《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2019年12月24日

ལྗོངས་ཡོངས་ཀྱི་བཅའ་ཁྲིམས་ཁྱབ་གདལ་ལས་དོན་ གྱི་སྐུལ་འདེད་ཚོགས་འདུ་འཚོགས་པ།

འདི་ག་ཚགས་པར་ཁང་དུ་ལྷ་ས་ནས་ཟླ་12ཚེས་22ཉིན་གནས་ཚུལ་འབྱོར་གསལ། ཚེས་21ཉིན་གྱི་སྔ་དྲོ་ལྗོངས་ཡོངས་ཀྱི་བཅའ་ཁྲིམས་ཁྱབ་གདལ་ལས་དོན་གྱི་སྐུལ་འདེད་ཚོགས་འདུ་ལྷ་སར་འཚོགས་པ་དང་། ཚོགས་འདུའི་ཐོག ལྗོངས་ཡོངས་ཀྱི“ལོ་ལྔ་ཚན་བདུན་པའི”བཅའ་ཁྲིམས་ལས་དོན་ཕྱོགས་སྡོམ་བྱས་ནས་གོམ་སྟབས་རྗེས་མའི་བཅའ་ཁྲིམས་ཁྱབ་གདལ་ལས་དོན་ལ་བཀོད་སྒྲིག་བྱས་པ་རེད།

ཧོ་ཝུན་ཧའོ་ཡིས་ནན་བཤད་གནང་དོན། བཅའ་ཁྲིམས་ཁྱབ་གདལ་གྱི་ལས་ཀའི་འགན་འཁྲི་སྔར་བས་ཁ་གསལ་བཟོས་ཏེ། “སུས་ཁྱབ་གདལ་གཏོང་བའི”གནད་དོན་ཐག་གཅོད་ཡག་པོ་བྱེད་པ་དང་། འབྲེལ་ཡོད་སྡེ་ཚན་གྱིས་འགན་ནུས་ཀྱི་ནུས་པ་གང་ལེགས་བཏོན་ཏེ་རང་འགན་རང་འཁུར་གྱིས“བཅའ་ཁྲིམས་ཁག་བདུན་དུ་ཁྱབ་གདལ་གཏོང་བའི”འགན་འཁྲི་དོན་འཁྱོལ་ཡག་པོ་བྱེད་པ། “སུས་ཁྲིམས་ལག་བསྟར་བྱས་ཚེ་དེས་བཅའ་ཁྲིམས་ཁྱབ་གདལ་གཏོང་བ་དང་། སུས་དོ་དམ་བྱས་ཚེ་དེས་བཅའ་ཁྲིམས་ཁྱབ་གདལ་གཏོང་བ། སུས་ཞབས་འདེགས་ཞུས་ཚེ་དེས་བཅའ་ཁྲིམས་ཁྱབ་གདལ་གཏོང་བ། སུས་ལས་མི་སྤྱད་ཚེ་དེས་བཅའ་ཁྲིམས་ཁྱབ་གདལ་གཏོང་བ”བཅས་ཀྱི་རྩ་དོན་དོན་འཁྱོལ་ཡག་པོ་བྱས་ནས། བཅའ་ཁྲིམས་དྲིལ་བསྒྲགས་བྱེད་ཤུགས་ཆེ་རུ་བཏང་སྟེ་སྤྱི་ཚོགས་ཀྱི་ཤུགས་རྐྱེན་ཐེབས་ཤུགས་ཆེ་རུ་གཏོང་དགོས་པ་དང་། བཅའ་ཁྲིམས་ཁྱབ་གདལ་གྱི་གཙོ་གནད་སྔར་བས་མངོན་གསལ་དོད་དུ་བཏང་སྟེ“གང་ཞིག་ཁྱབ་གདལ་གཏོང་བའི”གནད་དོན་ཐག་གཅོད་ཡག་པོ་བྱས་ནས། བོད་ཀྱི་དོན་དངོས་དང་ཟུང་འབྲེལ་གྱིས་རྩ་ཁྲིམས་ཀྱི་འདུ་ཤེས་བརྟན་དུ་གཏོང་བ་དང་། རྩ་ཁྲིམས་སློབ་སྦྱོང་དང་དྲིལ་བསྒྲགས་བྱེད་པ། ཆོས་ལུགས་ཀྱི་ཁྱབ་ཁོངས་སུ་བཅའ་ཁྲིམས་ཁྱབ་གདལ་གཏོང་བ། དྲ་རྒྱའི་བདེ་འཇགས་ཀྱི་ཁྲིམས་སྐྱོང་དྲིལ་བསྒྲགས་སློབ་གསོ། དམངས་འཚོ་ལེགས་གཏོང་འགན་ལེན། མང་ཚོགས་ཀྱི་ཁྲིམས་མཐུན་ཁེ་དབང་སྲུང་སྐྱོང་། སྤྱི་ཚོགས་བཅོས་སྐྱོང་སོགས་མངོན་གསལ་དོད་པོ་བྱས་ཏེ། བཅའ་ཁྲིམས་ཁྱབ་གདལ་ལས་དོན་གྱི་སྤུས་ཚད་དང་ཆུ་ཚད་ཕྱོགས་ཡོངས་ནས་མཐོ་རུ་གཏོང་དགོས་པ། བཅའ་ཁྲིམས་ཁྱབ་གདལ་གྱི་ལས་དོན་སྔར་བས་གསར་གཏོད་བྱས་ནས“ཁྱབ་གདལ་ཇི་ལྟར་གཏོང་བའི”གནད་དོན་ཐག་གཅོད་ཡག་པོ་བྱས་ནས་རང་འགུལ་ངང་དུས་བབ་གསར་པ་དང་འགྱུར་ལྡོག་གསར་པ་དང་བསྟུན་པ་དང་། ཁྲིམས་སྐྱོང་དང་། ཁེ་དབང་སྲུང་སྐྱོང་། འདུམ་སྒྲིག་སོགས་ཐབས་ལམ་ཀྱི་བཅའ་ཁྲིམས་ཁྱབ་གདལ་ནུས་པ་འདོན་སྤེལ་གང་ལེགས་བྱས་ཐོག་བཅའ་ཁྲིམས་ཁྱབ་གདལ་གྱི་འདུ་ཤེས་དང་། བསམ་ཕྱོགས། ལམ་སྲོལ་བཅས་གསར་གཏོད་བྱས་ཏེ་ཁྲིམས་སྐྱོང་དྲིལ་བསྒྲགས་སློབ་གསོའི་དམིགས་སའི་རང་བཞིན་དང་དངོས་ཕན་རང་བཞིན་སྔར་བས་ཆེ་རུ་གཏོང་དགོས་པ། བཅའ་ཁྲིམས་ཁྱབ་གདལ་ལས་དོན་གྱི་འགན་ལེན་བྱེད་ཤུགས་སྔར་བས་ཆེ་རུ་བཏང་སྟེ། “ཁྱབ་གདལ་ཡག་པོ་གཏོང་བའི”གནད་དོན་ཐག་གཅོད་ཡག་པོ་བྱས་ནས་འགན་འཁྲི་དོན་འཁྱོལ་ལ་ཤུགས་སྣོན་རྒྱག་པ་དང་། དཔུང་ཁག་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་པ། དཔྱད་ཞིབ་གདེང་འཇོག་གི་མ་ལག་འཐུས་སྒོ་ཚང་དུ་གཏོང་བ། འགན་ལེན་ལམ་སྲོལ་ལ་ཤུགས་སྣོན་རྒྱག་པ་བཅས་བྱས་ཏེ་བཅའ་ཁྲིམས་ཁྱབ་གདལ་ལས་དོན་གྱི་རྣམ་པ་གསར་པ་ཐུན་མོང་ཐོག་ཧུར་ཐག་གཏོད་དགོས་པ་བཅས་རེད།