《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2019年12月26日

ད་ལོ་བོད་ལུགས་གསོ་རིག་སློབ་ཆེན་ནས་ཐོན་པའི་སློབ་མ་95%ལས་ཞུགས་ཐུབ་པ།

འདི་ག་ཚགས་པར་ཁང་དུ་ལྷ་ས་ནས་གནས་ཚུལ་འབྱོར་གསལ། ཉེ་ཆར། གསར་འགོད་པར་བོད་ལྗོངས་བོད་ལུགས་གསོ་རིག་སློབ་ཆེན་ནས་ཤེས་རྟོགས་བྱུང་བར། མི་རིང་བའི་གོང་། “ཅི་ལིན་པེ་ཡའོ་བུམ་པའི”རྒྱལ་ཡོངས་ཀྱི་ཀྲུང་ལུགས་གསོ་རིག་མཐོ་རིམ་སློབ་གླིང་གི་སློབ་གྲྭ་ཆེ་མོ་བའི་གསར་གཏོད་ལས་གཏོད་འགྲན་བསྡུར་སྐབས་གཉིས་པའི་ཐོག བོད་ལྗོངས་བོད་ལུགས་གསོ་རིག་སློབ་ཆེན་རྒྱུན་མཐུད་སློབ་གསོ་པུའི་སློབ་མ་ཉི་མ་བཀྲ་ཤིས་ཀྱིས“འགྲོ་ཕན་བོད་སྨན་དང་གཟིམ་སྤོས”ཞེས་པའི་རྣམ་གྲངས་ལ་བརྟེན་ནས་གསར་གཏོད་ཚོགས་ཆུང་གི་མཐའ་བསྡུར་ནང་ཚུད་པ་དང་། “ཟངས་ཀྱི་བྱ་དགའ་ནས་དངུལ་གྱི་བྱ་དགར་རིམ་འཕར”ཚོགས་ཆུང་གི་ཨང་དང་པོ་བདེ་བླག་ངང་བླངས་ནས་འགྲན་བསྡུར་གྱི་དངུལ་གྱི་བྱ་དགའ་རག་པ་རེད།

ཉེ་བའི་ལོ་ཤས་རིང་། བོད་ལྗོངས་བོད་ལུགས་གསོ་རིག་སློབ་ཆེན་གྱིས“ལས་ཞུགས་ཐུབ་ཚད་འགན་ལེན་དང་། ལས་གཏོད་བྱེད་ཚད་མཐོར་གཏོང་། ལས་ཞུགས་ལས་གཏོད་ཀྱི་སྤུས་ཚད་འགན་ལེན”བཅས་ཀྱི་ལས་ཀའི་དམིགས་ཚད་ཁ་གསལ་བཟོས་ཏེ་བོད་ལུགས་གསོ་རིག་དང་བོད་སྨན་ལས་རིགས་ཀྱི་ལེགས་ཆར་བརྟེན་པ་དང་།

(པར་ངོས་གསུམ་པར་གཟིགས)

(པར་ངོས་དང་པོར་མཐུད) ལས་རིགས་ཀྱི་གཙོ་གཉེར་སྡེ་ཚན་དང་། མཐུན་ཚོགས། ལས་རིགས་ཀྱི་སྣེ་འདྲེན་ཁེ་ལས་བཅས་དབར་གྱི་འབྲེལ་བ་དང་མཉམ་ལས་ལ་མཐོང་ཆེན་བྱས་ཏེ་སློབ་གསོ་དཀྱུས་མས་མཉམ་ལས་སློབ་གཉེར་ལ་སྐུལ་ཁྲིད་བྱ་རྒྱུ་མཐའ་འཁྱོངས་བྱས་པ་དང་། སློབ་ཐོན་སློབ་མ་ལས་རིགས་འཕེལ་རྒྱས་ཀྱི་གཡུལ་ས་གཙོ་བོར་བསྐྱོད་རྒྱུར་ཁྲིད་སྟོན་ཧུར་ཐག་བྱས་པས་སློབ་གྲྭ་ཡོངས་ཀྱི་ལས་ཞུགས་དང་ལས་གཏོད་ཀྱི་ལས་དོན“མིག་མངས་འགྲིག་སྐོར་གཅིག”གི་རྣམ་པ་ཆགས་ཏེ་སློབ་མའི་ལས་ཞུགས་དང་ལས་གཏོད་ལ་སྐུལ་འདེད་ནུས་ལྡན་ཐུབ་ཡོད། ད་ལོ་བོད་ལྗོངས་བོད་ལུགས་གསོ་རིག་སློབ་ཆེན་ནས་ཐོན་པའི་སློབ་མ་95.44%ལས་ཞུགས་ཐུབ་པ་རེད།

ཤེས་རྟོགས་བྱུང་བར་གཞིགས་ན། “འགྲོ་ཕན་བོད་སྨན་དང་གཟིམ་སྤོས”རྣམ་གྲངས་ནི་བོད་ལྗོངས་བོད་ལུགས་གསོ་རིག་སློབ་ཆེན་གྱི་སློབ་གྲྭ་འགྲིམ་མུས་ཀྱི་སློབ་མ་ཉི་མ་བཀྲ་ཤིས་ཀྱིས་གསར་གཏོད་བྱས་པ་དང་། དེར་སྨན་རྩྭ་འདེབས་འཛུགས་དང་། ཉོ་ཚོང་། ལས་སྣོན་བཅས་གཞི་གཅིག་ཏུ་འདུས་ཏེ་བོད་ལུགས་ཐོན་རྫས་ཀྱི་ཇུས་འགོད་གཙོ་གཉེར་ཁ་ཕྱོགས་སུ་བྱས་པ་དང་། ཆབ་མདོ་གྲོང་ཁྱེར་གོ་འཇོ་རྫོང་སྐྱ་འབེལ་ཤང་བསམ་གྲུབ་ཡར་གྲོང་ཚོར་འགྲོ་ཕན་བོད་སྨན་དང་གཟིམ་སྤོས་ལས་སྣོན་བཟོ་གྲྭ་བཙུགས་ཡོད་པ་རེད། འགྲན་བསྡུར་བྱ་ཡུལ་དུ། ཉི་མ་བཀྲ་ཤིས་ཀྱིས་གཟིམ་སྤོས་དང་སྤོས་ཁུག་སོགས་ཀྱི་ཐོན་རྫས་ལ་ཁྲོམ་སྟོན་སྐབས་མ་འཇོག་མཁན་གྱིས་མཉམ་ལས་བྱས་ཏེ་ཐོན་རྫས་ཁྱབ་གདལ་གཏོང་འདོད་པའི་རྣམ་འགྱུར་བསྟན་པ་རེད། བོད་ལུགས་གསོ་རིག་གི་སྲོལ་རྒྱུན་རིག་གནས་རྒྱུན་འཛིན་དང་དར་སྤེལ་གཏོང་བ་དང་དུས་མཚུངས། ཡུལ་དེ་གའི་དཀའ་ངལ་ཡོད་པའི་ཁྱིམ་ཚང་ལ་ལས་གནས་མཁོ་འདོན་བྱས་པ་མ་ཟད། ཕ་ཡུལ་གྱི་དབུལ་སྒྲོལ་འགག་སྒྲོལ་ལའང་ལེགས་སྐྱེས་འབུལ་བཞིན་ཡོད་པ་རེད།