《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2019年12月24日

ལྗོངས་ཡོངས་ཀྱི་སྒྲིག་བཤེར་ལྟ་ཞིབ་ཁོངས་གཏོཌ་ཀྱི་ལྟ་སྐུལ་ཞིབ་བཤེར་དང་ཞིབ་དཔྱད་བརྟག་ཞིབ་ནུས་པ་མཐོར་གཏོང་འཛིན་གྲྭ་སློབ་མཇུག་འགྲིལ་བ།

འདི་ག་ཚགས་པར་ཁང་དུ་ལྷ་ས་ནས་ཟླ་12ཚེས་22ཉིན་གནས་ཚུལ་འབྱོར་གསལ། ཟླ་12ཚེས་20ཉིན་ལྗོངས་ཡོངས་ཀྱི་སྒྲིག་བཤེར་ལྟ་ཞིབ་ཁོངས་གཏོཌ་ཀྱི་ལྟ་སྐུལ་ཞིབ་བཤེར་དང་ཞིབ་དཔྱད་བརྟག་ཞིབ་ནུས་པ་མཐོར་གཏོང་འཛིན་གྲྭ་ལྷ་སར་སློབ་མཇུག་འགྲིལ་ཞིང་། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ་དང་སྒྲིག་ཨུད་ཀྱི་ཧྲུའུ་ཅི་ཝང་ཝུའེ་ཏུང་སློབ་མཇུག་འགྲིལ་བའི་མཛད་སྒོར་ཞུཌ་ནས་གསུང་བཤད་གནང་བ་རེད།

ཝང་ཝུའེ་ཏུང་གིས་ཆབ་སྲིད་དང་ལས་སྒོའི་ནུས་པ་འཛུགས་སྐྱོང་ལ་ཤུགས་སྣོན་བརྒྱབ་སྟེ། སྒྲིག་བཤེར་ལྟ་ཞིབ་ལས་དོན་སྤུས་ཚད་མཐོ་པོའི་ངང་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་རྒྱུར་འདེགས་སྐྱོར་ནུས་ལྡན་མཁོ་འདོན་བྱེད་དགོས། རྒྱུན་སྲིང་ལྷོད་མེད་ངང་བསམ་བློར་དྲག་ཆས་སྤྲོས་པ་དང་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་དང་། ལྷག་དོན་དུ་མཐའ་སྐྱོང་བོད་བརྟན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྣམ་བཤད་གལ་ཆེན་ངེས་པར་སྦྱོང་དགོས་པའི་སློབ་ཚན་ཞིག་ལ་བརྩིས་ཏེ་རྒྱུན་དུ་སྦྱོང་བ་དང་། མུ་མཐུད་སྦྱོང་བ། གཏིང་ཟབ་སྦྱོང་བ་བཅས་བྱས་ཏེ་མཐའ་གསལ་མཐིལ་རྟོགས་དང་ཤེས་སྦྱོར་གཅིག་མཐུན་ཡོང་བ་བྱེད་དགོས། རྒྱུན་སྲིང་ལྷོད་མེད་ངང་བསམ་གཞིག་དང་ཞིབ་འཇུག་བྱེད་པ་དང་། ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་བ་དང་ལྟ་ཞིབ་སྒྲིག་གཞི་སྒྱུར་བཅོས་ཀྱི་དུས་བབ་གསར་པ་དང་། ལས་འགན་གསར་པ། བླང་བྱ་གསར་པ་བཅས་ཀྱི་ཚད་གཞི་དང་ཡང་ཡང་བསྡུར་ནས་མཐའ་འཁྱོངས་ཁྲོད་འཕེལ་རྒྱས་དང་། མཐའ་འཁྱོངས་ཁྲོད་འཐུས་སྒོ་ཚང་དུ་གཏོང་བ། བསམ་བློ་གཏིང་ཟབ་གཏོང་བ་དང་ཞིབ་འཇུག་གཏིང་ཟབ་བྱེད་པའི་ཁྲོད་སྒྲིག་བཤེར་ལྟ་ཞིབ་ལས་དོན་གྱི་སྤུས་ཚད་དང་ཕན་འབྲས་མཐོ་རུ་གཏོང་རྒྱུར་སྐུལ་འདེད་གཏོང་དགོས། རྒྱུན་སྲིང་ལྷོད་མེད་ངང་འཐབ་རྩོད་ཀྱི་འགན་འཁྲི་འཁུར་ཏེ་འཐབ་རྩོད་ཀྱི་སྙིང་སྟོབས་ཁྲག་རྒྱུན་དང་མཉམ་འདྲེས་བྱེད་པ་དང་། གོང་རིམ་སྒྲིག་ཨུད་དང་རིམ་མཚུངས་ཏང་ཨུད་ཀྱི་འགོ་ཁྲིད་ལ་ཤུགས་སྣོན་རྒྱག་པ། དངོས་ཐོག་བདེན་འཚོལ་དང་སྒྲིག་སྲོལ་དང་། སྒྲིག་ལམ། བཅའ་ཁྲིམས་བཅས་མཐའ་འཁྱོངས། རྒྱ་ཆེའི་ལས་བྱེད་པ་དང་མང་ཚོགས་ལ་བརྟེན་པ་བཅས་བྱས་ཏེ་བོད་ཀྱི་ཏང་གི་སྲིད་འཛིན་རྨང་གཞི་བརྟན་དུ་གཏོང་དགོས། རྒྱུན་སྲིང་ལྷོད་མེད་ངང་རང་གཅུན་ནན་པོ་བྱེད་པ་དང་། རང་ངོས་ལྟ་སྡོམ་དང་སྒྲིག་ཁྲིམས་ཀྱི་གཅུན་སྡོམ་ནན་པོ་བྱས་ཏེ་རང་འགུལ་ངང་ལྟ་འདོམས་དང་ལེན་བྱས་ནས་མཐར་པར་སྤུ་ཙམ་ཡང་མི་གཏོང་བའི་རྣམ་འགྱུར་ཐོག་ནས་སྒྲིག་བཤེར་ལྟ་ཞིབ་ལས་བྱེད་པས་གསང་དོན་ཕྱིར་གྱར་དང་། གྱོད་དོན་ཕྱིར་གྱར། དབང་ཆར་བརྟེན་ནས་སྒེར་དོན་སྒྲུབ་པ་སོགས་ཀྱི་གནད་དོན་ཞིབ་བཤེར་ཐག་གཅོད་ནན་པོ་བྱས་ཏེ། ལྕགས་རྡུང་བར་ངེས་པར་དུ་ཐོ་བ་མཁྲེགས་པོ་ཡོང་བ་བྱེད་དགོས་ཞེས་ནན་བཤད་གནང་བ་རེད།