྲཌ་དང་། དམངས་ཕན། ནུས་ཆེན་བཅས་ཀྱི་སྲིད་དོན་ཞབས་ཞུ་རྩེ་གྲ་བཏོད་པ་རེད།

སྲིད་དོན་ཞབས་ཞུའི་ལས་སྟེཌ་གསར་པ་བཏོད་དེ་མང་ཚོགས་ཀྱིས་བྱ་བ་སྒྲུབ་སྐབས“སྡེ་ཚན་མང་པོ་འཚོལ་བ”ནས“སྲིད་དོན་ཞབས་ཞུའི་ལྟེ་གནས་འཚོལ་བའི”བར་འགྱུར་ལྡོག་བྱུང་བ།

དེ་སྔའི་དམངས་ཕན་ཞབས་ཞུའི་ལྟེ་གནས་ཀྱིས་དོ་དམ་གནད་ལ་མི་འཁེལ་བ་དང་ཞབས་འདེགས་ལེགས་པོ་ཞུ་མི་ཐུབ་པ་སོགས་ཀྱི་གནད་དོན་ལ་དམིཌ་ཏེ། གཞིས་རྩེ་གྲོང་ཁྱེར་སྲིད་འཛིན་ཞིབ་མཆན་དང་དམངས་ཕན་ཞབས་ཞུ་ཅུས་ཀྱིས“སྐར་ཁུང་གཅིག་ནས་བྱ་བ་མང་པོ་སྒྲུབ་པའི”དམིགས་ཚད་དང་བསྡུར་ཏེ། སྲིད་འཛིན་ཞིབ་མཆན་གྱི“དོན་ཚན་ཁོའོ་རུ་གཅིག་སྡུད་དང་། ཁོའོ་ནས་ལྟེ་གནས་སུ་གཅིག་སྡུད་བྱས་ནས་དོན་ཚན་གནད་ལ་འཁེལ་བ་དང་དབང་ཆ་སྤྲོད་རྒྱུ་གནད་ལ་འཁེལ་བའི་འགན་ལེན་བྱ་རྒྱུའི”སྒྱུར་བཅོས་ལ་སྐུལ་འདེད་ཧུར་ཐག་བཏང་སྟེ། གཞིས་རྩེ་གྲོང་ཁྱེར་སྲིད་དོན་ཞབས་ཞུ་ལྟེ་གནས་ཀྱི་བྱེད་ནུས་རྒྱུན་ཆད་མེད་པར་འཐུས་སྒོ་ཚང་དུ་བཏང་ཁར། ཚན་རིག་དང་མཐུན་པའི་སྒོ་ནས་ཞབས་ཞུའི་སྐར་ཁུང་བཙུགས་པ་དང་འབྲེལ་ཧ་ཅང་གསལ་བའི་པར་ལེན་ཡོ་ཆས་དང་། གློག་རྡུལ་འཆར་ངོས། དྲ་རྒྱའི་བརྙན་ལམ་གློག་མིག་སོགས་ཀྱི་ཆ་འཕྲིན་ཅན་གྱི་ཞབས་ཞུའི་སྒྲིག་ཆས་བཀོད་སྒྲིག་བྱེད་པ་དང་། འཐུང་ཆུའི་འཕྲུལ་ཆས་དང་རང་བརྟེན་ཕྱིར་ཚོང་འཕྲུལ་ཆས་སོགས་དམངས་ཕན་དམངས་བདེའི་སྒྲིག་ཆས་བསྒར་ནས་མང་ཚོཌ་དང་ཁེ་ལས་ལ་ཚད་ལྡན་དང་། སྟབས་བདེ། དེང་རབས་ཅན་བཅས་ཀྱི་ཕྱོགས་བསྡུས་ཞབས་ཞུའི་ལས་སྟེགས་ཧུར་ཐག་མཁོ་འདོན་བྱས་ཡོད།

གསར་དུ་བཙུགས་པའི་གཞིས་རྩེ་གྲོང་ཁྱེར་ཞབས་ཞུའི་ལྟེ་གནས་2019ལོའི་ཟླ་6པར་འཁོར་རྒྱུག་བྱས་པ་ནས་ད་བར་ཚན་པ་བསྡོམས་44ཞུཌ་པ་དང་། དོན་ཚན་ཁག་495སྒྲུབ་རྒྱུའི་ཁས་བླངས་པར་ཁྱོན་ལས་སྒྲུབ་མང་ཚོཌ་མི་ཐེངས་102115ལ་སྣེ་ལེན་ཞུས་པ་དང་། མི་ཐེངས་13008ཀྱི་བློ་འདྲི་དང་ལེན་ཞུས་པ། ཁྱོན་ལས་སྒོ་ཁག་87221བདག་སྤྲོད་བྱས་པ། དོན་ཚན་85568བསྒྲུབས་ཚར་བ། སྒྲུབ་ཚད་98%ཟིན་ཞིང་། དོན་ཚན་1653སྒྲུབ་རྒྱུར་ལུས་ཡོད། ཉིན་རེར་ཆ་སྙོམས་དོན་ཚན་806བསྒྲུབས་ཤིང་། ཉིན་རེར་ཆ་སྙོམས་མི་ཐེངས་814འཁོར་རྒྱུག་བྱེད་ཀྱི་ཡོད་པ་རེད།

ཞིབ་མཆན་ཞབས་ཞུའི་དཔེ་དབྱིབས་གསར་པ་བསྐྲུན་ཏེ“མང་ཚོགས་ཀྱིས་སྡེ་ཚན་འཚོལ་བ”ནས“སྐར་ཁུང་གིས་མང་ཚོགས་འཚོལ་བའི”བར་འགྱུར་ལྡོག་བྱུང་བ།

དམངས་ལ་ཞབས་འདེགས་ཞུ་བའི་དཀའ་གནད་ཧུར་ཐག་སེལ་བ་དང་སྲིད་དོན་ཞབས་ཞུའི“མཐའ་མའི་འགག་གནད”ཤར་གཏོང་བྱ་ཆེད། གཞིས་རྩེ་གྲོང་ཁྱེར་སྲིད་འཛིན་ཞིབ་མཆན་དང་དམངས་ཕན་ཞབས་ཞུ་ཅུས་ཀྱིས་དམངས་དང་ཁེ་ལས་ལ་ཕན་པའི་དམིགས་ཚད་ལ་དམིགས་ཏེ། མང་ཚོགས་དང་ཁེ་ལས་ཆེད“བྱ་བ་གཅིག”ཡག་པོ་སྒྲུབ་པའི་ཚད་གཞི་མཐའ་འཁྱོངས་བྱས་པ་དང་། “སྦྲེལ་ཐག་རྣམ་པའི”ཞབས་ཞུ་དེ་འཇུག་གཞིར་བྱས་ཏེ་ཞིབ་མཆན་ལྷུ་ཚིགས་དང་། དུས་ཚད། དཔྱད་གཞི་བཅས་ཉུང་དུ་བཏང་སྟེ་འབྲེལ་ཡོད་དོན་ཚན་སྦྲེལ་མཐུད་དམ་ཟབ་དང་མཐུན་སྦྱོར་བདག་སྤྲོད་ལ་སྐུལ་འདེད་བཏང་ཐོག་དམངས་ཕན་ཞབས་ཞུ་དང་། མ་འཇོག་ཞིབ་མཆན། ཁྲོམ་རར་འཇུག་འཐུས་དང་གཉེར་སྐྱོང་འཇུག་འཐུས་སོགས་ཀྱི་གཙོ་གནད་ཁྱབ་ཁོངས་ལ་སྒྱུར་བཅོས་གཏོང་རྒྱུར་སྐུལ་འདེད་བཏང་ཡོད།

ཚོང་དོན་ཐོ་འགོད་ཕྱོགས་བསྡུས་ཞབས་ཞུའི་སྐར་ཁུང་དུ་ཁེ་ལས་ལ་བཟོ་ཚོང་ཐོ་འགོད་དང་། ཡིག་སྒྱུར། ཐམ་ག་བཟོ་བ། དངུལ་ཁང་ཐོ་ཁུངས་བཟོ་བ། ཁྲལ་དོན་ཐོ་འགོད་བཅས་ཀྱི་མགོ་མཇུག་གཙང་སྒྲིལ་གྱི་ཞབས་འདེགས་ཞུས་ནས་ལས་མཇུག་སྒྲིལ་བའི་དུས་ཚད་དེ་སྔའི་ཉིན་15ནས་ལས་ཡུན་ཉིན་5བར་ཐུང་དུ་བཏང་བ་རེད།

དམངས་འཚོ་འགན་ལེན་ཞབས་ཞུའི་སྐར་ཁུང་དུ་ལས་བཟོའི་རྒན་གསོ་དང་། སྨན་བཅོས། ལས་རྨས། ལས་ཤོར། བུ་བཙའ་བཅས་འགན་བཅོལ་ཆེན་པོ་ལྔ་དང་། དེ་བཞིན་ལས་ཞུགས་ཐོ་འགོད་སོགས་སུ“སྒོ་གཅིག་རྣམ་པའི”བདག་སྤྲོད་མངོན་འགྱུར་ཐུབ་པ་དང་། ཚོང་འགུག་མ་འདྲེན་གྱི་བློ་འདྲི་ཞབས་ཞུའི་སྐར་ཁུང་དུ་ཚོང་འགུག་མ་འདྲེན་རྣམ་གྲངས་ལ“ལྗང་མདོག་གི་བགྲོད་ལམ”ཤར་གཏོང་བྱས་ཏེ། ཁེ་ལས་ལ་སྤུས་ལེགས་ནུས་ཆེའི་ཞབས་འདེགས་ཞུས་ནས“ཁོར་ཡུག་ལེགས་ཤོས་དང་། ཞབས་ཞུ་ལེགས་ཤོས། ལས་སྒྲུབ་མགྱོགས་ཤོས”བཅས་ཀྱི་གཞིས་རྩེའི་རྣམ་པ་ཧུར་ཐག་བཏོད་པ་རེད།

(ཚེ་ཁོས་བསྒྱུར། བསོད་བདེ་དང་ཚེ་ཁོས་ཞུས)