《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2019年12月25日

གཞིས་རྩེས“རྒྱུད་གཅིག་ལམ་གཅིག”གི་གྲོས་འགོ་དང་འབྲེལ་མཐུད་བྱས་ནས་འབྲོག་ལས་ཕྱོགས་སྒྱུར་རིམ་སྤོར་ལ་སྐུལ་འདེད་བཏང་བ།

ནོར་ལུག་ཤ་ཤེད་རྒྱས་ཤིང་འབྲོག་གླུ་ལྷང་ལྷང་གྲགས།

ནམ་མཁའ་གཡའ་དག་པའི་དགུན་དུས་ཀྱི་ཉིན་ཞིག་གསར་འགོད་པ་གཞིས་རྩེ་གྲོང་ཁྱེར་ས་སྐྱ་རྫོང་བྲག་མཇུག་ཤང་དུ་གནས་པའི་གཞིས་རྩེ་གྲོང་ཁྱེར་ཇོ་མོ་གླང་མའི་ཞིང་ལས་མ་འཇོག་པའེ་ཡ་ཁྲེང་ཞིང་ཞོར་ཉོ་ཚོང་ཚད་ཡོད་ཀུང་སིའི་འབྲོག་ལས་ཐོན་ལས་རྟེན་གཞིར་སླེབས། དེར་མ་དངུལ་སྒོར་དུང་ཕྱུར་3.3བཏང་ནས་ས་ཆ་ཁྱོན་བསྡོམས་མུའུ་617.12བཟུང་བའི་ཐོན་ལས་རྟེན་གཞིར་གསོ་སྤེལ་ཁུལ་དང་། གཟན་ཆག་ལས་སྣོན་ཁུལ། ཚགས་ཤ་དང་ལུག་ཤ་ལས་སྣོན་ཞིབ་ཚགས་ཁུལ་བཅས་ལྟེ་བའི་ས་ཁོངས་ཆེན་པོ་གསུམ་ལ་དབྱེ་འདུག

རྟེན་གཞིའི་ནང་སྐྱོད་སྐབས་དེང་རབས་ཅན་གྱི་བཟོ་ཁང་གིས་ལུང་ཁུག་གི་རི་གྲོང་ཆུང་ངུ་དེར་བཟོ་ལས་ཅན་གྱི་རྣམ་པ་ཞིག་སྦྱིན་པ་དང་། གཟན་ཆག་ལས་སྣོན་བཟོ་གྲྭར་གཟན་རྩྭ་མང་པོ་སྤུངས་ཤིང་། ནོར་ལུག་གི་འཚོ་བཅུད་གཟན་རྩྭ་གྲལ་སྟར་སྒྲིག་པོས་བཞག་པ་དང་སྙོམས་སྒྲིག་བྱས་ཟིན་པའི་འདོན་འཇུག་འཕྲུལ་མིས་ཐོན་སྐྱེད་བྱ་ཡུལ་དུ་གཟན་རྩྭ་དབོར་བཞིན་ཡོད། གསོ་སྤེལ་ར་བ་ནས་བཤས་གཏོང་གྲབས་ཡོད་པའི་ནོར་ལུག་ཤ་ཤེད་རྒྱས་པ་དང་ཚགས་ཤ་དང་ལུག་ཤ་ལས་སྣོན་ཞིབ་ཚགས་བྱེད་པའི་འཁོར་ཁང་དུ་ལས་མི་བཅུ་གྲངས་ཀྱིས་ཚགས་ཤ་དང་ལུག་ཤ་དབྱེ་བཞིན་ཡོད་པ་རེད།

ཀུང་སི་དེའི་སྤྱི་ཁྱབ་ཅིང་ལི་ལིའུ་ཝེ་ཡིས་2019ལོའི་ཟླ་10པར་ཀུང་སི་དངོས་སུ་གཉེར་སྐྱོང་བྱས་པ་དང“ཀུང་སི+རྟེན་གཞི+མཉམ་ལས་ཁང+ཞིང་འབྲོག་དུད”བཅས་ཟུང་དུ་འབྲེལ་བའི་གཉེར་སྐྱོང་བྱ་ཐབས་གཞིར་བཟུང་གཞིས་རྩེ་གྲོང་ཁྱེར་གྱི་འབྲོག་ལས་མཉམ་ལས་ཁང་778དང་མཉམ་ལས་གྲོས་མཐུན་བཞག་སྟེ་ཞིང་འབྲོག་མང་ཚོགས་ཁྲི་11.18ལ་སྐུལ་ཁྲིད་བྱས་པའི་ནང་དུད་ཚང་དབུལ་པོ་ཁྲི་1.8ཡི་མི་ཁྲི་7.1ལ་ལོའི་ཆ་སྙོམས་ཡོང་འབབ་སྒོར་7500བྱུང་བ་རེད།

འགག་རྩའི་ཁེ་ལས་ཡིན་པའི་ངོས་ནས་ཀུང་སི་དེས་ཕྱུགས་ཁྱུའི་གྲུབ་ཆ་བཟང་སྒྲིག་དང་ལེགས་སྒྲིག་བྱ་རྒྱུ་དེ་ཐོག་མཐའ་བར་གསུམ་དུ“ཇོ་རིའི་ནོར་ལུག”ཐོན་ལས་འཕེལ་རྒྱས་ཀྱི་ནང་དོན་གཙོ་བོར་བརྩིས་ཏེ“ཆེ་ཕྱུགས་རིམ་བཞིན་ཉུང་དུ་གཏོང་བ་དང་། ར་ངེས་པར་དུ་ཉུང་དུ་གཏོང་བ། མོ་ཕྱུགས་མང་དུ་གཏོང་བ”བཅས་ཀྱི་བསམ་ཕྱོགས་གཞིར་བཟུང་ནོར་ལུག་ཉོ་སྒྲུབ་བྱེད་པའི་གན་རྒྱ་བཞག་སྟེ་རྫོང་དང་ཆུས་ཁག་ལ་གཟན་རྩྭ་དང་གཟན་ཆག་མཁོ་འདོན་དང་གསོ་སྤེལ་ལག་རྩལ་མཛུབ་ཁྲིད་བྱས་ནས་མང་ཚོགས་ཀྱི་ཕྱིར་ཚོང་དཀའ་བའི་སེམས་ཁྲལ་བསལ་བ་དང་རིམ་པ་དང་རིན་གོང་མི་འདྲ་བའི་སྒོ་ནས་ཞིང་འབྲོག་མང་ཚོགས་ཀྱི་གམ་ནས་ལུག་ཕོ་དང་ར་ཉོས་ཏེ་མང་ཚོགས་ཀྱིས་མ་མོ་མང་ཙམ་གསོ་བར་ལྕག་སྐུལ་བྱས་ཐོག་ལུ་གུ་བཙའ་ཚད་དང་བཤས་གཏོང་ཚད་མཐོ་རུ་བཏང་བ་རེད།

ཀུང་སི་དེས་དེང་རབས་འབྲོག་ལས་ཇི་ལྟར་བྱས་ཏེ་སྐུལ་འདེད་གཏོང་ཐབས་འཚོལ་ཞིབ་བྱེད་རིང་གསར་གཏོད་ཆེ་ཤོས་ནི་རྒྱལ་ཁབ་ཀྱི“རྒྱུད་གཅིག་ལམ་གཅིག”གི་གྲོས་འགོ་དང་འབྲེལ་མཐུད་བྱས་ཏེ་གསར་གཏོད་རང་བཞིན་གྱི་སྒོ་ནས་ནེ་པ་ལར་རྩྭ་བཏབ་སྟེ་ས་མཐོའི་རྩྭ་ར་བདག་སྐྱོང་དང་དཔྱིད་ཀ་དང་དགུན་ཁར་རྩྭ་མི་འདང་བའི་དབང་གིས་གཟན་ཆག་དཀོན་པའི་གནད་དོན་ཐག་གཅོད་བྱས་པ་རེད།

“མིག་སྔར་གཟན་རྩྭ་ཀན་སུའུ་དང་མཚོ་སྔོན་ནས་ཉོ་དགོས་ཀྱི་ཡོད་པས་སྐྱེལ་འདྲེན་གྱི་མ་གནས་མཐོ་པོ་ཡོད། སྟེས་དབང་གི་གོ་སྐབས་ཤིག་ལ་ནེ་པ་ལའི་གནམ་གཤིས་ཆ་རྐྱེན་ལེགས་པོ་ཡོད་པས་གཟན་རྩྭ་དཀོན་པོའི་གནད་དོན་ཐག་གཅོད་ཐུབ་པ་མ་ཟད།

(པར་ངོས་བཞི་པར་གཟིགས)

(པར་ངོས་དང་པོར་མཐུད) ད་དུང་མ་གནས་དམའ་རུ་འགྲོ་བ་ང་ཚོས་ཤེས་རྟོགས་བྱུང་ནས་ནེ་པ་ལར་རྩྭ་འདེབས་རྒྱུའི་བསམ་བློ་འཁོར་བྱུང”ཞེས་ཀུང་སི་དེའི་གཟན་ཆག་བཟོ་གྲྭའི་ཁྲང་ཀྲང་སུན་ཡུས་ཀྲུང་གིས་གསར་འགོད་པར་བརྗོད། 2019ལོའི་ཟླ་3པར་ཀུང་སིས་ལག་རྩལ་དཔུང་ཁག་བཙུགས་ནས་ཆེད་མངགས་ནེ་པ་ལའི་པ་ལ་ཐའེ་པུར་ཆུས་ཅི་ཐའེ་དབང་གྲོང་ཁྱེར་དུ་བསྐྱོད་དེ་ས་གནས་ས་ཐོག་ཏུ་རྟོག་ཞིབ་བྱས་པ་རེད། ཀུང་སི་དེའི་ལག་རྩལ་རིགས་གཅིག་མཁས་ཅན་ཏུང་ཆི་ཅུན་གྱིས་ནེ་པ་ལ་ནས་གཞིས་རྩེའི་བར་སྐྱེལ་འདྲེན་གྱི་བར་ཐག་སྤྱི་ལེ་600ཙམ་ལས་མེད་པས་སྐྱེལ་འདྲེན་གྱི་བདལ་གླ་ཕྱེད་ཀ་ཙམ་གྲོན་ཆུང་ཐུབ་པ་ཤེས་རྟོགས་བྱུང་བ་རེད། ནེ་པ་ལའི་ཆུ་དང་ཚ་ནུས་ཆ་རྐྱེན་ལེགས་པོ་ཡོད་པས་གཟན་རྩྭ་དང་གཟན་ཆག་རྒྱུན་ཆད་མེད་པར་མཁོ་འདོན་བྱེད་ཐུབ་པ་མ་ཟད། ད་དུང་གཞིས་རྩེའི་སྣོད་བཅུད་ཁོར་ཡུག་གི་གནོན་ཤུགས་ཆུང་དུ་གཏོང་ཐུབ་པ་དང་དུས་མཚུངས་ནེ་པ་ལའི་མང་ཚོགས་ལ་ལས་ཞུགས་ཀྱི་ལས་གནས་མཁོ་འདོན་བྱས་ཏེ་ས་གནས་དེ་གའི་མང་ཚོགས་ཀྱི་དཔལ་འབྱོར་ཡོང་འབབ་མང་དུ་གཏོང་ཐུབ་རྒྱུ་རེད།

དེ་རྗེས་ཇོ་མོ་གླང་མའི་ཞིང་ལས་མ་འཇོག་པའེ་ཡ་ཁྲེང་ཞིང་ཞོར་ཐོན་ཟོག་ཚད་ཡོད་ཀུང་སིས་སླར་ཡང་ནེ་པ་ལའི་ཞིང་ལས་པུའུ་དང་། མཁོ་སྤྲོད་པུའུ། ཕྱི་འབྲེལ་པུའུ་སོགས་སྡེ་ཚན་དང་རེ་རེ་བཞིན་སྦྲེལ་མཐུད་བྱས་པ་དང་འབྲེལ་མཐར་མཉམ་ལས་ཀྱི་གྲོས་འདུན་བཞག་པ་རེད།

2019ལོའི་ཟླ་6པར་ཀུང་སི་དེས་ནེ་པ་ལར་ཐའེ་ཡུས་རྒྱལ་སྤྱིའི་ཚད་ཡོད་ཀུང་སི་ཐོ་བཀོད་དེ་བཙུགས་ནས་ནེ་པ་ལའི་གཟན་རྩྭ་དང་གཟན་ཆག་ཐོན་སྐྱེད་དང་། འདེབས་འཛུགས། ལས་སྣོན་རྟེན་གཞི་བཅས་འཛུགས་སྐྲུན་བྱེད་པའི་འགན་ཡོངས་སུ་ཁུར་བ་དང་སྦྲགས། ནེ་པ་ལའིBHARATPUR(པོ་ལེ་ཕུ་ལེར་གྲོང་ཁྱེར)རུ་མ་དངུལ་སྒོར་ཁྲི་1749.8བཏང་སྟེ་ནོར་ལུག་གི་གཟན་རྩྭ་ཉོ་སྒྲུབ་ཀྱི་གནད་སྨིན་དབུལ་སྐྱོར་རྣམ་གྲངས་བཙུགས་པ་རེད།

མིག་སྔར་ནེ་པ་ལའི་ས་ཁོངས་ཡོངས་སུ་གཟན་རྩྭ་དང་གཟན་ཆག་ཐོན་སྐྱེད་དང་། འདེབས་འཛུགས། ལས་སྣོན་བཅས་གཞི་གཅིག་ཏུ་འདུས་པའི་རྟེན་གཞི་6འདོད་མོས་ཡོད་པའི་སྒོ་ནས་བཙུགས་པ་མ་ཟད། ད་དུང་ས་ཁོངས་ཕྱི་རོལ་གྱི་མ་འཇོག་དངུལ་འབོར་སྒོར་ཁྲི་9000རེ་ཞུ་བྱེད་པའི་འབྲེལ་ཡོད་འགྲོ་ལུགས་གཉེར་ནས་རྣམ་གྲངས་བསྐྲུན་རྗེས་གཟན་རྩྭ་འདེབས་འཛུགས་རྒྱ་ཁྱོན་མུའུ་ཁྲི་100ལྷག་ཙམ་མཁོ་འདོན་བྱས་ཏེ་གཞིས་རྩེ་གྲོང་ཁྱེར་གྱི་ནོར་ལུག་གསོ་ཚགས་ཀྱི་90%ཡི་གཟན་རྩྭ་དང་གཟན་ཆག་གི་གནད་དོན་ཐག་གཅོད་ཐུབ་རྒྱུ་རེད། ཉིན་ཤས་གོང་ནེ་པ་ལར་ཐོན་སྐྱེད་བྱས་པའི་ཁག་དང་པོའི་གཟན་རྩྭ་དང་གཟན་ཆག་ཏུན་400གཞིས་རྩེ་གྲོང་ཁྱེར་དུ་དབོར་བ་རེད། ཤེས་རྟོགས་བྱུང་བར་གཞིགས་ན། རྣམ་གྲངས་དེས་ནེ་པ་ལའི་ས་གནས་དེ་གའི་དུད་ཚང་6000ལྷག་ཙམ་དང་མི་ཁྲི་3ལྷག་ཙམ་གྱི་ལས་ཞུགས་ལ་སྐུལ་ཁྲིད་ཐུབ་པ་དང་ས་ཆ་མུའུ་རེ་ནས་ས་གནས་དེ་གའི་ལས་མིར་ཡོང་འབབ་མི་དམངས་ཤོག་སྒོར་2000ལྷག་ཙམ་བྱུང་བ་རེད།

(ཚེ་ཁོས་བསྒྱུར། བསོད་བདེ་དང་ཚེ་ཁོས་ཞུས)