《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2019年12月25日

སྲིད་གྲོས་སྐབས་བཅུ་གཅིག་པའི་བོད་རང་སྐྱོང་ལྗོངས་ཨུ་ཡོན་ལྷན་ཁང་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཚོགས་འདུ་ཐེངས་བརྒྱད་པ་འཚོགས་པ།

ཏིང་ཡེ་ཤན་ཕེབས་པ་དང་འབྲེལ་གསུང་བཤད་ཀྱང་གནང་བ།

འདི་ག་ཚགས་པར་ཁང་དུ་ལྷ་ས་ནས་ཟླ་12ཚེས་23ཉིན་གནས་ཚུལ་འབྱོར་གསལ། ཚེས་23ཉིན་སྲིད་གྲོས་སྐབས་བཅུ་གཅིག་པའི་བོད་རང་སྐྱོང་ལྗོངས་ཨུ་ཡོན་ལྷན་ཁང་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཚོགས་འདུ་ཐེངས་བརྒྱད་པ་ལྷ་སར་འཚོགས་པ་རེད།

རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་རང་སྐྱོང་ལྗོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་འཕགས་པ་ལྷ་དགེ་ལེགས་རྣམ་རྒྱལ་གྱི་མངགས་བཅོལ་ལྟར། ལྗོངས་སྲིད་གྲོས་ཏང་ཙུའི་ཧྲུའུ་ཅི་གཞོན་པ་ཀྲུའུ་ཞི་གཞོན་པ་ཀའོ་དབྱང་གིས་ཚོགས་འདུ་གཙོ་སྐྱོང་གནང་བ་རེད།

ལྗོངས་ཏང་ཨུད་ཀྱི་རྒྱུན་ལས་ཧྲུའུ་ཅི་གཞོན་པ་ལྗོངས་སྲིད་གྲོས་ཏང་ཙུའི་ཧྲུའུ་ཅི་ཏིང་ཡེ་ཤན་ཕེབས་པ་དང་འབྲེལ་གསུང་བཤད་ཀྱང་གནང་བ་རེད།

ལྗོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་སྒྲུབ་ཁང་ཐུབ་བསྟན་མཁས་གྲུབ་དང་། བློ་བཟང་འགྱུར་མེད། སངས་རྒྱས་གྲགས་པ། སྒྲོལ་དཀར། ལེ་ཀུའེ་ལུང་། བཀྲ་ཤིས་ཟླ་བ་བཅས་ཕེབས་ཡོད་པ་རེད།

(པར་ངོས་བཞི་པར་གཟིགས)

(པར་ངོས་དང་པོར་མཐུད)

ཚོགས་འདུའི་ཐོག་ད་ཐེངས་ཀྱི་ཚོགས་འདུའི་གྲོས་རིམ་ལ་གྲོས་ཞིབ་བྱས་ནས་གྲོས་འཆམ་བྱུང་བ་དང། ཏང་གི་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པ་དང་ཀྲུང་དབྱང་གི་དཔལ་འབྱོར་ལས་དོན་ཚོགས་འདུའི་དགོངས་དོན་དང་། ཀྲུང་དབྱང་གི་སྲིད་གྲོས་ལས་དོན་ཚོགས་འདུ་དང《དུས་རབས་གསར་པར་མི་དམངས་སྲིད་གྲོས་ཀྱི་ལས་དོན་ལ་ཤུགས་སྣོན་རྒྱག་པ་དང་ལེགས་སུ་གཏོང་བའི་སྐོར་གྱི་ཀྲུང་གུང་ཀྲུང་དབྱང་གི་བསམ་འཆར》གྱི་དགོངས་དོན། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་སྲིད་གྲོས་ལས་དོན་ཚོགས་འདུའི་དགོངས་དོན་བཅས་བརྒྱུད་བསྒྲགས་སློབ་སྦྱོང་བྱས་པ་དང་། 《ཏང་གི་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པ་དང་ཀྲུང་དབྱང་གི་སྲིད་གྲོས་ལས་དོན་ཚོགས་འདུ་དང་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་སྲིད་གྲོས་ལས་དོན་ཚོགས་འདུའི་དགོངས་དོན་སློབ་སྦྱོང་ལག་བསྟར་བྱ་རྒྱུའི་སྐོར་གྱི་གྲོས་ཆོད》དང《སྲིད་གྲོས་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་གསུམ་པ་འཚོག་རྒྱུའི་སྐོར་གྱི་ཀྲུང་གོ་མི་དམངས་ཆབ་སྲིད་གྲོས་མོལ་ཚོགས་འདུ་སྐབས་བཅུ་གཅིག་པའི་བོད་རང་སྐྱོང་ལྗོངས་ཨུ་ཡོན་ལྷན་ཁང་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གཏན་འབེབས》དང་དེ་བཞིན་འབྲེལ་ཡོད་མི་དོན་དོན་གནད་བཅས་ལ་གྲོས་ཞིབ་བྱས་ནས་གྲོས་འཆམ་བྱུང་བ་རེད།

ཚོགས་འདུའི་ཐོག་ཚད་མཐོའི་ཆབ་སྲིད་ཀྱི་རང་རྟོགས་ཐོག་ནས་ཏང་ཀྲུང་དབྱང་གིས་མི་དམངས་སྲིད་གྲོས་ལ་དཀྲིས་པའི་ངེས་གནས་གསར་པ་དང་། འགན་ནུས་གསར་པ་དང་། འགན་འཁྲི་གསར་པ། བླང་བྱ་གསར་པ་བཅངས་ལ་གོ་བ་གཏིང་ཟབ་ལེན་པ་དང་གཙོ་གནད་ཁོང་དུ་ཆུད་པ་བྱས་ཏེ་མི་དམངས་སྲིད་གྲོས་ཀྱི་ལམ་ལུགས་མཐའ་འཁྱོངས་ཡག་པོ་དང་། མི་དམངས་སྲིད་གྲོས་ཀྱི་བྱ་གཞག་འཕེལ་རྒྱས་ཡག་པོ་བཏང་ནས་ལམ་ལུགས་ཀྱི་ལེགས་ཆ་དེ་བཅོས་སྐྱོང་གི་ཕན་ནུས་ལ་ཏན་ཏིག་འགྱུར་བ་བྱེད་དགོས་པ་སྟེ། གཅིག་ནས་བསམ་བློའི་ངོས་འཛིན་སྔར་བས་ཟབ་ཏུ་བཏང་སྟེ་བོད་ཀྱི་དོན་དངོས་དང་བོད་ལྗོངས་སྲིད་གྲོས་ལས་དོན་གྱི་དོན་དངོས་དང་ཟུང་འབྲེལ་བྱས་ནས། རྒྱལ་ཁབ་བཅོས་སྐྱོང་མ་ལག་དང་བཅོས་སྐྱོང་ནུས་པ་དེང་རབས་ཅན་ལ་སྐུལ་འདེད་གཏོང་རིང་གི་ཆེད་དོན་གྲོས་མོལ་སྒྲིག་གཞིའི་ནུས་པ་གལ་ཆེན་དེ་བས་ལེགས་པར་འདོན་སྤེལ་བྱེད་དགོས་པ་དང་། གཉིས་ནས་འགན་འཁྲི་དང་ལས་སྒོ་གཙོ་བོར་སྔར་བས་དམིགས་ཏེ་རྒྱལ་ཁབ་བཅོས་སྐྱོང་མ་ལག་ཁྲོད་ཀྱི་མི་དམངས་སྲིད་གྲོས་ལ་ཆེད་མངགས་ལྡན་པའི་ཁྱད་ཆོས་དང་། སྤུས་ཚད། ཆུ་ཚད་བཅས་འདོན་སྤེལ་བྱེད་དགོས་པ། གསུམ་ནས་ཐུན་མོང་གི་ངོས་འཛིན་གཅིག་ཏུ་སྒྲིལ་བའི་ཐད་སྔར་བས་ཤུགས་བརྒྱབ་སྟེ་ཐུན་མོང་གི་ངོས་འཛིན་གཅིག་ཏུ་སྒྲིལ་བའི་སྤུས་ཚད་མཐོ་རུ་དང་ཕན་འབྲས་ཆེ་རུ་བཏང་ནས། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་ལྗོངས་འཛུགས་སྐྲུན་དང་ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་གྱི་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་ཡོང་ཆེད་ཐུན་མོང་ཐོག་ནུས་ཤུགས་འདོན་དགོས་པ། བཞི་ནས་བོད་ལྗོངས་སྲིད་གྲོས་ལས་དོན་གྱི་དམིགས་བསལ་རང་བཞིན་ལ་སྔར་བས་ངོས་འཛིན་གཏིང་ཟབ་བྱས་ཏེ་མཐའ་སྐྱོང་བོད་བརྟན་ལ་སྐུལ་འདེད་གཏོང་རིང་གི་མི་དམངས་སྲིད་གྲོས་ཀྱི་ནུས་པ་གལ་ཆེན་དེ་བས་འདོན་སྤེལ་ཡག་པོ་བྱེད་དགོས་པ། ལྔ་ནས་ཨུ་ཡོན་དཔུང་ཁག་འཛུགས་སྐྱོང་གི་སྤུས་ཚད་སྔར་བས་མཐོ་རུ་བཏང་སྟེ་དུས་རབས་གསར་པའི་མི་དམངས་སྲིད་གྲོས་ཀྱི་རྣམ་པ་གསར་པ་གཏོད་པ་དང་དུས་རབས་གསར་པའི་མི་དམངས་སྲིད་གྲོས་ཀྱི་གྲུབ་འབྲས་གསར་པ་གཏོད་དགོས་པ། དྲུག་ནས་ཏང་འཛུགས་སྐྱོང་གིས་སྣེ་ཁྲིད་རྒྱུར་སྔར་བས་ཤུགས་སྣོན་བརྒྱབ་སྟེ་སྲིད་གྲོས་བྱ་གཞག་འཕེལ་རྒྱས་ཀྱི་ཡང་དག་པའི་ཆབ་སྲིད་ཀྱི་ཁ་ཕྱོགས་འགན་ལེན་བྱེད་དགོས་པ་བཅས་ཀྱི་ནན་བཤད་བྱས་པ་རེད།

ཚོགས་འདུའི་ཐོག་ཏང་ཀྲུང་དབྱང་དང་ལྗོངས་ཏང་ཨུད་ཀྱི་ཐབས་ཇུས་བཀོད་སྒྲིག་ལག་ལེན་ནན་པོ་བསྟར་ཏེ་ལམ་ལུགས་ཀྱི་འདུ་ཤེས་ཟབ་ཏུ་གཏོང་བ་དང་། ལམ་ལུགས་ཀྱི་ལེགས་ཆ་དྲིལ་བསྒྲགས་བྱེད་པ། ལས་ཀའི་ལམ་ལུགས་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་བ། འགན་དབང་ཁ་གསལ་དང་། གོ་རིམ་ཚད་ལྡན། འབྲེལ་བ་ལེགས་པ། འཁོར་རྒྱུག་ནུས་ལྡན་བཅས་ཀྱི་ལམ་ལུགས་ཀྱི་མ་ལག་ཞིག་ཆགས་པ་བཅས་བྱས་ཏེ། མི་དམངས་སྲིད་གྲོས་ཀྱི་ལམ་ལུགས་ཀྱི་ལེགས་ཆ་དེ་མཐའ་སྐྱོང་བོད་བརྟན་གྱི་ཕན་ནུས་ལ་འགྱུར་བ་བྱེད་དགོས་པའི་བླང་བྱ་བཏོན་པ་རེད།

(དཀོན་སྒྲོལ་གྱིས་བསྒྱུར། པ་ཚེས་ཞུས)