《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2019年12月16日

ས་མཐོའི་གཅེས་ནོར་ལ་སྐབས་དང་པོའི“ཀྲུང་གོའི་རྩ་ཆེན་བཅུའི”ཐོན་རྫས་ཀྱི་མཚན་སྙན་ཐོབ་པ།

འདི་ག་ཚགས་པར་ཁང་དུ་ལྷ་ས་ནས་ཟླ་12ཚེས་14ཉིན་གནས་ཚུལ་འབྱོར་གསལ། ཀྲུང་གོའི་སྤུས་ཚད་གང་སར་ཁྱབ་གདལ་གཏོང་བའི་སྐུལ་གཏོང་ཚོགས་པས་གཙོ་གཉེར་བྱས་པའི་2019ལོའི་ལོ་འཁོར་གྱི་རྒྱལ་སྤྱིའི་གཅེས་ནོར་སྤུས་རྟགས་ཀྱི་ཤུགས་རྐྱེན་ལྡན་པའི་རིན་གོང་གི་ཨང་རིམ་ཁྱབ་བསྒྲགས་བྱས་པ་དང་སྐབས་དང་པོའི“ཀྲུང་གོའི་རྩ་ཆེན་བཅུ”དང“ཀྲུང་གོའི་གཅེས་ནོར་བཅུ”ཁྱབ་བསྒྲགས་ཚོགས་འདུ་ཉེ་དུས་པེ་ཧའེ་རུ་འཚོགས་ཤིང་། བོད་ཀྱི་ས་མཐོའི་གཅེས་ནོར་གྱིས་འོས་སྦྱོར་བྱས་པའི་བོད་ཀྱི་འབྲིའི་ཐོན་རྫས་ལ“ཀྲུང་གོའི་རྩ་ཆེན་བཅུའི”ཐོན་རྫས་ཀྱི་མཚན་སྙན་ཐོབ་ཡོད་པ་རེད།

ཤེས་རྟོགས་བྱུང་བར་གཞིགས་ན། བོད་ཀྱི་ས་མཐོའི་གཅེས་ནོར་འབྲིའི་ཐོན་རྫས་ནང་འབྲིའི་འོ་རྩམ་དང་། འོ་མ། འོ་མའི་འཐུང་བྱ། དཔུང་སྡེར་མཁོ་སྤྲོད་ཐོན་རྫས་སོགས་རིགས་ཆེ་གྲས་ལྔ་ཡི་ཐོན་རྫས་རིགས་35ཡོད་པར་བོད་ཀྱི་བྲོ་བ་ངོ་མ་ལྡན་ཡོད། མིག་སྔར་ཀུང་སི་དེས་བོད་དུ་ཕྱིར་འཚོང་བྱ་ཡུལ་1000ལྷག་ཙམ་བཙུགས་ཡོད་པ་དང་པེ་ཅིང་དང་། ཧྲང་ཧའེ། ཀོང་ཀྲོའུ། ཧྲེན་ཀྲེན། ཁྲེང་ཏུའུ་སོགས་ཀྱི་ཚོང་ཁང་300ལྷག་ཙམ་ལ་ས་མཐོའི་གཅེས་ནོར་ཐོན་རྫས་ཆེད་སྒྲོམ་བཙུགས་ཡོད་པས་རྒྱ་ཆེའི་འཛད་སྤྱོད་པས་ཧ་ཅང་དགའ་པོ་བྱེད་ཀྱི་ཡོད། ས་མཐོའི་གཅེས་ནོར་ཐོན་རྫས་ཕྱིར་འཚོང་ཁྲོམ་ར་རྒྱལ་ཡོངས་ཀྱི་ཞིང་ཆེན་དང་གྲོང་ཁྱེར་20ལྷག་ཙམ་ལ་ཁྱབ་ནས་འབྲིའི་དཀར་ཆུའི་ལས་རིགས་དཔེ་མཚོན་གཏོད་རྒྱུར་གཞོལ་བཞིན་ཡོད་པ་རེད། (བདེ་སྐྱིད་ཀྱིས་བསྒྱུར། བདེ་སྐྱིད་དང་བསྟན་བཟང་གིས་ཞུས)