《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2019年12月16日

རྒྱལ་ཡོངས་ཞིང་པ་ལས་མིའི་ལས་དོན་དང་ཞིང་པ་ལས་མིའི་གླ་ཆ་གཏོང་སྤྲོད་འགན་ལེན་ལས་དོན་གྱི་བརྙན་འཕྲིན་ཁ་པར་ཚོགས་འདུ་འཚོགས་པ།

འདི་ག་ཚགས་པར་ཁང་དུ་ལྷ་ས་ནས་ཟླ་12ཚེས་14ཉིན་གནས་ཚུལ་འབྱོར་གསལ། ཚེས་13ཉིན་གྱི་སྔ་དྲོ། རྒྱལ་ཡོངས་ཞིང་པ་ལས་མིའི་ལས་དོན་དང་ཞིང་པ་ལས་མིའི་གླ་ཆ་གཏོང་སྤྲོད་འགན་ལེན་གྱི་བརྙན་འཕྲིན་ཁ་པར་ཚོགས་འདུ་འཚོགས་ཏེ་ཞིང་པ་ལས་མིའི་གླ་ཆ་གཏོང་སྤྲོད་ཀྱི་འགན་ལེན་ལས་དོན་དང་2020ལོའི་ཞིང་པ་ལས་མིའི་ལས་དོན་ཡག་པོ་བསྒྲུབ་པའི་ཐད་བཀོད་སྒྲིག་བྱས་པ་རེད།

རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་གཞོན་པ་ལྗོངས་ཏང་ཨུད་སྲིད་ཁྲིམས་ཨུ་ལྷན་གྱི་ཧྲུའུ་ཅི་གཞོན་པ་ཀྲང་ཧུང་པོ་བོད་ལྗོངས་ཡན་ལག་ཚོགས་རའི་ཚོགས་འདུར་ཞུགས་པ་དང་འབྲེལ། གསུང་བཤད་ཀྱང་གནང་བ་རེད།

ཚོགས་འདུའི་ཐོག་ལྗོངས་ཡོངས་ཀྱི་རིམ་ཁག་འབྲེལ་ཡོད་སྡེ་ཚན་ཁག་གིས་ཚོགས་འདུའི་དགོངས་དོན་སློབ་སྦྱོང་ནན་ཏན་དང་གོ་བ་བླངས་ཏེ་ཆབ་སྲིད་ཀྱི་ཚུགས་གནས་མཐོ་རུ་གཏོང་བ་དང་། བསམ་བློ་དང་བྱ་སྤྱོད་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་དང་གཅིག་གྱུར་ཏན་ཏིག་བྱེད་པ། ཚོགས་འདུའི་བཀོད་སྒྲིག་བླང་བྱ་དང་གཅིག་གྱུར་བཅས་བྱས་ནས་སེམས་ནུས་གཅིག་སྒྲིལ་གྱིས་ཞིང་པ་ལས་མིའི་གླ་ཆ་གཏོང་སྤྲོད་འགན་ལེན་ལས་དོན་དང་2020ལོའི་ཞིང་པ་ལས་མིའི་ལས་དོན་མཉམ་དུ་ཡག་པོ་སྒྲུབ་དགོས། ལྗོངས་ཡོངས་ཀྱི་རིམ་ཁག་སྡེ་ཚན་ཁག་གིས་ལོ་ཧྲིལ་པོའི་གླ་ཆ་འགྱངས་ཆད་ལ་བཅོས་སྒྲིག་དང་གཏོང་སྤྲོད་འགན་ལེན་གྱི་ལས་དོན་མཐའ་མའི་འགག་སྒྲོལ་དུས་སྐབས་སུ་སླེབས་པར་ངོས་འཛིན་གསལ་པོ་ཐུབ་པ་བྱས་ཏེ་ཚུགས་གནས་ངེས་པར་དུ་མཐོ་རུ་གཏོང་བ་དང་ཡང་འབད་བསྐྱར་འབད་བྱས་ནས་ལོ་ཧྲིལ་པོའི་ལས་དོན་ཐུགས་གྲ་ལེགས་འགྲིག་ཡོང་བ་བྱེད་དགོས། གླ་ཆ་འགྱངས་ཆད་ཀྱི་སྣང་ཚུལ་ཁྲིམས་བཞིན་བཅོས་སྒྲིག་བྱས་ཏེ《ཞིང་པ་ལས་མིའི་གླ་ཆ་གཏོང་སྤྲོད་འགན་ལེན་སྲོལ་ཡིག(འཆར་ཟིན)》གི་བཅའ་ཁྲིམས་ཀྱི་ནུས་པ་ཏན་ཏིག་འདོན་དགོས། ལས་ཀའི་འགན་འཁྲི་ནན་དུ་བཏང་ནས་འཁུར་མཉམ་ལེན་དང་དོན་སྤྱི་སྒྲུབ་ཀྱི་ལས་ཀའི་རྣམ་པ་གཏོད་དགོས། ལས་དོན་དོན་འཁྱོལ་ལ་དམ་འཛིན་ནན་པོ་བྱས་ཏེ་བྱ་ཐབས་ཁག་དོན་འཁྱོལ་ཐུབ་ནས་ཕན་འབྲས་ཐོན་པའི་འགན་ལེན་བྱེད་དགོས། ཇུས་ཤུགས་མཉམ་འདོན་གྱིས་གསར་གཏོད་རང་བཞིན་གྱི་སྒོ་ནས་ལས་དོན་སྤེལ་ཏེ་གླ་ཆ་འགྱངས་ཆད་རྩ་བཅོས་ཀྱི་འགག་སྒྲོལ་དམག་འཐབ་ལ་རྒྱལ་ཁ་མཐའ་གཅིག་ཏུ་ལེན་དགོས་པའི་བླང་བྱ་བཏོན་གནང་བ་རེད།