《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2019年12月21日

ཧོ་ཝུན་ཧའོ་ཡིས་ར་ས་འཕྲུལ་སྣང་གཙུག་ ལག་ཁང་དུ་རྟོག་ཞིབ་གནང་བ།

འདི་ག་ཚགས་པར་ཁང་དུ་ལྷ་ས་ནས་ཟླ་12ཚེས་19ཉིན་གནས་ཚུལ་འབྱོར་གསལ། ཚེས་18ཉིན་གྱི་ཕྱི་དྲོར། ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ་སྲིད་ཁྲིམས་ཨུ་ལྷན་གྱི་ཧྲུའུ་ཅི་ཧོ་ཝུན་ཧའོ་ཡིས་ར་ས་འཕྲུལ་སྣང་གཙུག་ལག་ཁང་དང་བར་སྐོར་ཁྲོམ་གཞུང་དུ་ཕེབས་ནས། གནའ་གྲོང་ཁུལ་གྱི་བརྟན་ལྷིང་སྲུང་སྐྱོང་དང་ཞབས་འདེགས་ཞུ་ཐབས་དོན་འཁྱོལ་གྱི་གནས་ཚུལ་ལ་རྟོག་ཞིབ་གནང་བ་དང་འབྲེལ། ཉེ་དུས་ཀྱི་བརྟན་ལྷིང་སྲུང་སྐྱོང་དང་བདེ་སྲུང་ལས་དོན་བཀོད་སྒྲིག་ཀྱང་གནང་བ་རེད།

རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་གཞོན་པ་ཀྲང་ཧུང་པོ་མཉམ་དུ་རྟོག་ཞིབ་གནང་བར་ཕེབས་ཡོད་པ་རེད།

ཧོ་ཝུན་ཧའོ་ཡིས་ཏང་གི་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་དགོངས་དོན་སློབ་སྦྱོང་དང་། དྲིལ་བསྒྲགས། ལག་བསྟར་བཅས་གཏིང་ཟབ་བྱས་ནས། བསམ་བློ་དང་བྱ་སྤྱོད་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་འཐབ་ཇུས་བཀོད་སྒྲིག་དང་། ལྗོངས་ཏང་ཨུད་ཀྱི་འཐབ་ཇུས་བླང་བྱའི་ཐོག་གཅིག་གྱུར་བྱས་ནས། “འདུ་ཤེས་བཞི”ཟབ་ཏུ་གཏོང་བ་དང་། “གདེང་ཚོད་བཞི”བརྟན་དུ་གཏོང་བ། “སྲུང་སྐྱོང་གཉིས”ཐུབ་པ་བཅས་བྱས་ཏེ། ཀྲུང་དབྱང་དང་ལྗོངས་ཏང་ཨུད་ཀྱི་འཐབ་ཇུས་བཀོད་སྒྲིག་གལ་ཆེན་ཆད་ལུས་མེད་པར་ལག་བསྟར་དོན་འཁྱོལ་ཡག་པོ་བྱེད་དགོས་པ་དང་། མཐའ་ཚད་ཀྱི་བསམ་གཞིཌ་བརྟན་པོར་འཛུགས་པ་དང་། གྲ་སྒྲིག་ཨང་གསར་བྱེད་པ། འབྱུང་རྩ་གསལ་པོར་རྟོགས་པར་བྱེད་པ། ཆོས་ཉིད་ཁོང་དུ་ཆུད་པ། ཉམས་མྱོང་ཕྱོགས་སྡོམ། ཁྲིམས་ལྟར་དོ་དམ། ཚན་རིག་དང་མཐུན་པའི་སྒོ་ནས་དོ་དམ་བཅས་ལ་ཚད་མཐོའི་མཐོང་ཆེན་བྱས་ཏེ། དེ་བས་ལེགས་པའི་སྒོ་ནས་མི་དམངས་མང་ཚོགས་ལ་ཞབས་འདེགས་འགན་ལེན་བྱེད་དགོས་པ།བཀོད་འདོམས་མཐུན་སྦྱོར་གཅིག་གྱུར་ཡོང་བར་བྱས་ཏེ། མཐུན་སྦྱོར་གཞོགས་འདེགས་ཟབ་ཏུ་གཏོང་བ་དང་། ལྗོངས་ཡོངས“མིག་མངས་སྒྲིག་སྐོར་གཅིག”གི་བསམ་བློ་བརྟན་པོར་འཛུགས་པ། མཉམ་དུ་དམག་འཐབ་བྱེད་པ། གཞོགས་འདེགས་དམ་ཟབ་བཅས་བྱས་ཏེ། ལས་དོན་གྱི་རྒྱུན་མཐུད་རང་བཞིན་འགན་ལེན་དང་ལས་ཀའི་མཉམ་ཤུགས་ཆེན་པོ་ཆགས་པར་བྱེད་དགོས་པ། གྲོང་ཁྱེར་ཡོངས་ཀྱི་བདེ་སྲུང་ལས་ཀར་སྤྱི་འདོམས་ཀྱིས་ལས་འཛོལ་སྔོན་འགོག་བྱེད་པ་དང་། རིམ་ཁག་གྲོང་སྡོད་དགོན་སྡོད་ཀྱི་སྟོབས་ཤུགས་དང་། གཞི་རིམ་ཏང་སྲིད་རྩ་འཛུགས “གཉིས་ལྡན་དུད་སྦྲེལ”གྱི་ཚན་པ་དང་གཞི་རིམ་བདེ་སྲུང་སྟོབས་ཤུགས་ཀྱི་ནུས་པ་འདོན་སྤེལ་བྱས་ཏེ་བདེ་འཇགས་རྦད་དེ་འགན་ལེན་བྱེད་དགོས་པ། ཐོལ་བྱུང་དོན་རྐྱེན་ལ་དོགས་ཟོན་དང་། ཐག་གཅོད་འོས་འཚམ་དང་མགྱོགས་མྱུར་བྱས་ནས་རྐྱེན་མ་བྱུང་གོང་ནས་བཟློག་པ་རྩ་དོན་དུ་བཟུང་སྟེ། གནས་ཚུལ་ཚབས་ཆེན་མི་ལྷགས་པ་དང་རྨང་གཞི་འདིང་བར་གྲ་སྒྲིག་བྱས་ཏེ་བྱེད་ཐབས་ཁག་དོན་འཁྱོལ་ལ་དམ་འཛིན་ཏན་ཏིག་བྱེད་དགོས་པ། དམིགས་ཚད་ཀྱི་བླང་བྱ་ཁ་གསལ་བཟོས་ནས་བྱེད་སྒོ་ཁག་བདེ་འཇགས་དང་བདེ་བླག་ངང་གཉེར་རྒྱུའི་འགན་ལེན་བྱས་ཏེ་ལོ་མཇུག་དང་ལོ་འགོར་ལྗོངས་ཡོངས་ཀྱི་སྤྱི་ཚོགས་དུས་བབ་རྒྱུན་མཐུད་ཞི་མཐུན་བརྟན་ལྷིང་ཡོང་ཆེད་བློ་ཡིད་ཚིམ་པའི་རྒྱུགས་ལན་འབུལ་དགོས་ཞེས་ནན་བཤད་གནང་བ་རེད།