《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2019年12月25日

ཝང་ཧྥེ་སོགས་བློ་མཐུན་11གིས་ཀྲུང་གོ་མི་དམངས་ཆབ་སྲིད་གྲོས་མོལ་ཚོགས་འདུ་སྐབས་བཅུ་གཅིག་པའི་བོད་རང་སྐྱོང་ལྗོངས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་གྱི་ལས་གནས་དགོངས་ཞུ་དང་ལེན་བྱ་རྒྱུའི་སྐོར་གྱི་གཏན་འབེབས།

(2019ལོའི་ཟླ་12ཚེས་23ཉིན་སྲིད་གྲོས་སྐབས་བཅུ་གཅིག་པའི་བོད་རང་སྐྱོང་ལྗོངས་ཨུ་ཡོན་ལྷན་ཁང་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཚོགས་འདུ་ཐེངས་བརྒྱད་པའི་ཐོག་གྲོས་འཆམ་བྱུང་བ)

ཨུ་ཡོན་ཝང་ཧྥེ་དང་། རེན་དབྱིང་ཆི། ལིའུ་ཡུང་ཧྲེང་། ལིའུ་ཤིང་གོ འཇམ་དབྱངས་ཚེ་འཕེལ། ཧྥན་པིང་། ཞུས་ཧྥེ། ཧོང་ཞའོ་ཝུའེ། ཚའོ་ཀྲི་མིང་། ཏུང་ཐའོ། ཡན་ཞའོ་ཧུང་བཅས་ལས་ཀས་རྐྱེན་པས་སྲིད་གྲོས་སྐབས་བཅུ་གཅིག་པའི་བོད་རང་སྐྱོང་ལྗོངས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་གྱི་ལས་གནས་དགོངས་པ་ཞུ་རྒྱུའི་རེ་བ་ཞུས་པ་རེད། སྲིད་གྲོས་སྐབས་བཅུ་གཅིག་པའི་བོད་རང་སྐྱོང་ལྗོངས་ཨུ་ཡོན་ལྷན་ཁང་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཚོགས་འདུ་ཐེངས་བརྒྱད་པའི་ཐོག་སྲིད་གྲོས་སྒྲིག་ཡིག་གི་དོན་ཚན་ཨང་ཉེར་བརྒྱད་པའི་གཏན་འབེབས་ལྟར་ཝང་ཧྥེ་སོགས་ཨུ་ཡོན་11གི་ལས་གནས་དགོངས་ཞུ་དང་ལེན་བྱས་པ་རེད།