《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2019年12月25日

ཆེ་དགྲ་ལྷས་རང་སྐྱོང་ལྗོངས་ཀྱི་ཐུམ་འབུའི་ནད་ཕྱོགས་བསྡུས་འགོག་བཅོས་ལས་དོན་བཀོད་འདོམས་པུའི་ཚོཌ་འདུ་གཙོ་སྐྱོང་གནང་བ།

འདི་ག་ཚགས་པར་ཁང་དུ་ལྷ་ས་ནས་ཟླ་12ཚེས་23ཉིན་གནས་ཚུལ་འབྱོར་གསལ། ཚེས་20ཉིན་གྱི་ཕྱི་དྲོ་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་ཆེ་དགྲ་ལྷས་རང་སྐྱོང་ལྗོངས་ཀྱི་ཐུམ་འབུའི་ནད་ཕྱོགས་བསྡུས་འགོག་བཅོས་ལས་དོན་བཀོད་འདོམས་པུའི་བརྙན་ལམ་ཚོགས་འདུ་ཐེངས་བརྒྱད་པ་གཙོ་སྐྱོང་གནང་བ་དང་སྦྲགས། ལྗོངས་ཡོངས་ཀྱི་གྲོང་ཁྱེར(ས་ཁུལ)བདུན་དང་ལྗོངས་ཐད་གཏོགས་ཀྱི་འབྲེལ་ཡོད་སྡེ་ཚན་གྱི་ལས་ཀའི་སྙན་སེང་གསན་ནས་ལྗོངས་ཡོངས་ཀྱི་ཐུམ་འབུའི་ནད་ཕྱོགས་བསྡུས་འགོག་བཅོས་ལས་དོན་ལ་ཕྱོགས་སྡོམ་དང་གོམ་སྟབས་རྗེས་མའི་ལས་དོན་བཀོད་སྒྲིག་ཀྱང་གནང་བ་རེད།

རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་གཞོན་པ་ལུའོ་མེ་ཕེབས་ཡོད་པ་རེད།

ཆེ་དགྲ་ལྷས། སང་ལོ་ནི་རང་ལྗོངས་ཀྱིས་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་པའི་ལོ་ཞིག་ཡིན་ལ། ཐུམ་འབུའི་ནད་འབྱོར་འབྲིང་སྤྱི་ཚོགས་ཁྲོད་དུ་མི་ཁྱབ་པ་བྱེད་པའི་ལས་ཀའི་དམིགས་ཚད་མངོན་འགྱུར་བྱེད་པའི་འགག་རྩའི་ལོ་ཞིག་ཀྱང་ཡིན། དེས་ན་རིམ་པ་ཁག་དང་སྡེ་ཚན་ཁག་གིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་ཁྲིད་དུ་བྱེད་པ་དང་། འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་གཅིག་འདོམས་སུ་བྱེད་པ། མི་དམངས་ཀྱི་བདེ་ཐང་སྔོན་ལ་འཕེལ་རྒྱས་གཏོང་བའི་འཐབ་ཇུས་སུ་བྱེད་པ། བདེ་ཐང་བོད་ལྗོངས་འཛུགས་སྐྲུན་གྱི་གོམ་སྟབས་མགྱོགས་སུ་གཏོང་བ་བཅས་བྱས་ཏེ་ལྗོངས་ཡོངས་ཀྱི་མི་རིགས་ཁག་གི་མི་དམངས་རྣམས་ལ་སྤྱི་ཚོགས་རིང་ལུགས་ཀྱི་བདེ་ཐང་བྱ་གཞག་འཕེལ་རྒྱས་ཀྱི་གྲུབ་འབྲས་ལོངས་སུ་སྤྱོད་རྒྱུ་ཡོང་བར་བྱས་ནས་ལོ་བརྒྱ་གཉིས་ཀྱི་འབད་འཐབ་དམིགས་ཚད་མངོན་འགྱུར་ཆེད་རྨང་གཞི་བརྟན་པོ་འདིང་དགོས་ཞེས་གསུངས་པ་རེད།

ཆེ་དགྲ་ལྷས། ནད་ཡམས་ཚོད་འཛིན་མ་ལག་འཐུས་སྒོ་ཚང་དུ་བཏང་སྟེ། རང་སྐྱོང་ལྗོངས་ཀྱི་ཐུམ་འབུའི་ནད་ཕྱོགས་བསྡུས་འགོག་བཅོས་ལས་དོན་བཀོད་འདོམས་པུའུ་དེ་བདེ་ཐང་བོད་ལྗོངས་འཛུགས་སྐྲུན་གྱི་འགོ་ཁྲིད་ཚོགས་ཆུང་ཁྲོད་ཁྱབ་པར་བྱས་ནས་ཐུམ་འབུའི་ནད་ཁོ་ནས་ནད་ཡམས་ཚབས་ཆེན་གཞན་དག་ཏུ་མི་འགྱུར་བའི་ཕྱོགས་བསྡུས་སྔོན་འགོག་ཚོད་འཛིན་བྱེད་དགོས། གཙོ་གནད་ལ་དམ་འཛིན་དང་། ཞན་ཆ་གསབ་པ། ཉམས་ཞན་སྟོབས་ཆེར་གཏོང་བ་བཅས་མངོན་གསལ་དོད་པོ་ཡོང་བར་བྱས་ནས་སྨན་བཅོས་ཞབས་ཞུ་ལེགས་སུ་དང་འགན་སྲུང་ནུས་པ་ཆེ་རུ་ཏན་ཏིག་གཏོང་དགོས། གནད་དོན་ཕྱོགས་སྟོན་དུ་འཛིན་རྒྱུ་དང་། དམིགས་ཚད་ཕྱོགས་སྟོན་དུ་འཛིན་རྒྱུ། གྲུབ་འབྲས་ཕྱོགས་སྟོན་དུ་འཛིན་རྒྱུ་བཅས་མཐའ་འཁྱོངས་བྱེད་པ་དང་། དུས་ཚོད་ཀྱི་མཚམས་ཚིག་གསལ་པོ་བཟོ་བ། ལས་འགན་དང་བྱེད་ཐབས་ཞིབ་ཚགས་སུ་གཏོང་བ། མི་དམངས་མང་ཚོགས་ཀྱི་བློ་ཡིད་ཚིམ་ཚད་ཆེ་རུ་གཏོང་བ་བཅས་བྱས་ནས་བོད་ཀྱི་སྨན་བཅོས་འཕྲོད་བསྟེན་བྱ་གཞག་སླར་ཡང་སྐས་རིམ་གསར་པར་སླེབས་རྒྱུར་ཐུན་མོང་ཐོག་སྐུལ་འདེད་གཏོང་དགོས་ཞེས་ནན་བཤད་གནང་བ་རེད།

(སྐལ་མཆོག་གིས་བསྒྱུར། རིག་རྡོར་གྱིས་ཞུས)