《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2019年12月16日

པར་རིས་གསར་འགྱུར།

ཟླ་12ཚེས་12དང་13ཉིན། མངའ་རིས་ས་ཁུལ་དུ་གངས་བབས་ཤིང་། རྩྭ་མདའ་དང་སྤུ་ཧྲེང་རྫོང་དུ་གངས་འབྲིང་བ་ནས་ཆེ་བ་བབས་པ་དང་། དེ་དག་ལས་རྩྭ་མདའ་རྫོང་ཚོ་སྲིབ་གསུམ་དཀྱིལ་ཤང་དུ་གངས་ལི་སྨི་6ནས་7བར་དང་ཆུ་གསུམ་ཤང་གི་ས་ཆ་མང་ཆེ་བར་གངས་ལི་སྨི་5ནས་10བར་བབས་ཡོད་པ་རེད། མིག་སྔར། མངའ་རིས་ས་ཁུལ་གྱི་རྒྱལ་ལམ་219དང་། 564 565 317བཅས་དང་། རུ་ཐོག་རྫོང་དང་། རྩྭ་མདའ་རྫོང་། སྤུ་ཧྲེང་རྫོང་། མཚོ་ཆེན་རྫོང་། སྒེར་རྩེ་རྫོང་། སྒར་རྫོང་སོགས་ཀྱི་གཞུང་ལམ་ཁག་ཏུ་གངས་གསོག་དང་འཁྱགས་པ་ཐེབས་སླ་བས་འགྲིམ་འགྲུལ་ལ་ཤུགས་རྐྱེན་ངན་པ་ཐེབས་ཡོད། ས་ཁུལ་གནམ་གཤིས་གནོད་འཚེ་སྔོན་འགོག་དང་ཉུང་གཏོང་བཀོད་འདོམས་པུས་ཟླ་12ཚེས་13ཉིན་གྱི་ཆུ་ཚོད་དང་པོའི་ཐོག་གཞུང་ལམ་ཐོག་འཁྱགས་པ་ཐེབས་པའི་ཉེན་བརྡ་སེར་པོ་བཏང་བ་རེད། པར་འདི་ནི་སེང་གེ་ཁ་འབབ་གྲོང་རྡལ་དུ་གངས་བབས་པའི་རྣམ་པ་ཡིན་པ།