《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2019年12月24日

2019ལོ་འཁོར་གྱི“བོད་ཀྱི་བཟོ་བོའི”མིང་བཏགས་ཡོངས་བསྒྲགས་མཛད་སྒོ་ལྷ་སར་འཚོགས་པ།

ཀྲོང་ཡན་ཕེབས་པ་དང་འབྲེལ་གསུང་བཤད་ཀྱང་གནང་བ།

འདི་ག་ཚགས་པར་ཁང་དུ་ལྷ་ས་ནས་ཟླ་12ཚེས་21ཉིན་གནས་ཚུལ་འབྱོར་གསལ། རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གི་ཆོག་མཆན་ཐོབ་པ་བརྒྱུད། ཚེས་20ཉིན་གྱི་དགོང་མོ་རང་སྐྱོང་ལྗོངས་སྤྱི་ཁྱབ་བཟོ་ཚོགས་ཀྱིས་གཙོ་གཉེར་བྱས་པའི་2019ལོ་འཁོར་གྱི“བོད་ཀྱི་བཟོ་བོའི”མིང་བཏགས་ཡོངས་བསྒྲགས་མཛད་སྒོ་ལྷ་སར་འཚོགས་ཤིང་། ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་རང་སྐྱོང་ལྗོངས་ཀྱི་རྒྱུན་ལས་ཀྲུའུ་ཞི་གཞོན་པ་ཀྲོང་ཡན་ཡོངས་བསྒྲགས་མཛད་སྒོར་ཕེབས་པ་དང་འབྲེལ་གསུང་བཤད་ཀྱང་གནང་བ་རེད།

ལྗོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་ལྗོངས་སྤྱི་ཁྱབ་བཟོ་ཚོགས་ཀྱི་ཀྲུའུ་ཞི་བློ་བཟང་འགྱུར་མེད་ཞུགས་པ་རེད།

བོད་ལྗོངས་ཆུ་བེད་ཆུ་གློག་ལས་རིགས་ཀྱི་སྣེ་ཁྲིད་པ་ཐན་ཅིས་ཝུན་དང་། སྦྲག་སྲིད་ལས་རིགས་ཀྱི་དཔེ་དམག་བཟང་པོ། བོད་ལྗོངས་མཁའ་འགྲུལ་གྱི་འཕུར་སྐྱོད་པའི་ཕུལ་བྱུང་འཐུས་མི་ཞུས་ཡན། ལག་ཤེས་ཤིང་བརྐོས་ཞིང་འབྲོག་པའི་མཉམ་ལས་ཁང་འཛུགས་མཁན་ལྷག་པ་ཚེ་རིང་། ས་མཐོའི་ལྕགས་ལམ་གྱི་བདག་སྐྱོང་མཁས་ཅན་ལི་ལིན། རལ་པའི་རྔ་བཟོའི་ལག་རྩལ་གྱི་ཚབ་མཚོན་རང་བཞིན་གྱི་རྒྱུན་འཛིན་པ་ཚེ་རིང་བཀྲ་ཤིས། བོད་ཀྱི་ཁྱད་ལྡན་འབྲུ་སྣུམ་བཟོ་རྩལ་གསར་སྤེལ་གྱི་ཚན་ཞིབ་རིགས་གཅིག་མཁས་ཅན་ཀྲང་ཤའོ་ཀྲུང་། བོད་ཀྱི་གསོ་བ་རིག་པའི་རིག་ཚན་གྱི་སྣེ་ཁྲིད་པ་བསོད་དབང་བཅས་ཁྱོན་མི་8ལ“བོད་ཀྱི་བཟོ་བོའི”གཟི་བརྗིད་མཚན་སྙན་ཐོབ་པ་རེད།

(ཚེ་སྒྲོལ་གྱིས་བསྒྱུར། གནམ་ཕྱུག་རྒྱལ་གྱིས་ཞུས)