《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2019年12月26日

སྲིད་གྲོས་སྐབས་བཅུ་གཅིག་པའི་བོད་རང་སྐྱོང་ལྗོངས་ཨུ་ཡོན་ལྷན་ཁང་གིས་ཀྲུའུ་ཞིའི་ཚོགས་འདུ་ཐེངས་ཉེར་གསུམ་པ་འཚོགས་པ།

འདི་ག་ཚགས་པར་ཁང་དུ་ལྷ་ས་ནས་ཟླ་12ཚེས་24ཉིན་གནས་ཚུལ་འབྱོར་གསལ། ཚེས་24ཉིན། རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་རང་སྐྱོང་ལྗོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་འཕགས་པ་ལྷ་དགེ་ལེགས་རྣམ་རྒྱལ་གྱི་མངགས་བཅོལ་བཞིན། རང་སྐྱོང་ལྗོངས་སྲིད་གྲོས་ཏང་ཙུའུ་ཡི་ཧྲུའུ་ཅི་གཞོན་པ་ཀྲུའུ་ཞི་གཞོན་པ་ཀའོ་དབྱང་གིས་སྲིད་གྲོས་སྐབས་བཅུ་གཅིག་པའི་བོད་རང་སྐྱོང་ལྗོངས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞིའི་ཚོགས་འདུ་ཐེངས་ཉེར་གསུམ་པ་གཙོ་སྐྱོང་གནང་ནས་རྒྱལ་ཡོངས་སྲིད་གྲོས་ཆེད་དོན་ཨུ་ལྷན་གྱི་ལས་དོན་ཚོགས་འདུའི་དགོངས་དོན་བརྒྱུད་བསྒྲགས་དང་སློབ་སྦྱོང་གནང་བ་རེད།

རང་སྐྱོང་ལྗོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་སྒྲུབ་ཁང་ཐུབ་བསྟན་མཁས་གྲུབ་དང་། བློ་བཟང་འགྱུར་མེད། ང་ཕོད་འཇིགས་ཡོན། སངས་རྒྱས་གྲགས་པ། སྒྲོལ་དཀར། ལེ་ཀུའེ་ལུང་། བཀྲ་ཤིས་ཟླ་བ་བཅས་ཚོགས་འདུར་ཞུགས་ཡོད་པ་རེད།

ཚོགས་འདུའི་ཐོག་རྒྱལ་ཡོངས་སྲིད་གྲོས་ཆེད་དོན་ཨུ་ཡོན་ལྷན་ཁང་གི་ལས་དོན་ཚོགས་འདུ་ནི། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པའི་མཛུབ་ཁྲིད་འོག་འཚོགས་པའི་ཆེད་དོན་ཨུ་ཡོན་ལྷན་ཁང་གི་ལས་དོན་གྱི་ལས་འགན་དང་། (པར་ངོས་གསུམ་པར་གཟིགས)

(པར་ངོས་དང་པོར་མཐུད) ཁ་ཕྱོགས། ལམ་ལུགས་འཛུགས་སྐྱོང་སོགས་ཀྱི་གནད་དོན་ལ་ཆེད་དོན་ཞིབ་འཇུག་བྱེད་པའི་ཚོགས་འདུ་གལ་ཆེན་ཞིག་ཡིན་པ་དེས། རང་ལྗོངས་ཀྱི་རིམ་ཁག་སྲིད་གྲོས་ཆེད་དོན་ཨུ་ཡོན་ལྷན་ཁང་གི་ལས་དོན་ལ་ཁ་ཕྱོགས་གསལ་སྟོན་གནང་བ་དང་ཞིབ་ཕྲའི་བླང་བྱ་བཏོན་པའི་ངོས་འཛིན་བྱས་པ་རེད།

ཚོགས་འདུའི་ཐོག རིམ་ཁག་སྲིད་གྲོས་རྩ་འཛུགས་དང་ཆེད་དོན་ཨུ་ཡོན་ལྷན་ཁང་གིས་མི་དམངས་སྲིད་གྲོས་ལས་དོན་ལ་ཤུགས་སྣོན་དང་ལེགས་སུ་གཏོང་བའི་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་དགོངས་པ་གལ་ཆེན་སློབ་སྦྱོང་གཏིང་ཟབ་དང་། ཏང་གི་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་དགོངས་དོན་དང་ཀྲུང་དབྱང་གི་སྲིད་གྲོས་ལས་དོན་སྐོར་གྱི་ཚོགས་འདུའི་དགོངས་དོན་སློབ་སྦྱོང་ལག་བསྟར་གཏིང་ཟབ། ཏང་ཀྲུང་དབྱང་གིས་མི་དམངས་སྲིད་གྲོས་ལ་དཀྲིས་པའི་ངེས་གནས་དང་འགན་ནུས་གསར་པ་དང་། འོས་འགན་དང་བླང་བྱ་གསར་པར་གོ་བ་གཏིང་ཟབ་ལེན་པ། ཏང་གིས་སྲིད་གྲོས་ལས་དོན་ལ་ཕྱོགས་ཡོངས་ནས་འགོ་ཁྲིད་བྱ་རྒྱུ་ཐོག་མཐའ་བར་གསུམ་དུ་མཐའ་འཁྱོངས། རྒྱལ་ཁབ་བཅོས་སྐྱོང་མ་ལག་དང་བཅོས་སྐྱོང་ནུས་པ་དེང་རབས་ཅན་ལ་སྐུལ་འདེད་གཏོང་བའི་ཁྲོད་ཀྱི་ཆེད་དོན་གྲོས་མོལ་སྒྲིག་གཞིའི་ནུས་པ་གལ་ཆེན་འདོན་སྤེལ་ཡག་པོ་བྱ་རྒྱུར་སྔར་བས་ཞིབ་འཇུག་བཅས་བྱས་ཏེ། ལམ་ལུགས་ཀྱི་ལེགས་ཆ་དེ་བཅོས་སྐྱོང་གི་ནུས་པར་འགྱུར་བར་བྱེད་དགོས་པ་དང་། རྒྱལ་ཡོངས་སྲིད་གྲོས་ཆེད་དོན་ཨུ་ཡོན་ལྷན་ཁང་གི་ལས་དོན་ཚོགས་འདུའི་དགོངས་དོན་དང་ཀྲུའུ་ཞི་དབང་དབྱང་གི་མཛུབ་སྟོན་གལ་ཆེན་གྱི་བླང་བྱ་སློབ་སྦྱོང་དང་གོ་བ་ནན་ཏན་ལེན་པ་དང་། ལྗོངས་ཏང་ཨུད་ཀྱི་ལྟེ་བའི་ལས་དོན་ལ་དམིགས་པ། ལས་འགན་གཙོ་བོ་དང་ལས་དོན་གཙོ་བོར་སླང་ཡང་དམིགས་པ་བཅས་བྱས་ཏེ། རང་ངོས་སློབ་སྦྱོང་དང་འཛུགས་སྐྱོང་ལ་ཤུགས་སྣོན་ཏན་ཏིག་རྒྱག་དགོས་པ། སྲིད་གྲོས་རིགས་ཁོངས་ཁག་གི་ལེགས་ཆ་སྔར་བས་འདོན་སྤེལ་དང་། འབྲེལ་བ་མཐུན་སྦྱོར། མཐུན་སྒྲིལ་མཛའ་གཅུགས་ཀྱི་ལས་དོན་ཡག་པོ་སྒྲུབ་པ། འགན་ནུས་སྒྲུབ་པའི་ནུས་པ་ཟམ་མི་ཆད་པར་ཆེ་རུ་གཏོང་བ། ཚོགས་འདུའི་དགོངས་དོན་ལག་བསྟར་དོན་འཁྱོལ་ལ་སྐུལ་འདེད་ཏན་ཏིག་གཏོང་བ་བཅས་བྱས་ཏེ། རང་ལྗོངས་ཀྱི་སྲིད་གྲོས་ལས་དོན་སླར་ཡང་སྐས་རིམ་གསར་པར་སླེབས་རྒྱུར་སྐུལ་འདེད་གཏོང་དགོས་ཞེས་ནན་བཤད་བྱས་པ་རེད།

(པ་སངས་ཀྱིས་བསྒྱུར། པ་སངས་དང་པ་ཕན་གྱིས་ཞུས)