第08版: ཁྲིམས་འཛིན་དོ་ར322/2019-07/09/08/2019070908_brief.jpg 上一版3  4下一版
联系电话: 0891-6328752  广告电话:0891-63299960
3 上一篇  下一篇 4 放大 缩小 默认
ལོ་བརྒྱད་བུ་མོ་ལམ་ནོར་ཐེབས། སེམས་བཟང་ཅན་གྱིས་ཁྱིམ་དུ་བསྐྱལ།
—— སྤྱི་སྤྱོད་རླངས་འཁོར་ཁ་ལོ་བ་དང་མི་དམངས་ཉེན་རྟོག་པས་ལམ་ནོར་ཐེབས་པའི་བུ་མོ་ཞིག་ཁྱིམ་དུ་བསྐྱལ་བ།

ཟླ་6ཚེས་17ཉིན་གྱི་དགོང་མོའི་ཆུ་ཚོད་9པ་ཙམ་ལ་ཁ་ལོ་བ་བསོད་ནམས་ཚེ་རིང་གིས་སྤྱི་སྤྱོད་རླངས་འཁོར་ཨང་8པ་བཏང་ནས། བབས་ཚུགས་མཇུག་ཤོས་སུ་སླེབས་སྐབས་བསོད་ནམས་ཚེ་རིང་གི་ཉིན་གཅིག་གི་ལས་ཀ་མཇུག་འགྲིལ་གྱི་ཡོད། འོན་ཀྱང་། སྤྱི་སྤྱོད་རླངས་འཁོར་ནང་ཁེར་རྐྱང་དུ་ལུས་པའི་བུ་མོ་ཆུང་ཆུང་ཞིག་ལ་ཁོང་གི་དོ་སྣང་བྱུང་།

བསོད་ནམས་ཚེ་རིང་གིས་སྤྱི་སྤྱོད་རླངས་འཁོར་ཨང་8པ་བཏང་ནས་མཆོད་རྟེན་དཀར་པོའི་བབས་ཚུཌ་སུ་སླེབས་དུས་ལོ་བདུན་བརྒྱད་ཙམ་ལ་སོན་པའི་བུ་མོ་ཞིག་རླངས་འཁོར་ནང་འཛུལ་ནའང་། སྐབས་དེར་བསོད་ནམས་ཚེ་རིང་དོ་སྣང་དེ་ཙམ་བྱུང་མེད། འོན་ཀྱང་། སྤྱི་སྤྱོད་རླངས་འཁོར་བོད་ལྗོངས་སློབ་ཆེན་གྱི་སློབ་ཁུལ་གསར་པར་འབྱོར་སྐབས་རླངས་འཁོར་ནང་འགྲུལ་པ་བཞི་ཡོད་པ་མ་ཟད། བུ་མོ་ཆུང་ཆུང་དེ་གཅིག་པུར་བསྡད་ཡོད་པ་ཤེས་རྟོགས་བྱུང་བ་རེད། “རླངས་འཁོར་ནང་འཛུལ་སྐབས་ངས་བུ་མོ་ཆུང་ཆུང་དེ་མཐོང་བྱུང་། ཡིན་ནའང་། ངའི་བསམ་པར་མི་རྒན་པ་དང་མཉམ་དུ་འཛུལ་བ་རེད་སྙམ་པ་ལས་དོ་སྣང་དེ་ཙམ་ཆེན་པོ་བྱས་མེད། རླངས་འཁོར་བབས་ཚུཌ་མཐའ་མར་སླེབས་སྐབས་ངས་གཞི་ནས་བུ་མོ་དེ་གཅིག་པུར་ལུས་པ་ཤེས་བྱུང”ཞེས་བསོད་ནམས་ཚེ་རིང་གིས་བརྗོད།

སྤྱི་སྤྱོད་རླངས་འཁོར་བབས་ཚུགས་མཐར་མར་འབྱོར་ཏེ་ཁ་བཀག་ནས་བཞག་རྗེས་བུ་མོ་ཆུང་ཆུང་རླངས་འཁོར་ནས་འཕྲལ་མར་བབས་པས་བསོད་ནམས་ཚེ་རིང་གིས་བུ་མོ་དེ་སྐད་བཏང་ནས་གང་དུ་འགྲོ་མཁན་ཡིན་མིན་དྲིས། “བུ་མོ་དེས་ཁྱིམ་དུ་ལོག་མཁན་ཡིན་ཞེས་བཤད། འོན་ཀྱང་རང་ཁྱིམ་གང་དུ་ཡོད་པ་ཤོད་ཐབས་བྲལ། ཁོ་མོས་རང་ཁྱིམ་ཕོ་བྲང་པོ་ཏ་ལའི་ཉེ་འགྲམ་དུ་ཡོད་ཟེར་བ་ཙམ་ལས་གནས་ཚུལ་གཞན་དག་གང་ཡང་ཤེས་ཀྱི་མི་འདུག་པས་ངས་གཞི་ནས་ཁོ་མོ་བརླག་པ་ཤེས་བྱུང”ཞེས་བསོད་ནམས་ཚེ་རིང་གིས་བཤད།

བསོད་ནམས་ཚེ་རིང་གིས་གནས་ཚུལ་དེ་སྤྱི་སྤྱོད་རླངས་འཁོར་ཨང་8པའི་ལམ་ཐིག་གི་རུ་དཔོན་པད་མ་རིག་འཛིན་ལ་སྙན་སེང་ཞུས་པ་དང་སྦྲགས། བུ་མོ་ཆུང་ཆུང་བོད་ལྗོངས་སློབ་ཆེན་རྔ་ཆེན་སློབ་ཁུལ་ཉེ་འགྲམ་གྱི་དམངས་ཕན་ཉེན་རྟོག་ཞབས་ཞུ་ས་ཚིགས་ལ་རྩིས་སྤྲད། དེ་དང་དུས་མཚུངས། ལྷ་ས་གྲོང་ཁྱེར་སྤྱི་སྤྱོད་རླངས་འཁོར་གཉེར་སྐྱོང་ཚད་ཡོད་ཀུང་སི་བཅིངས་འགྲོལ་ཡན་ལག་ཀུང་སིའི་ལས་དོན་པ་ཚོས་ཀྱང་འཕྲལ་མར་གནས་ཚུལ་དེ་སྐད་འཕྲིན་གྱི་གྲོགས་ཚོགས་དང་སྐད་འཕྲིན་གྱི་ཚོགས་པར་བཏང་ནས་བུ་མོའི་ཁྱིམ་བདག་བཙལ་བ་རེད།

དགོང་མོ་དེར་བསོད་ནམས་ཚེ་རིང་གིས་དམངས་ཕན་ཉེན་རྟོག་ཞབས་ཞུའི་ས་ཚིགས་ཀྱི་ལས་དོན་པར་ཁ་པར་བརྒྱབ་པ་རེད། “ང་ལ་ལས་དོན་མི་སྣས་བུ་མོ་ཆུང་ཆུང་དེ་ཉིན་མོ་ཁྱིམ་མི་དང་ཁ་ཐོར་བའི་གནས་ཚུལ་ཁྱིམ་བདག་གིས་ཉེན་རྟོག་ཕྱོགས་ལ་སྙན་སེང་ཞུས་བྱུང་ཟེར་གྱི་འདུག”ཅེས་བསོད་ནམས་ཚེ་རིང་གིས་བརྗོད།

དགོང་མོ་དེའི་ཆུ་ཚོད་12ཙམ་དུ་བསོད་ནམས་ཚེ་རིང་ལ་བུ་མོ་ཆུང་ཆུང་དེའི་ཁྱིམ་བདག་གི་ཁ་པར་འབྱོར་ནས་ཕྲུ་གུ་བདེ་བླག་ངང་ཁྱིམ་དུ་སླེབས་ཡོད་པ་ཤེས་རྟོགས་བྱུང་བ་མ་ཟད། བུ་མོ་ཆུང་ཆུང་གི་ཁྱིམ་བདག་གིས་ཀྱང་བསོད་ནམས་ཚེ་རིང་དང་སྤྱི་སྤྱོད་རླངས་འཁོར་ཀུང་སིར་སྙིང་ཐག་པ་ནས་ཐུགས་རྗེ་ཆེ་ཞུས་པ་རེད།

(ཚེ་ཁོས་བསྒྱུར། བདེ་ཚེས་ཞུས)

3 上一篇  下一篇 4 放大 缩小 默认
   第01版:
   第02版: གལ་ཆེའི་གསར་འགྱུར།
   第03版: གལ་ཆེའི་གསར་འགྱུར།
   第04版: གལ་ཆེའི་གསར་འགྱུར།
   第05版: ཁྲིམས་སྐྱོང་དོ་གནད།
   第06版: ཁྲིམས་སྐྱོང་དམངས་སྐྱོང་།
   第07版: གྱོད་དཔེ་སྣང་གསལ།
   第08版: ཁྲིམས་འཛིན་དོ་ར།
   第09版: གསེར་གྱི་གཉའ་ཤིང་།
   第10版: ཁྲིམས་ལུགས་དྲིལ་བསྒྲགས།
   第11版: ཁྲིམས་གསལ་མེ་ལོང་།
   第12版: བརྟན་ལྷིང་གསེར་ཕུབ།
   第13版: ཁྲིམས་དང་སྤྱི་ཚོགས།
   第14版: རྒྱལ་ནང་གསར་འགྱུར།
   第15版: ཞི་མཐུན་ས་མཐོ།
   第16版: སེམས་སྐྱིད་ཇ་ཁང་།
ལྷ་སའི་ཉེན་རྟོག་ཕྱོགས་ནས་རྒྱན་འགྱེད་གྱོད་གཞི་3བསྟུད་མར་རྩད་ཆོད་པ།
ལོ་བརྒྱད་བུ་མོ་ལམ་ནོར་ཐེབས། སེམས་བཟང་ཅན་གྱིས་ཁྱིམ་དུ་བསྐྱལ།