《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2019年12月27日

མི་དམངས་དང་ཁེ་ལས་ལ་ཕན་པའི“བདེ་སྐྱིད་ཐབས་ལམ”རྒྱ་ཆེར་གཏོང་དགོས།

ཝང་ཁྲུན།

ཉེ་བའི་ལོ་ཤས་རིང་། རང་ལྗོངས་ཀྱི་རྒྱ་ཆེའི་གྲོང་ཁྱེར་དང་། རྫོང་། ཤང་། གྲོང་ཚོ་བཅས་སུ་སྲིད་དོན་ཞབས་ཞུའི་ལྟེ་གནས་དང་། དམངས་ཕན་ཞབས་ཞུའི་ཚོམས་ཆེན། གྲོང་ཚོ་རིམ་པའི་རྩ་འཛུགས་ཀྱི་བྱེད་སྒོ་ཁང་སོཌ་ཆར་རྗེས་ཀྱི་མྱུ་གུ་བཞིན་གང་སར་ཁྱབ་ནས། རྒྱ་ཆེའི་ཞིང་འབྲོག་མང་ཚོགས་དང་ཁེ་ལས“ཉུང་ཙམ་སྐྱོད་པ་དང་། བྱ་བ་སྒྲུབ་བདེ་བ། འགོག་རྐྱེན་མེད་པ”བཅས་ཡོང་ཆེད“མིག་མཐོང་ལག་ཟིན་དང་གནད་དུ་འཁྱོལ་བའི”“བདེ་སྐྱིད་ཐབས་ལམ”བཏོད་ཡོད།

མི་སེར་ཚོས་སེམས་ནུས་ཉུང་ཙམ་འདོན་པ་དང་། ཉུང་ཙམ་སྐྱོད་པ། བྱ་བ་མང་ཙམ་སྒྲུབ་པ་བཅས་བྱས་ཏེ་སྤུས་ལེགས་ཀྱི་སྲིད་དོན་ཞབས་ཞུ་ལས་བྱུང་བའི་བདེ་སྐྱིད་ཚོར་སེམས་ཇི་ལྟར་ཆེ་རུ་གཏོང་དགོས་སམ། དེ་ནི་མིག་སྔར་གཡོལ་ཐབས་བྲལ་བའི་དམངས་འཚོའི་རེ་སྒུག་ཅིག་ཡིན་ལ། “ཐོག་མའི་བསམ་འདུན་མ་བརྗེད་པར་འགན་འཁྲི་བློ་ལ་བརྟན་པོར་འཆང་བའི”བརྗོད་དོན་གཙོ་བོའི་སློབ་གསོ་གཏིང་ཟབ་སྤེལ་བར་འཕྲད་པའི“ལན་འདེབས་དགོས་ངེས་ཀྱི་འདྲི་གཞི་ཞིག་ཀྱང་རེད”

མིག་སྔར། རང་ལྗོངས་ཀྱི་རྒྱ་ཆེའི་མི་དམངས་དང་ཁེ་ལས་ལ་ཕན་པའི་སྒྲིག་བཀོད་ལ་འགྱུར་ལྡོག་ཆེན་པོ་བྱུང་བ་མ་ཟད། ལམ་ལུགས་འཛུགས་སྐྱོང་ལའང་འཕེལ་རིམ་གསར་པ་བྱུང་ཡོད། ཏང་ཡོན་ལས་བྱེད་པ་ཚོས་བསམ་བློ་གསར་འབྱེད་བྱེད་དགོས། རྩེ་རིམ་ཇུས་འགོད་ཀྱི“སྒྱུར་བཅོས་ཀྱི་གོམ་པ་དང་པོ”ཡག་པོ་སྤོས་ནས། འཐབ་ས་དང་པོའི་སྡེ་ཚན་དང་ཚན་པས་སྲིད་ཇུས་བྱ་ཐབས་ཁག་དོན་འཁྱོལ་བྱེད་པའི“མཐའ་མའི་འགག་གནད”ཤར་གཏོང་ཐུབ་པ་བྱེད་པ་དང་། “གློད་སྡོམ་ཞབས”གསུམ་གྱི་སྒྱུར་བཅོས་དང“དྲ་སྦྲེལ་+སྲིད་དོན་ཞབས་ཞུ”འཛུགས་སྐྱོང་སྔར་བས་གཏིང་ཟབ་ཏུ་བཏང་སྟེ། རིམ་པ་ཁག་དང་སྡེ་ཚན་ཁག་མཐུན་སྦྱོར་མཉམ་འགུལ་དང་མཉམ་ཤུགས་འགག་སྒྲོལ་གྱི་སྒྱུར་བཅོས་རྣམ་པ་ཆགས་པ་བྱས་ནས་ཐེངས་གཅིག་ལ་ལས་སྒོ་ཚང་མ་གཉེར་ཐུབ་པར་ཤུགས་སྣོན་རྒྱག་དགོས།

སྲིད་གཞུང་གི་འགན་ནུས་ལ་མགྱོགས་མྱུར་འགྱུར་ལྡོག་བཏང་ནས་སྒྱུར་བཅོས་ལ་སྐུལ་འདེད་གཏོང་བར་ངེས་པར་དུ་བློ་བརྟན་འགྱུར་མེད་ངང་ཏང་སྲོལ་དང་། སྲིད་སྲོལ། ལས་ཀའི་སྤྱོད་ཚུལ་བཅས་ལ་འགྱུར་ལྡོག་གཏོང་དགོས། “མི་དམངས་ལྟེ་བར་འཛིན་པའི”འཕེལ་རྒྱས་ཀྱི་འདུ་ཤེས་འཛུགས་པ་དང་ཁེ་ལས་དང་མང་ཚོགས་ཀྱི་བྱ་བ་སྒྲུབ་པའི་དཀའ་གནད་དང་འགག་གནད་སོགས་ལ་དམིགས་ཏེ་ཚད་ཡོད་ཀྱི་མི་ཤུགས་དང་། དངོས་ཤུགས། སྙིང་སྟོབས་བཅས་གསར་གཏོད་དོ་དམ་དང་ནུས་ཆེའི་ཞབས་ཞུ་སོགས་ཀྱི་ཐད་གཙོ་བོར་འཇོག་དགོས། ཚན་རིག་དང་མཐུན་ལ། ལུགས་དང་མཐུན་པའི་ལྟ་སྐུལ་སྒྲིག་བསྟར་དང་འགན་འཁྲི་བདའ་འདེད་ཀྱི་ལམ་སྲོལ་བཙུགས་ཏེ། ལག་ལེན་ཁྲོད་རིམ་པ་བཞིན་འགན་འཁྲི་ནན་དུ་བཏང་ནས་ནུས་མེད་ཟབ་ཟོབ་དང་། དགོས་པའི་ལས་མི་བྱེད་པ། མི་དགོས་ལས་རྙོག་བཟོ་བ་བཀག་འགོག་བྱེད་དགོས། འཐབ་ས་དང་པོའི་སྐར་ཁུང་གི་ལས་སྒྲུབ་མི་སྣ་ཚང་མས་གཏམ་སྤྱོད་ལ་དོ་སྣང་བྱས་ཏེ། མང་ཚོགས་བློ་ཡིད་ཚིམས་ཚད་དེ་ལས་ཀའི་གྲུབ་འབྲས་ལེགས་ཉེས་ཀྱི་ཚད་གཞིར་བརྩིས་ནས“མི་ཚང་མ་སྐར་ཁུང་གི་ཞབས་ཞུ་བ་དང་སྐར་ཁུང་གི་གཟུགས་བརྙན”དུ་དངོས་འབྲེལ་འགྱུར་བ་བྱེད་དགོས།

རིམ་པ་ཁག་དང་འབྲེལ་ཡོད་སྡེ་ཚན་ཁག་གིས་ནུས་ཤུགས་དེ་བས་ཆེ་བ་དང་བྱེད་ཐབས་དེ་བས་ནུས་ལྡན་གྱི་སྒོ་ནས་སྒྱུར་བཅོས་ཀྱི་འགོག་རྐྱེན་སེལ་བ་དང་། དམངས་ཕྱུག་ཐབས་ལམ་བཤངས་བ། འཕེལ་རྒྱས་ལ་ནུས་པ་འདོན་པ་བཅས་བྱས་ཚེ། རྒྱ་ཆེའི་ཞིང་འབྲོག་མང་ཚོགས་ཀྱི་ཐོབ་སེམས་དང་། བདེ་སྐྱིད་ཚོར་སེམས། བདེ་འཇགས་ཀྱི་བསམ་པ་བཅས་ཀྱང་དེ་བས་ཆེ་རུ་འགྲོ་ངེས་ཡིན་པའི་ཡིད་ཆེས་ཡོད།

(བདེ་སྐྱིད་ཀྱིས་བསྒྱུར། བདེ་སྐྱིད་དང་པ་སངས་ཕན་ཐོགས་ཀྱིས་ཞུས)