《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2019年12月27日

“གཅེས་སེམས་མཚོན་པའི་ས་ཚིགས”ཀྱིས་ཕྱི་རོལ་ཏུ་ངལ་རྩོལ་ བྱེད་མཁན་ཚོར་དྲོ་སྐྱིད་མཚོན་པར་བྱས་པ།

↑ ཉེ་བའི་ལོ་ཤས་རིང་ཅང་ཤིས་ཞིང་ཆེན་ནན་ཁྲང་གྲོང་ཁྱེར་ཤིས་ཧུའུ་ཆུས་ཀྱིས་སྤྱི་ཚོགས་ཀྱི་ཐོན་ཁུངས་བསྡུ་སྒྲིལ་གང་ལེགས་བྱས་ནས། ཁོར་ཡུག་སྲུང་སྐྱོང་བཟོ་པ་སོགས་ཕྱི་རོལ་ཏུ་ངལ་རྩོལ་བྱེད་མཁན་ཚོར“གཅེས་སེམས་མཚོན་པའི་ས་ཚིགས”བསྐྲུན་རྒྱུར་སྐུལ་འདེད་ཧུར་ཐག་བཏང་སྟེ་ཕྱི་རོལ་དུ་ངལ་རྩོལ་བྱེད་མཁན་རྒྱ་ཆེའི་ལས་བཟོ་ཚོར་དྲོ་སྐྱིད་མཚོན་པའི“ལས་བཟོའི་ཁྱིམ་ཚང”ཞིག་བཏོད་པ་དང་། “ས་ཚིགས”སུ་སྒྲོག་ཙེ་རྐུབ་སྟེགས་དང་། ཅ་དངོས་གསོག་འཇོག་ཁང་། གློག་ཐབ། ཆུ་སྐོལ་ཆས། དྲོ་གྲང་སྙོམས་སྒྲིག་སྒྲིག་ཆས། འཕྲལ་སྡོམ་སྨན་སྒམ། གློག་གསོག་གློག་སྐུད་སོགས་སྒྲིག་ཆས་བཀོད་སྒྲིག་བྱས་ཏེ་ཁོར་ཡུག་སྲུང་སྐྱོང་བཟོ་པ་དང་། བདལ་གཏོང་རླངས་འཁོར་གྱི་ཁ་ལོ་བ། སྐྱེད་ཚལ་བཟོ་པ། མྱུར་སྐྱེལ་བ་སོགས་ཕྱི་རོལ་ཏུ་ངལ་རྩོལ་བྱེད་མཁན་ཚོར་ངལ་གསོ་བ་དང་། ཆུ་འཐུང་བ། གསང་སྤྱོད། དངུལ་སིལ་མ་བརྗེ་བ། བདེ་འཇགས་སློབ་གསོ། དེ་བཞིན་སྤེལ་རེས་གསོ་སྦྱོང་སོགས་སྤྱི་ཕན་ཞབས་འདེགས་ཞུ་ཡི་ཡོད་ཅིང་། འདི་ནི་ཅང་ཤིས་ཞིང་ཆེན་ནན་ཁྲང་གྲོང་ཁྱེར་ཤིས་ཧུའུ་ཆུས་ཐའོ་ཧྭ་གྲོང་རྡལ་བཟོ་ཚོགས་ཀྱི་ཁང་ཕྱིའི་ངལ་རྩོལ་ས་ཚིགས་ཀྱིས་ཁོར་ཡུག་སྲུང་སྐྱོང་བཟོ་པར་ངལ་གསོའི་དུས་ཚོད་སྐབས་ཁྲག་ཤེད་ལྟ་བའི་གནས་ཚུལ་ཡིན་པ།