第10版:ཁྲིམས་ལུགས་དྲིལ་322/2019-05/14/10/2019051410_brief.jpg 上一版3  4下一版
联系电话: 0891-6328752
3 上一篇  下一篇 4 放大 缩小 默认
ཉིང་ཁྲིའི་འགྲིམ་འགྲུལ་ཉེན་རྟོག་ཕྱོགས་ཀྱིས།
VRདངོས་ལྗོངས་མྱོང་རོལ་ཡོ་བྱད་ལ་བརྟེན་ནས་འགྲིམ་འགྲུལ་བདེ་འཇགས་ཀྱི་སློབ་གསོ་བཏང་བ།

སློབ་མ་ཚོས་VRདངོས་ལྗོངས་མྱོང་རོལ་ཡོ་བྱད་ལ་བརྟེན་ནས་འགྲིམ་འགྲུལ་བདེ་འཇཌ་ཀྱི་གལ་ཆེའི་རང་བཞིན་མྱོང་རོལ་བྱེད་བཞིན་པ།

འདི་ག་ཚགས་པར་ཁང་དུ་བྲག་ཡིབ་ནས་གློག་འཕྲིན་འབྱོར་གསལ། སློབ་གྲྭར་འགྲོ་མུས་ཡིན་པའི་སློབ་མ་ཚོའི་འགྲིམ་འགྲུལ་བདེ་འཇགས་ཀྱི་དྲིལ་བསྒྲགས་སློབ་གསོར་ཤུགས་སྣོན་རྒྱག་ཆེད། ཉེ་ཆར། ཉིང་ཁྲི་གྲོང་ཁྱེར་སྤྱི་བདེ་ཅུས་འགྲིམ་འགྲུལ་ཉིང་ལག་རུ་ཁག་གི་མི་དམངས་ཉེན་རྟོག་པས་ཁོངས་གཏོགས་ཁུལ་གྱི་སློབ་གྲྭར་བསྐྱོད་དེ་འགྲིམ་འགྲུལ་བདེ་འཇགས་ཀྱི་ཤེས་བྱ་དྲིལ་བསྒྲགས་བྱས་པ་དང་། རོལ་རྩེད་ཀྱི་ཞོར་ལ་སློབ་གསོ་གཏོང་བའི་བྱེད་ཐབས་ལ་བརྟེན་ནས་ཕྲུ་གུ་ཚོར་རྣམ་པ་གསར་རྐྱང་གི་འགྲིམ་འགྲུལ་བདེ་འཇགས་ཀྱི་སློབ་ཚན་ཞིག་འཚོགས་པ་རེད།

བྱེད་སྒོའི་ནང་། མི་དམངས་ཉེན་རྟོག་པས་སྒྲུང་གཏམ་ཤོད་པའི་རྣམ་པ་དང་གསོན་ཉམས་དོད་པའི་སྐད་ཆར་བརྟེན་ནས་སློབ་མ་ཚོར་འགྲིམ་འགྲུལ་གྱི་མཚོན་རྟགས་ངོས་འཛིན་བྱེད་དུ་བཅུག་པ་མ་ཟད། འགྲིམ་འགྲུལ་སྒྲིག་སྲོལ་ལ་བརྩི་སྲུང་ཇི་ལྟར་བྱེད་པ་དང་། རླངས་འཁོར་ལ་སྡོད་སྐབས་དོ་སྣང་བྱེད་དགོས་རིགས་གང་དག་ཡོད་པ་སོགས་འགྲིམ་འགྲུལ་བདེ་འཇགས་ཀྱི་ཤེས་བྱ་གསལ་འགྲེལ་བྱས་པ་རེད།

འགྲིམ་འགྲུལ་བདེ་འཇཌ་ཀྱི་དྲིལ་བསྒྲཌ་སློབ་གསོ་དེ་བས་གསོན་ཉམས་ལྡན་པ་ཡོང་ཆེད། མི་དམངས་ཉེན་རྟོག་པས་VRདངོས་ལྗོངས་མྱོང་རོལ་ཡོ་བྱད་སྤྱད་དེ་སློབ་མ་ཚོར་འགྲིམ་འགྲུལ་ལས་འཛོལ་ཐོན་པའི་གནས་ཚུལ་ཉམས་ལེན་དང་ཤེས་རྟོགས་ཐུབ་པར་བྱས་ཤིང་། རྟོག་བཟོའི་འགྲིམ་འགྲུལ་ཁོར་ཡུག་ལ་སློབ་མ་ཚོའི་དོ་སྣང་ཆེན་པོ་བྱུང་བ་དང་། སློབ་མ་ཚོས་འགྲིམ་འགྲུལ་བདེ་འཇགས་ཀྱི་ཤེས་བྱ་ཤེས་ཁར་འགྲིམ་འགྲུལ་བདེ་འཇཌ་ཀྱི་རྒྱུན་ཤེས་དང་ཚད་ལྡན་ཚད་གཞི་ཁག་སློབ་མ་ཚོའི་སེམས་ལ་འཇཌ་ཡོད།

3 上一篇  下一篇 4 放大 缩小 默认
   第01版:01
   第02版:གལ་ཆེའི་གསར་འགྱུར།
   第03版:གལ་ཆེའི་གསར་འགྱུར།
   第04版:གལ་ཆེའི་གསར་འགྱུར།
   第05版:ཁྲིམས་སྐྱོང་དོ་གནད།
   第06版:ཁྲིམས་སྐྱོང་དམངས་སྐྱོང་།
   第07版:གྱོད་དཔེ་སྣང་གསལ།
   第08版:ཁྲིམས་འཛིན་དོ་ར།
   第09版:གསེར་གྱི་གཉའ་ཤིང་།
   第10版:ཁྲིམས་ལུགས་དྲིལ་བསྒྲགས།
   第11版:ཁྲིམས་གསལ་མེ་ལོང་།
   第12版:བརྟན་ལྷིང་གསེར་ཕུབ།
   第13版:ཁྲིམས་དང་སྤྱི་ཚོགས།
   第14版:རྒྱལ་ནང་གསར་འགྱུར།
   第15版:ཞི་མཐུན་ས་མཐོ།
   第16版:སེམས་སྐྱིད་ཇ་ཁང་།
བོད་ཀྱིས་སྲིད་འཛིན་ཁྲིམས་འཛིན“ལམ་ལུགས་ཁག་གསུམ”གྱི་ལག་བསྟར་ཇུས་གཞི་བཏོན་པ།
ཤེས་བྱའི་བདག་དབང་དྲིལ་བསྒྲཌ་བྱེད་སྒོ་སྤེལ་བ།
ཉིང་ཁྲིའི་འགྲིམ་འགྲུལ་ཉེན་རྟོག་ཕྱོགས་ཀྱིས།
ལྷ་ས་འགག་སྒོ་ལས་ཁུངས་ཀྱིས“དགུང་སྔོན་2019ལོའི”ཆེད་དོན་བྱ་སྤྱོད་སྤེལ་བ།