《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2019年12月16日

བོད་ལྗོངས་སློབ་ཆེན་གྱི་2020ལོའི་སློབ་ཐོན་སློབ་མའི་སློབ་གྲྭའི་ཆེད་དོན་ལས་མི་བསྡུ་བའི་འདུ་ཚོགས་འཚོགས་པ།

འདི་ག་ཚགས་པར་ཁང་དུ་ལྷ་ས་ནས་ཟླ་12ཚེས་14ཉིན་གནས་ཚུལ་འབྱོར་གསལ། ཉིན་ཤས་གོང་རང་སྐྱོང་ལྗོངས་མི་སྤྱི་ཐིང་གིས་གཙོ་གཉེར་བྱས་པ་དང་། ལྗོངས་ལས་ཞུགས་ཅུས་དང་བོད་ལྗོངས་སློབ་ཆེན་གྱིས་མཉམ་དུ་སྒྲུབ་འགན་ཁུར་བའི“བོད་ལྗོངས་སློབ་ཆེན་གྱི་2020ལོའི་སློབ་ཐོན་སློབ་མའི་སློབ་གྲྭའི་ཆེད་དོན་ལས་མི་བསྡུ་བའི་འདུ་ཚོགས”བོད་ལྗོངས་སློབ་ཆེན་གྱི་སློབ་ཁུལ་གསར་པར་འཚོགས་པ་དང་། དེའི་ནང་མི་སྤྱོད་ཚན་པ་ཁྱོན་58ཞུགས་པ་དང་ལས་ཞུགས་ལས་གནས་སྣ་ཚོགས་592མཁོ་འདོན་བྱས་པར་ས་གནས་ས་ཐོག་ཏུ་འདོད་མཐུན་གྲོས་མཐུན་འཇོག་མཁན་23བྱུང་ཡོད།

ཤེས་རྟོགས་བྱུང་བར་གཞིགས་ན། ད་ཐེངས་ཀྱི་ཆེད་དོན་ལས་མི་བསྡུ་བའི་འདུ་ཚོགས་ནི“གདན་ཞུའི་བྱེད་སྒོ་སློབ་གྲྭའི་ནང་དུ་སྤེལ་ཏེ་ལས་ཞུགས་ལ་གནད་སྨིན་སྐུལ་འདེད་གཏོང”ཞེས་བརྗོད་དོན་གཙོ་བོར་བྱས་པ་དང་། དེའི་དམིགས་ཡུལ་ནི་བོད་ལྗོངས་སློབ་ཆེན་གྱི་2020ལོའི་མཐོ་སློབ་སློབ་ཐོན་སློབ་མ་སྔོན་ལ་ལས་ཞུགས་ཐུབ་རྒྱུར་རོགས་རམ་བྱ་རྒྱུ་རེད། ད་ཐེངས་ཀྱི་ཆེད་དོན་ལས་མི་བསྡུ་བའི་འདུ་ཚོགས་ཡག་པོ་གཉེར་ཆེད། ལྗོངས་ལས་ཞུགས་ཅུས་ཀྱིས་དུས་འགོར་བོད་ལྗོངས་སློབ་ཆེན་དང་མཐུན་སྦྱོར་དང་འབྲེལ་མཐུད་ཧུར་ཐག་བྱས་པ་དང་། བོད་ལྗོངས་སློབ་ཆེན་གྱིས་2020ལོའི་སློབ་ཐོན་སློབ་མར་བརྟག་ཞིབ་གང་ལེགས་བྱས་ནས་སློབ་ཐོན་སློབ་མས་སྦྱངས་པའི་ཆེད་ལས་ལ་གཞིགས་ཏེ་དམིགས་སའི་རང་བཞིན་ལྡན་པའི་སྒོ་ནས་མི་སྤྱོད་ཚན་པ་སློབ་གྲྭའི་ནང་ཡོང་རྒྱུ་སྒྲིག་འཛུགས་བྱས་ཡོད།

ཤེས་རྟོགས་བྱུང་བར་གཞིགས་ན། ད་ཐེངས་ཀྱི་ཆེད་དོན་ལས་མི་བསྡུ་བའི་འདུ་ཚོགས་ཐོག་ལས་ཀ་འཚོལ་མཁན་923བྱུང་བ་དང་ལོ་རྒྱུས་མདོར་བསྡུས་323བསྐྱལ་ཡོད།

(པ་སངས་སྒྲོན་ལགས་ཀྱིས་བསྒྱུར། དམ་ཆོས་མི་ཕམ་གྱིས་ཞུས)