《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2019年12月24日

རང་སྐྱོང་ལྗོངས་སྲིད་གཞུང་གིས་འཕྲལ་སྡོམ་དོ་དམ་པུའི་དཔྱད་ཞིབ་ཚོགས་ཆུང་བཅས་པ་དང་བཞུགས་མོལ་གནང་བ།

འདི་ག་ཚགས་པར་ཁང་དུ་ལྷ་ས་ནས་ཟླ་12ཚེས་22ཉིན་གནས་ཚུལ་འབྱོར་གསལ། ཚེས་21ཉིན་གྱི་ཕྱི་དྲོ། རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གིས་འཕྲལ་སྡོམ་དོ་དམ་པུའི་དཔྱད་ཞིབ་ཚོགས་ཆུང་བཅས་པ་དང་བཞུགས་མོལ་གནང་བ་དང་རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་གཞོན་པ་དང་། ལྗོངས་ཏང་ཨུད་སྲིད་ཁྲིམས་ཨུ་ལྷན་གྱི་ཧྲུའུ་ཅི་གཞོན་པ། རང་སྐྱོང་ལྗོངས་སྤྱི་བདེ་ཐིང་ཏང་ཨུད་ཀྱི་ཧྲུའུ་ཅི་དང་ཐིང་ཀྲང་བཅས་ཡིན་པའི་ཀྲང་ཧུང་པོ་བཞུགས་མོལ་ནང་ཞུགས་པ་དང་འབྲེལ་གསུང་བཤད་གནང་བ་རེད།

ཚོགས་འདུའི་ཐོག རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་དང་མེ་ཟོན་རོགས་སྐྱོབ་ཅུས་ཀྱི་མཛུབ་ཁྲིད་ནུས་ལྡན་འོག མེ་ཟོན་རོགས་སྐྱོབ་སྤྱི་ཁྱབ་རུ་ཁག་ཏང་ཨུད་ཀྱིས་ཐོག་མཐའ་བར་གསུམ་དུ་མི་དམངས་ཀྱི་ཚེ་སྲོག་དང་རྒྱུ་ནོར་བདེ་འཇགས་སྲུང་སྐྱོང་བྱེད་པའི་མཐོ་ཚད་ཐོག་ལངས་ནས“བོད་སྐྱོད་པ་རྒན་གྲས་ཀྱི་སྙིང་སྟོབས”དང“ལམ་གཉིས་ཀྱི་སྙིང་སྟོབས”རྒྱུན་འཛིན་དང་དར་སྤེལ་བཏང་སྟེ། དམིགས་བསལ་གྱི་ལྗོངས་བབ་དང་རུ་ཁག་གི་གནས་ཚུལ་ལ་དམིགས་ནས་དོན་དངོས་སྒྲུབ་པ་དང་། ཁ་ཚ་དགོས་གཏུགས་ཀྱི་གནས་ཚུལ་ཐག་གཅོད། དཀའ་གནད་ཆེ་བའི་གནས་ཚུལ་ཐག་གཅོད་བཅས་བྱེད་པ་དང་། འགན་ནུས་དང་ལས་འགན་གསར་པའི་ཚད་གཞི་དང་ཡང་ཡང་བསྡུར་ནས་འཕེལ་རྒྱས་དོན་གཉེར་དང་། འགག་སྒྲོལ་དོན་གཉེར། རྒྱལ་ཁ་ལེན་རྒྱུར་དོན་གཉེར་བཅས་བྱས་ཏེ་ཛ་དྲག་དང་དཀའ་ཚེགས་ཆེ་བའི་ལས་འགན་མདུན་དུ་ལྷག་བསམ་རྣམ་དག་དང་བློ་བརྟན་འགྱུར་མེད་ཀྱི་ཆབ་སྲིད་ཀྱི་ཀུན་སྤྱོད་དང་། འགན་འཁྲི་འཁུར་ཕོད་པ། བྱས་རྗེས་འཇོག་ཕོད་པ་བཅས་ཀྱི་ཕུལ་བྱུང་གི་སྤྱོད་ཚུལ་མངོན་པ་མ་ཟད། ལེགས་སྐྱེས་ཀྱང་མངོན་གསལ་དོད་པོ་ཕུལ་ཡོད་ཅེས་བསྟན་ཡོད་པ་རེད།