《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2019年12月26日

ཉིང་ཁྲིས་ནགས་ཚལ་དང་རྩྭ་ཐང་གི་སྣོད་བཅུད་མ་ལག་རིམ་བཞིན་འཐུས་སྒོ་ཚང་དུ་བཏང་བ།

འདི་ནི་ཡུར་སྐོར་བས་ཉིང་ཁྲི་ཀླུ་ནང་གྲོང་རྡལ་དུ་ལྟ་སྐོར་བྱེད་བཞིན་པ།

ལྗང་མདོག་ལ་དགའ་ཞེན་དང་སྲུང་སྐྱོང་བྱས་ནས་ལྗང་མདོག་དེ་བས་རྒྱ་ཆེར་བཏང་བ།

ཉིང་ཁྲིའི་ནགས་ཚལ་གྱི་རྒྱ་ཁྱོན་སྤྱི་ཆིང་ཁྲི་543.6ཟིན་ནས་ཁྱབ་ཚད་47.6%དང་། སྔོ་ལྗང་ཁེབས་ཚད་42.55% སྤང་ལྗོངས་ཁེབས་ཚད་41.95%སོ་སོར་ཟིན་ཡོད་པ་རེད།

འདི་ལོ་ཉིང་ཁྲི་གྲོང་ཁྱེར་གྱིས་ནགས་ཚལ་དང་རྩྭ་ཐང་གི་རྣམ་གྲངས་ཁག་48ལག་ལེན་བསྟར་བར་ཁྱོན་མ་དངུལ་སྒོར་དུང་ཕྱུར་8.2བཏང་བ་དང་། མིག་སྔར་སྒོར་དུང་ཕྱུར་6.68བཏང་ཟིན་པ་དེས་མ་འཇོག་བསྡོམས་འབོར་གྱི་81.46%ཟིན་ནས་ནགས་ལས་ཐོན་ལས་དཔལ་འབྱོར་མགྱོགས་མྱུར་འཕེལ་རྒྱས་འགྲོ་རྒྱུར་ཆ་རྐྱེན་ཡག་པོ་བཏོད་ཡོད།

ཉིང་ཁྲིའི་ཁྲོམ་གཞུང་དུ་སྐྱོད་སྐབས། སྡེ་ཁུལ་དང་སློབ་གྲྭའམ་ཡང་ན་ཁྲོམ་གཞུང་དང་ཚན་པ་གང་སར་གཙང་ཞིང་གྲལ་སྒྲིག་པའི་མཛེས་ལྗོངས་མངོན་ཡོད་པ་དང་། སྔོ་ལྗང་གི་ལྗོན་ཤིང་ཁྲོད་གྲོང་མིའི་ངོ་གདོང་ལས་བདེ་སྐྱིད་ཀྱི་འཛུམ་མདངས་འཕྱུར་ཡོད།

མང་ཚོགས་བློ་ཡིད་ཚིམ་པ་ནི་ཉིང་ཁྲིའི་ནགས་ལས་ལས་དོན་ལ་ཁས་ལེན་ཆེ་ཤོས་ཤིག་ཡིན།

(པར་ངོས་བཞི་པར་གཟིགས)

སྣོད་བཅུད་ཐོན་ལས་ཀྱིས་ཡུལ་མི་ཕྱུག་པོ་ཆགས་པ།

(པར་ངོས་དང་པོར་མཐུད) ལོ་གཅིག་རིང་ཉིང་ཁྲི་གྲོང་ཁྱེར་གྱིས་ནགས་ཚལ་གྲོང་ཁྱེར་དང་སྔོ་འགྱུར་དཔེ་བཟང་གྲོང་ཁྱེར་གཏོད་རྒྱུ་གཞི་རྟེན་དུ་བྱས་ནས་གཞི་ཁྱོན་ལྡན་པའི་སྔོ་ལྗང་འདེབས་འཛུགས་དང་། ཕྱོགས་བསྡུས་ཤིང་འཛུགས་སོགས་ཀྱི་བྱ་ཐབས་སྤྱད་དེ་ཡུག་སྦྲེལ་ས་རྒོད་དང་ཐང་རྒོད་མེད་པར་བཟོ་བའི་རྨང་གཞིའི་ཐོག་གྲོང་ཁྱེར་ཉེ་འགྲམ་གྱི་རི་ཁུལ་གྱི་སྣོད་བཅུད་སླར་གསོ་ཧུར་ཐག་བྱས་ཡོད། སྨན་གླིང་རྫོང་བརླ་མདོ་གྲོང་ཚོའི་གཙང་དཀྱིལ་གླིང་ཕྲན་གྱི་བྱེ་ས་བཅོས་སྒྲིག་ཐད་སྨན་གླིང་རྫོང་དང་བྲག་ཡིབ་ཆུས་ཀྱིས“གཙང་པོ་གཉིས་དང་ཆུ་བོ་བཞིའི”རྒྱུད་དུ་སྔོ་འགྱུར་ནགས་བཟོ་བྱས་པས་སྔོ་ལྗང་ཁེབས་ཚད་རྒྱ་ཆེར་ཕྱིན་ཏེ་ཡུལ་ལྗོངས་མཛེས་སུ་ཕྱིན་ཡོད།

སྒོ་འགྲམ་དང་སློབ་གྲྭའི་ནང་སྔོ་འགྱུར་བྱ་ཆེད། 2019ལོར་ཉིང་ཁྲི་གྲོང་ཁྱེར་གྱིས་མ་དངུལ་སྒོར་ཁྲི་150བཏང་ནས་སྡོང་ཕྲུག་སྣ་ཚོགས་རྐང་ཁྲི་1ལྷག་ཙམ་མཁོ་འདོན་བྱས་ཏེ“ལྗང་མདོག་ལས་ཁུངས”དང“ལྗང་མདོག་ཚན་པ”“ལྗང་མདོག་སློབ་གྲྭ”“ལྗང་མདོག་སྡེ་ཁུལ”“ལྗང་མདོག་དམག་སྒར”སོགས་འཛུགས་སྐྲུན་གྱི་ལས་དོན་ཧུར་ཐག་སྤེལ་ཡོད།

སྣོད་བཅུད་ནི་དཔལ་འབྱོར་དང་ཁོར་ཡུག་ནི་དམངས་འཚོ་ཡིན།

ལོ་གཅིག་རིང་ཉིང་ཁྲི་གྲོང་ཁྱེར་གྱིས་དོན་དངོས་ལ་གཞི་ཚུགས་ནས་ཚན་རིག་དང་མཐུན་པའི་འཆར་འགོད་མཐའ་འཁྱོངས་བྱེད་པ་དང་། སོན་བཟང་ནང་འདྲེན་བྱེད་མགྱོགས་སུ་གཏོང་བ། དཔེ་སྟོན་སྣེ་ཁྲིད་མངོན་གསལ་དོད་པ་བཅས་བྱས་པས་ཐོན་ལས་རྟེན་གཞིའི་གཞི་ཁྱོན་མགྱོགས་མྱུར་རྒྱ་ཆེར་ཕྱིན་པ་དང་། “ལྟེ་བ་གཅིག་དང་། རྒྱུད་གཅིག ཁུལ་གཅིག སྐོར་གཅིག རྟེན་གཞི་གསུམ”བཅས་ཀྱི་ཐོན་ལས་ཁུལ་རགས་ཙམ་ཆགས་ནས་ཐོན་ལས་ཀྱི་ཕན་འབྲས་རིམ་བཞིན་མངོན་གསལ་དོད་དུ་ཕྱིན་པ། སྣོད་བཅུད་ཁོར་ཡུག་ལེགས་བཅོས་དང་མང་ཚོགས་ལ་འབབ་འཕར་ཡོང་རྒྱུར་སྐུལ་འདེད་གཏོང་རྒྱུའི་ཐད་ནུས་པ་གལ་ཆེན་བཏོན་ཡོད།

ཉེ་བའི་ལོ་ཤས་རིང་། སྣང་རྫོང་དུང་དཀར་གྲོང་རྡལ་དཀྲོགས་གྲོང་ཚོས་ཡུལ་སྐོར་ལ་བརྟེན་ནས་ཞིང་ལས་ཐོན་རྫས་ཀྱི་གནས་ཐང་འཕར་རྒྱུར་སྐུལ་འདེད་གཏོང་བའི་གོ་སྐབས་དམ་པོར་བཟུང་ནས་སྒོ་རའི་དཔལ་འབྱོར་འཕེལ་རྒྱས་ཀྱི་རྣམ་པ་འཚོལ་ཞིབ་ཧུར་ཐག་བྱེད་པ་དང་། གྲོང་ཚོ་དེ་ཡོངས་ཀྱི་མང་ཚོགས་ཚོས་ཕྱར་བ་གྲུ་འདེགས་བྱས་པས“ཁྱིམ་ཚང་ཚང་མར་ཐོན་ལས་ཡོད་པ་དང་དུད་ཚང་ཚང་མར་ཡོང་འབབ་ཡོད་པའི”རྣམ་པ་བཟང་པོ་ཞིག་ཆགས་ཡོད། མིག་སྔར་དཀྲོགས་གྲོང་ཚོས་སྟར་སྡོང་མུའུ་900ལྷག་ཙམ་དང་། ཀུ་ཤུའི་སྡོང་པོ་མུའུ་150 ཁམ་བུ་མུའུ་100བཅས་འདེབས་འཛུགས་བྱས་པར་དུད་ཚང་རེར་ཡོང་འབབ་སྒོར་ཁྲི་2ལྷག་ཙམ་བྱུང་ཡོད།

ཡུལ་བབ་ཀྱི་ལེགས་ཆ་དང་ཐོན་ལས་དབུལ་སྐྱོར་གྱི་རྨང་གཞིར་བརྟེན་ནས་འབྲས་ཤིང་དཔལ་འབྱོར་འཕེལ་རྒྱས་ཤུགས་ཆེན་བཏང་སྟེ་མང་ཚོགས་ཕྱུག་འགྱུར་འབབ་འཕར་ཡོང་རྒྱུར་རོགས་རམ་བྱེད་པའི་འདེབས་འཛུགས་བྱེད་སྟངས་དེ་རིགས་ཀྱིས་དཔེ་སྟོན་སྣེ་ཁྲིད་ཀྱི་ནུས་པ་བཟང་པོ་ཞིག་ཐོན་ནས་མང་ཚོགས་ཀྱི་ཧུར་བརྩོན་རང་བཞིན་ཆེ་རུ་ཕྱིན་ཡོད། མིག་སྔར་ཉིང་ཁྲི་གྲོང་ཁྱེར་གྱིས་འབྲས་ཤིང་ཐོན་ལས་མུའུ་ཁྲི་16.87འདེབས་འཛུགས་བྱས་པའི་ཁྲོད། ཀུ་ཤུའི་ཐོན་ལས་ཀྱིས་མུའུ་ཁྲི་6.6དང་འབྲས་ཤིང་ཐོན་ལས་གཞན་དག་གིས་མུའུ་ཁྲི་10.27ཟིན་ཡོད། 2019ལོར་མ་དངུལ་སྒོར་ཁྲི་4054བཏང་ནས་ནགས་ལས་ཐོན་ལས་རྣམ་གྲངས་ཁག་5གསར་སྐྲུན་བྱས་ཡོད།

གྲོང་ཚོ་ཚང་མར་ནགས་སྲུང་རུ་ཁག་ཡོད་པ།

ཤིང་འཛུགས་ནགས་བཟོ་བྱེད་དགོས་ལ་དོ་དམ་དེ་བས་ཡག་པ་བྱེད་དགོས།

“ཤིང་འཛུགས་སླ་ཡང་གང་འདྲ་བྱས་ནས་སྡོང་ཕྲུག་གསོན་ཐུབ་པར་བྱེད་རྒྱུ་ནི་དཀའ་གནད་ཅིག་རེད”ནགས་སྲུང་བ་རྒན་གྲས་ཤིག་ཡིན་པའི་ནོར་བུས་ལོ་གཅིག་དུས་བཞིར་གྲང་རླུང་དང་ཆར་པར་མི་འཛེམ་པར་ལས་རོགས་ཚོ་དང་མཉམ་དུ་མེ་སྐྱོན་གྱི་མངོན་མེད་རྐྱེན་ངན་དང་སྡོང་ཕྲུག་སྐྱེ་འཚར་གྱི་གནས་ཚུལ་ལ་སྐོར་ཞིབ་བྱས་ཏེ་རང་ཉིད་ཀྱི་བྱ་སྤྱོད་དངོས་ཀྱི་ཐོག་ནས་ནགས་ཚལ་དང་རྩྭ་ཐང་གི་ཐོན་ཁུངས་བདེ་འཇགས་ཆེད་སྟོབས་ཤུགས་སྐྱེས་སུ་འབུལ་བཞིན་ཡོད།

གཞན་ཡང་། ཉིང་ཁྲི་གྲོང་ཁྱེར་གྱིས་ད་དུང་ནགས་ལས་རྩྭ་ཐང་གི་གནོད་ཡོད་སྐྱེ་དངོས་ལ་ལྟ་ཞིབ་ཚད་ལེན་དང་ཉེན་བརྡ་གཏོང་བ་དང་། ནད་བཤེར་གནོད་འགོག གནོད་འཚེ་སྔོན་འགོག་ཚོད་འཛིན་དང་ཉུང་གཏོང་བཅས་ལ་ཤུགས་སྣོན་བརྒྱབ་སྟེ། གཙོ་གནད་ནགས་ལས་རྩྭ་ཐང་གི་གནོད་ཡོད་སྐྱེ་དངོས་འགོག་བཅོས་ཀྱི་འགན་འཁྲི་དོན་འཁྱོལ་བྱས་ནས་གཙོ་གནད་ནགས་ལས་དང་རྩྭ་ཐང་གི་གནོད་ཡོད་སྐྱེ་དངོས་འགོག་བཅོས་གང་ལེགས་བྱས་པས་འགོག་བཅོས་བྱེད་ཁྱོན་མུའུ་4700ལྷག་ཙམ་ཟིན་ནས་མི་དམངས་མང་ཚོགས་ཀྱི་ཚེ་སྲོག་དང་རྒྱུ་ནོར་གྱི་བདེ་འཇགས་ཚད་གཞི་ཆེ་ཤོས་ཀྱི་སྒོ་ནས་འགན་ལེན་བྱས་ཡོད།

(པ་སངས་སྒྲོན་ལགས་ཀྱིས་བསྒྱུར། དམ་ཆོས་མི་ཕམ་གྱིས་ཞུས)