《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2019年12月25日

རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་སྐབས་བཅུ་གཅིག་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་ཚོགས་འདུ་ཐེངས་44པ་འཚོགས་པ།

འདི་ག་ཚགས་པར་ཁང་དུ་ལྷ་ས་ནས་ཟླ་12ཚེས་23ཉིན་གནས་ཚུལ་འབྱོར་གསལ། ཚེས་23ཉིན་གྱི་སྔ་དྲོ། ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་བློ་བཟང་རྒྱལ་མཚན་གྱི་མངགས་བཅོལ་ལྟར་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་གཞོན་པ་བསྟན་འཛིན་རྣམ་རྒྱལ་གྱིས་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་སྐབས་བཅུ་གཅིག་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་ཚོགས་འདུ་ཐེངས་44པ་འཚོགས་ཤིང་། རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་གཞོན་པ་ཅུས་ཅན་ཧྭ་དང་ཝང་ཅུན་དང་དྲུང་ཆེ་ལིའུ་ཀོང་ཤུས་བཅས་ཚོགས་འདུར་ཕེབས་ཡོད་པ་རེད།

ཀྲུའུ་རེན་ཚོགས་འདུའི་ཐོག་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་སྐབས་བཅུ་གཅིག་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཚོགས་འདུ་ཐེངས་བཅུ་དྲུག་པ་2020ལོའི་ཟླ་དང་པོའི་ཟླ་འགོར་ལྷ་སར་འཚོག་རྒྱུའི་གྲོས་འགོ་བཏོན་པ་དང་།

(པར་ངོས་བཞི་པར་གཟིགས)

(པར་ངོས་དང་པོར་མཐུད) 《བོད་རང་སྐྱོང་ལྗོངས་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་དཔེ་བཟང་ལྗོངས་གཏོད་རྒྱུའི་སྲོལ་ཡིག(འཆར་ཟིན)》ལ་གྲོས་ཞིབ་བྱས་པ། 《བོད་རང་སྐྱོང་ལྗོངས་མི་དམངས་འཐུས་མི་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ལས་དོན་སྙན་སྒྲོན(འཆར་ཟིན)》ལ་གྲོས་ཞིབ་བྱས་པ། རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་གསུམ་པའི་གྲོས་རིམ(མ་ཟིན)དང་། ཀྲུའུ་ཞི་ཚོགས་པ་དང་དྲུང་ཆེའི་མཚན་ཐོ(འཆར་ཟིན) ཟུར་ཞུགས་མི་སྣའི་མཚན་ཐོ(འཆར་ཟིན)བཅས་གྲོས་ཞིབ་བྱུ་རྒྱུར་འབུལ་རྒྱུའི་སྐོར་གྱི་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་ཚོགས་འདུའི་གྲོས་གཞིར་གྲོས་ཞིབ་བྱས་པ། འཐུས་མི་ཁག་གཅིག་གི་འཐུས་མིའི་ཐོབ་ཐང་གི་སྙན་ཞུར་གྲོས་ཞིབ་བྱས་པ་སོགས་རེད།

ཚོགས་འདུའི་ཐོག《བོད་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ལས་དོན་སྙན་སྒྲོན(མ་ཟིན)》ལ་གྲོས་བསྡུར་བྱས་པ་དང་། ཚོགས་འདུའི་ཐོག་2018ལོའི་ལོ་འཁོར་གྱི་དངུལ་རྩའི་ཁེ་ལས་ཀྱི་གཞུང་ཁོངས་མ་རྩ་དོ་དམ་བྱས་ཚུལ་གྱི་ཆེད་དོན་སྙན་ཞུ་དང་གཞུང་ཁོངས་མ་རྩ་དོ་དམ་བྱས་ཚུལ་གྱི་ཕྱོགས་བསྡུས་སྙན་ཞུ། ལས་ཞུགས་སྐུལ་འདེད་བཅའ་ཁྲིམས་དང་དེ་བཞིན་ལག་བསྟར་བྱ་ཐབས་ལག་བསྟར་དོན་འཁྱོལ་བྱས་ཚུལ་གྱི་སྙན་ཞུ། བསྐྱར་སྐྱེས་ཐུབ་པའི་ནུས་རྒྱུའི་བཅའ་ཁྲིམས་ལག་བསྟར་དོན་འཁྱོལ་བྱས་ཚུལ་གྱི་སྙན་ཞུ་བཅས་ཀྱི་གྲོས་ཞིབ་བསམ་འཆར་ལ་ཞིབ་འཇུག་བྱས་པ་དང་། གྲོས་ཞིབ་བསམ་འཆར་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་དང་དེ་བཞིན་དེའི་འབྲེལ་ཡོད་སྡེ་ཚན་ལ་བསྒྲུབ་རྒྱུར་རྩིས་སྤྲོད་རྒྱུ་རེད།

ཚོགས་འདུའི་ཐོག་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་ཀྱི་ཆེད་དོན་ཨུ་ཡོན་ལྷན་ཁང་ཁག་དང་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ལས་དོན་ཨུ་ཡོན་ལྷན་ཁང་ཁག་དང་། གཞུང་དོན་ཐིང་གི་2019ལོའི་ལས་ཀའི་ཕྱོགས་སྡོམ་དང་2020ལོའི་ལས་ཀའི་གཙོ་གནད་གསན་པ་རེད། ཚོགས་འདུའི་ཐོག་ཀྲུང་དབྱང་དང་ལྗོངས་ཏང་ཨུད་ཀྱི་ཚོགས་འདུ་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱས་ནས་ལས་ཀའི་བསམ་ཕྱོགས་རྒྱ་ཆེར་གཏོང་བ་དང་ལས་འགན་དང་བྱེད་ཐབས་ཞིབ་ཚགས་སུ་བཏང་སྟེ་ལོ་གསར་པའི་མི་དམངས་འཐུས་ཚོགས་ཀྱི་ལས་དོན་ཁག་སྤུས་ཚད་མཐོ་པོས་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་དགོས་པའི་བླང་བྱ་བཏོན་པ་རེད།

(བདེ་སྐྱིད་ཀྱིས་བསྒྱུར། བདེ་སྐྱིད་དང་བསྟན་བཟང་གིས་ཞུས)