《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2019年12月27日

“གྲོང་ཁྱེར་གྱི་སྐས་ཞིང”གིས་གནས་སྤོས་ཡུལ་མིའི་ཁུལ་ཆུང་མཛེས་པར་བྱ།

↑ཀུའེ་ཀྲོའུ་ཞིང་ཆེན་པི་ཅེ་གྲོང་ཁྱེར་ཏ་ཧྥང་རྫོང་ཧྲེ་ཤང་གནའ་བོའི་གྲོང་རྡལ་ནི་རྫོང་དེའི་ཡུལ་གཞན་དུ་དབུལ་སྐྱོར་གནས་སྤོས་བཀོད་སྒྲིག་ཁུལ་ཞིག་ཡིན་པ་དང་། ཉེ་བའི་ལོ་ཤས་རིང་དེར་འཆར་འགོད་བྱེད་སྐབས་ཞིང་སྡེའི་མཛེས་ལྗོངས་གྲོང་ཁྱེར་དང་གྲོང་རྡལ་གྱི་འཛུགས་སྐྲུན་དང་མཉམ་འདྲེས་ཐུབ་པར་བྱས་ནས་གནའ་བོའི་གྲོང་རྡལ་ལྟེ་གནས་སུ་སྨི་ངོས་གྲུ་ཁྲི་12ཟིན་པའི“གྲོང་ཁྱེར་གྱི་སྐས་ཞིང”ཞིག་བསྐྲུན་པ་དང་ཆབས་ཅིག ཇ་ཤིང་དང་རྒྱ་སེ་མེ་ཏོག་སོགས་རྩི་ཤིང་སྣ་ཚོགས་ལ་སྤྱན་གཟིགས་མྱོང་རོལ་ལ་བཏབ་པས་གནས་སྤོས་ཡུལ་མིའི་ཁུལ་ཆུང་མཛེས་སུ་ཕྱིན་པ་མ་ཟད། གྲོང་ཁྱེར་དང་གྲོང་རྡལ་མཛེས་སྡུག་ཡིད་དུ་འོང་བར་གྱུར་ཅིང་། འདི་ནི་མི་མེད་གནམ་གྲུས་པར་བླངས་པའི་ཀུའེ་ཀྲོའུ་ཞིང་ཆེན་ཏ་ཧྥང་རྫོང་ཧྲེ་ཤང་གནའ་བོའི་གྲོང་རྡལ་གྱི“གྲོང་ཁྱེར་གྱི་སྐས་ཞིང”རྣམ་པ་ཡིན་པ།