《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2019年12月25日

ཧྥེང་ཝུན་ཡུང་གི་ཀྲུང་གོ་མི་དམངས་ཆབ་སྲིད་གྲོས་མོལ་ཚོགས་འདུ་སྐབས་བཅུ་གཅིག་པའི་བོད་རང་སྐྱོང་ལྗོངས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་གྱི་ཐོབ་ཐང་མེད་པ་བཟོ་རྒྱུའི་སྐོར་གྱི་གཏན་འབེབས།

(2019ལོའི་ཟླ་9ཚེས་23ཉིན་སྲིད་གྲོས་སྐབས་བཅུ་གཅིག་པའི་བོད་རང་སྐྱོང་ལྗོངས་ཨུ་ཡོན་ལྷན་ཁང་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཚོགས་འདུ་ཐེངས་བརྒྱད་པའི་ཐོག་གྲོས་འཆམ་བྱུང་བ)

ཧྥེང་ཝུན་ཡུང་ལ་གོ་གནས་ཉེས་གསོག་གི་དོགས་གཞི་ཡོད་པར་གཞིགས་ནས། ལྗོངས་ཏང་ཨུད་ཀྱི་གྲོས་འགོར་གཞིགས་ཏེ《ཀྲུང་གོ་མི་དམངས་ཆབ་སྲིད་གྲོས་མོལ་ཚོགས་འདུའི་སྒྲིག་ཡིག》དང་དེ་བཞིན་འབྲེལ་ཡོད་གཏན་འབེབས་ལ་གཞིགས་ནས་སྲིད་གྲོས་སྐབས་བཅུ་གཅིག་པའི་བོད་རང་སྐྱོང་ལྗོངས་ཨུ་ཡོན་ལྷན་ཁང་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཚོགས་འདུ་ཐེངས་བརྒྱད་པའི་ཐོག་ཧྥེང་ཝུན་ཡུང་གི་ཀྲུང་གོ་མི་དམངས་ཆབ་སྲིད་གྲོས་མོལ་ཚོགས་འདུ་སྐབས་བཅུ་གཅིག་པའི་བོད་རང་སྐྱོང་ལྗོངས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་གྱི་ཐོབ་ཐང་མེད་པ་བཟོ་རྒྱུའི་གཏན་འབེབས་བྱས་པ་རེད།