《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2019年12月24日

ཁྲོམ་རར་ཞིབ་བཤེར་བྱས་ནས་བཟའ་བཅའི་བདེ་འཇགས་འགན་ལེན་བྱེད་པ།

གནམ་ལོ་གསར་ཚེས་འཆར་ལ་ཉེ་བའི་མཚམས་སུ། དུས་ཆེན་རིང་གི་བཟའ་བཅའི་བདེ་འཇགས་འགན་ལེན་དང་སྤྱི་ཚོགས་ཞི་མཐུན་བརྟན་ལྷིང་སྲུང་སྐྱོང་བྱ་ཆེད། ཉེ་ཆར་རང་ལྗོངས་ཀྱི་ཁྲོམ་ར་ལྟ་སྐུལ་དོ་དམ་སྡེ་ཚན་གྱིས་མི་སྣ་སྒྲིག་འཛུགས་བྱས་ནས་ཁོངས་གཏོགས་ཁུལ་གྱི་སྒོ་རྩིས་ཚོང་ཁང་དང་། ཞིང་ཞོར་ཉོ་ཚོང་ཁྲོམ་ར། ཟ་ཁང་སོགས་སུ་ཞིབ་བཤེར་བྱས་ཏེ་ཚོང་ཁང་དང་ཟ་ཁང་གི་གཉེར་སྐྱོང་བྱེད་སྟངས་སྔར་བས་ལེགས་སུ་བཏང་ནས་འཛད་སྤྱོད་པའི་ཁྲིམས་མཐུན་ཁེ་དབང་སྲུང་སྐྱོང་ཏན་ཏིག་བྱས་པ་རེད།

↑ འདི་ནི་ལྷ་ས་གྲོང་ཁྱེར་ཁྲོམ་ར་ལྟ་སྐུལ་དོ་དམ་ཅུས་ཀྱི་ལས་དོན་མི་སྣས་སྒོ་རྩིས་ཚོང་ཁང་ཞིག་ཏུ་བཟའ་བཅའི་བདེ་འཇགས་གནས་ཚུལ་ལ་བརྟག་དཔྱད་བྱེད་བཞིན་པ།

→ འདི་ནི་འཕྱོངས་རྒྱས་རྫོང་ཁྲོམ་ར་ལྟ་སྐུལ་དོ་དམ་ཅུས་ཀྱི་ལས་དོན་པས་སྒོ་རྩིས་ཚོང་ཁང་དུ་བཟའ་བཅའི་བདེ་འཇགས་ལ་ཞིབ་བཤེར་བྱེད་བཞིན་པ།