《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2019年12月24日

རང་ལྗོངས་ཀྱི་གྲོང་ཁྱེར་དང་ས་ཁུལ་ཁག་གི་ཡིག་ཆ་ཁུ་བསྡུ་དང་ཚོགས་འདུ་ཉུང་གཏོང་གི་ལས་ཕྱོད་ཆེ་རུ་ཕྱིན་ནས།

གཞི་རིམ་གྱི་ཁུར་པོ་ཡང་དུ་བཏང་བ་དང་། དངོས་སྒྲུབ་མཁན་ལ་འདེགས་སྐྱོར་བྱས་པ།

འདི་ག་ཚགས་པར་ཁང་དུ་ལྷ་ས་ནས་གནས་ཚུལ་འབྱོར་གསལ། “ཐོག་མའི་བསམ་འདུན་མ་བརྗེད་པར་འགན་འཁྲི་བློ་ལ་བརྟན་པོ་འཆང་བའི”བརྗོད་དོན་གཙོ་བོའི་སློབ་གསོ་སྤེལ་ཚུན། རང་ལྗོངས་ཀྱི་གྲོང་ཁྱེར་དང་ས་ཁུལ་ཁག་གིས་རྩ་ལག་མཉམ་བཅོས་དང་ཕྱོགས་བསྡུས་བཅོས་སྐྱོང་མཐའ་འཁྱོངས་བྱས་ནས་ལས་ཀའི་སྤྱོད་ཚུལ་སྔར་བས་ལེགས་བཅོས་དང་བྱེད་སྟངས་དང་ཐབས་ཤེས་ལེགས་སུ་བཏང་ནས་མུ་མཐུད་གཞི་རིམ་གྱི་ཁུར་པོ་ཡང་དུ་བཏང་ཡོད་པ་རེད།

ཡིག་ཆ་དང་ཚོགས་འདུ་མང་བའི་གནད་དོན་ཐག་གཅོད་ནུས་ལྡན་བྱས་ཤིང་། གྲོང་ཁྱེར་དང་ས་ཁུལ་ཁག་གིས་འབྱུང་རྩ་ནས་ཡིག་ཆ་འགྲེམས་རྒྱུ་ཚོད་འཛིན་དང་། ཚོགས་འདུ་འཚོག་ཐེངས་ཉུང་དུ་གཏོང་བ། ཚད་བཅད་ཚད་གཞི་ནན་དུ་གཏོང་བ་བཅས་བྱས་ནས་ཡིག་ཆ་གནད་སྨིན་འགྲེམས་སྤེལ་དང་དོན་དག་ལ་གཞིགས་ནས་ཚོགས་འདུ་འཚོག་ཐུབ་པ་བྱས་ཡོད་པ་རེད། གཞིས་རྩེ་གྲོང་ཁྱེར་གྱིས《གཞིས་རྩེ་གྲོང་ཁྱེར་གྱི་ཡིག་ཆ་རིགས“བཅུ་གཉིས་འགྲེམས་སྤེལ་མི་བྱེད་པའི”གཏན་འབེབས》དང《གཞིས་རྩེ་གྲོང་ཁྱེར་གྱི་ཚོགས་འདུ་ཁག“བཅུ་མི་འཚོག་པའི”གཏན་འབེབས》སོགས་ཀྱི་ལམ་ལུགས་བཟོས་པ་དང་འབྲེལ་དོན་འཁྱོལ་བྱས་པ་དང་། དུས་ཚིགས་དང་པོ་ནས་གསུམ་པའི་བར། (པར་ངོས་བཞི་པར་གཟིགས)

(པར་ངོས་དང་པོར་མཐུད) ཡིག་ཆ་སྣ་ཚོགས་འགྲེམས་སྤེལ་བྱེད་ཚད་ན་ནིང་ལས་74.68%ཆག་པ་དང་། ཚོགས་འདུ་སྣ་ཚོགས་འཚོག་ཚད་དུས་མཚུངས་ལས་56.52%ཆག་ཡོད་པ་རེད། ནག་ཆུ་གྲོང་ཁྱེར་གྱིས་གྲོང་ཨུད་ཀྱི་ལོ་འཁོར་ཚོགས་འདུའི་འཆར་གཞི་ལག་ལེན་ནན་པོ་བསྟར་ནས་བརྗོད་དོན་གཙོ་བོ་ཆ་མཚུངས་པ་དང་། ཚོགས་ཡུན་འདྲ་བ། ནང་དོན་འབྲེལ་བ་ཡོད་པ་བཅས་ཀྱི་ཚོགས་འདུ་མཉམ་དུ་འཚོག་པ་དང་། ཚོགས་འདུའི་གཞི་ཁྱོན་དང་དུས་ཚོད་ཚོད་འཛིན་ནན་པོ་བྱས་ཤིང་། དུས་ཚིགས་དང་པོ་ནས་གསུམ་པའི་བར། ནག་ཆུ་གྲོང་ཨུད་དང་གྲོང་ཁྱེར་སྲིད་གཞུང་གི་ཚོགས་འདུ་འཚོག་ཐེངས་ན་ནིང་གི་དུས་མཚུངས་ལས་17%ཆག་ཡོད་པ་རེད།

སྙན་ཐོའི་རེའུ་མིག་མང་བའི་གནད་དོན་ཐག་གཅོད་ནུས་ལྡན་བྱས་ཤིང་། གྲོང་ཁྱེར་དང་ས་ཁུལ་ཁག་གིས་རྨང་གཞིའི་གྲངས་མཛོད་ལ་སྤྱི་འདོམས་དོ་དམ་ཡག་པོ་བྱེད་རྒྱུ་དེ་ཁུར་པོ་ཡང་དུ་གཏོང་བའི་ནང་དོན་གལ་ཆེན་ཞིག་ལ་བརྩིས་ནས། གཞི་རིམ་གྱི་ལས་བྱེད་པར་ལས་ཀར་དམ་འཛིན་བྱེད་པའི་དུས་ཚོད་དང་སེམས་ནུས་དེ་བས་མང་བ་ཡོད་པ་བྱས་པ་རེད། ཆབ་མདོ་གྲོང་ཁྱེར་གྱིས་སྡེ་ཚན་ཁག་དབར་གྱི་ཆ་འཕྲིན་མཉམ་སྤྱོད་ལས་དོན་ལ་སྤྱི་འདོམས་བྱེད་རྒྱུར་མཐོང་ཆེན་བྱས་ནས་དྲ་རྒྱ་བེད་སྤྱོད་ཀྱི་ལས་ཕྱོད་ཆེ་རུ་ནུས་ལྡན་བཏང་སྟེ་རེའུ་མིག་གང་སར་ཁྱབ་པ་སོགས་ཀྱི་གནད་དོན་བསལ་བ་དང་གྲངས་གཞིའི་མཛོད་ཀྱི་ལས་དོན་ཧུར་ཐག་བསྒྲུབས་པ་རེད། མངའ་རིས་ས་ཁུལ་གྱིས་ས་རྒྱ་ཆེ་ལ་མི་འབོར་ཉུང་བ་དང་། ཞབས་འདེགས་ཞུ་རྒྱ་ཆེ་བ། སྲིད་འཛིན་འཁོར་སྐྱོད་མ་གནས་མཐོ་བ་བཅས་ཀྱི་དོན་དངོས་ལ་གཞིགས་ནས། ཏང་སྲིད་ནང་ཁུལ་གྱི་དྲ་རྒྱའི་ནུས་པ་འདོན་སྤེལ་གང་ལེགས་བྱེད་པ་དང་། གྲངས་གཞིའི་མཛོད་འབུལ་སྐྱེལ་གྱི་གོ་རིམ་ཚད་ལྡན་དུ་བཏང་ནས་ཆ་འཕྲིན་མང་ཙམ་སྤྱོད་ཐུབ་པ་དང་། ལས་བྱེད་པ་ཕར་འགྲོ་ཚུར་འོང་བྱེད་ཉུང་དུ་བཏང་ཡོད་པ་རེད།

ཞིབ་བཤེར་མང་བའི་གནད་དོན་ཐག་གཅོད་ནུས་ལྡན་བྱས་ཤིང་། གྲོང་ཁྱེར་དང་ས་ཁུལ་ཁག་གིས་དོ་དམ་ཚོད་འཛིན་བྱེད་ཤུགས་ཆེ་རུ་ཏན་ཏིག་བཏང་ནས་ལོ་འཁོར་གྱི་འཆར་གཞི་དང་གོང་གི་ཆོག་མཆན་ཞུ་བ་དང་གོང་ཞུ་ཐོ་འགོད་སྙན་སེང་གི་ལམ་ལུགས་ལག་ལེན་ནན་པོ་བསྟར་ཐོག་རིམ་པ་བཞིན་ལས་རིམ་མང་དུ་གཏོང་བའི་སྣང་ཚུལ་མི་ཐོན་པ་བྱས་པ་རེད། ལྷ་ས་གྲོང་ཨུད་རྒྱུན་ལས་ཨུ་ལྷན་ཚན་ཁག་གི་ཁོངས་མི་དང་ས་ཁུལ་དང་ཐིང་རིམ་པའི་འགོ་ཁྲིད་ལས་བྱེད་པས་སྣེ་ཁྲིད་དེ“འཐབ་ཕྱོགས་དང་པོའི་ལས་དོན་སྤེལ་ཐབས”དོན་འཁྱོལ་བྱེད་པ་དང་། གཞི་རིམ་གྱི་ཁུར་པོ་ཡང་གཏོང་མཐུན་སྦྱོར་ཚོགས་ཆུང་དུས་ཐོག་ཏུ་འཛུགས་པ། ལྟ་བཤེར་ཞིབ་བཤེར་དཔྱད་ཞིབ་ཀྱི་འཆར་གཞི་བཟོ་བ་བཅས་བྱས་པས། དུས་ཚིགས་དང་པོ་ནས་གསུམ་པའི་བར། ལྟ་བཤེར་དང་ཞིབ་བཤེར་དཔྱད་ཞིབ་བྱེད་ཚད་ན་ནིང་གི་དུས་མཚུངས་ལས་80%ལྷག་ཙམ་ཆག་ཡོད་པ་རེད། ནག་ཆུ་གྲོང་ཁྱེར་གྱིས《ཏང་ཨུད་ཀྱི་ལྟ་བཤེར་ལས་དོན་ལ་ཤུགས་སྣོན་དང་ལེགས་སུ་གཏོང་བའི་ལག་བསྟར་བསམ་འཆར》བཟོས་ནས་ལྟ་སྐུལ་ཞིབ་བཤེར་གྱི་དོན་ཚན་ལ་ཞིབ་མཆན་འགོད་པ་དང་ཐོ་འགོད་སྙན་སེང་གི་ལམ་ལུགས་ལག་ལེན་ནན་པོ་བསྟར་བ་དང་། “ས་ཆ་དངོས་སུ་ལྟ་བཤེར་དང་ཡིག་ཐོག་ལྟ་བཤེར་གཉིས་དང་འཐབ་ཕྱོགས་དང་པོར་བརྟག་ཞིབ་བྱ་རྒྱུ”ཟུང་འབྲེལ་གྱི་བྱ་ཐབས་སྤྱད་དེ་ལྟ་སྐུལ་མཛུབ་ཁྲིད་ཀྱི་ཕན་འབྲས་ཆེ་རུ་བཏང་བ་རེད། ཉིང་ཁྲི་གྲོང་ཁྱེར་གྱིས་དཔྱད་ཞིབ་ནང་དོན་ཁུ་བསྡུ་བཟང་སྒྲིག་བྱེད་པ་དང་། རྫོང(ཆུས)ཁག་གི་གཙོ་གནད་ལས་དོན་ལ་དཔྱད་བསྡུར་བྱེད་པའི་དམིགས་ཚད་ལག་ལེན་ནན་པོ་བསྟར་བ། ཏང་འཛུགས་སྐྱོང་དང་། དཔལ་འབྱོར་འཕེལ་རྒྱས་ཀྱི་དམིགས་ཚད་གཙོ་བོ་བཟོ་བ། “འགག་སྒྲོལ་དམག་འཐབ་ཆེན་པོ་གསུམ”དང་། ཁྱད་ལྡན་ལེགས་ཆའི་ཐོན་ལས། ཆེད་དམིགས་ལས་དོན། སྤྱི་ཚོགས་དོ་དམ་བཅས་དམིགས་ཚད་རིགས་ཆེན་པོ་དྲུག་ལ་ཉིང་ཁྲི་གྲོང་ཨུད་དང་གྲོང་ཁྱེར་སྲིད་གཞུང་གིས་ཕྱོགས་བསྡུས་དཔྱད་བསྡུར་སྒྲིག་འཛུགས་བྱེད་པ་བཅས་བྱས་ནས་དཔྱད་ཞིབ་བྱེད་མང་བ་དང་དཔྱད་ཞིབ་བསྐྱར་མ་བྱེད་པ་སོགས་ཀྱི་གནད་དོན་བཀག་འགོག་ནུས་ལྡན་བྱས་ཡོད་པ་རེད།

ལས་འཕྲོ་འཇོག་པའི་གནད་དོན་ཐག་གཅོད་ནུས་ལྡན་བྱས་ཤིང་། གྲོང་ཁྱེར་དང་ས་ཁུལ་ཁག་གིས་བྱས་རྗེས་དངོས་ལ་དཔྱད་ཞིབ་བྱེད་པར་མཐོང་ཆེན་བྱས་ནས་དཔྱད་ཞིབ་བྱ་ཐབས་སྔར་བས་འཐུས་སྒོ་ཚང་དུ་བཏང་སྟེ་དགོས་མེད་ཀྱི་ལས་ཀའི་རྗེས་ཤུལ་ཉུང་དུ་བཏང་ཡོད་པ་རེད། ལྷོ་ཁ་གྲོང་ཁྱེར་གྱིས་སྐད་འཕྲིན་ཚོགས་པ་བསྐྱར་མ་དང་སྣོལ་མའི་རིགས་མཚམས་འཇོག་བྱས་ནས་སྐད་འཕྲིན་ཚོགས་པ་དང་། QQལས་ཀའི་ཚོགས་པ་ཆུ་ཚོད་24ཡི་ལས་ཀའི་འབྲེལ་གཏུག་བྱེད་སར་བརྩི་རྒྱུ་གཏན་འགོག་བྱས་པ་དང་ཆབས་ཅིག་གྲོང་སྡོད་དང་དགོན་སྡོད་ལས་བྱེད་པའི་ཟིན་བྲིས་དེབ་དང་རྩིས་ཁྲ་བསྡུ་སྒྲིལ་ནུས་ལྡན་བྱས་པ་དང་། དགོས་མེད་ཀྱི་དོན་དག་ལ་དོན་དག་རེར་དེབ་རེ་དང་ཐོ་རེར་རྩིས་ཁྲ་རེ་མི་དགོས་པ་བྱས་པ་རེད།

(པ་ཚེས་བསྒྱུར། པ་དཀོན་གྱིས་ཞུས)