第15版:ཞི་མཐུན་ས་མཐོ། 上一版3  4下一版
联系电话: 0891-6328752
下一篇 4 放大 缩小 默认
ལག་གདང་དམ་པོར་སྦྲེལ། ཟོལ་མེད་བརྩེ་བས་ཕྱུག
—— ལྷ་ས་གྲོང་ཁྱེར་གྱི་མི་རིགས་མཐུན་སྒྲིལ་ལས་དོན་སྐོར་གྱི་སྒྲིལ་གླེང་།

སྟག་རྩེ་ཆུས་ཐང་དཀར་ཤང་ཆུ་མདའ་གྲོང་ཚོའི་གྲོང་མི་ཚེ་རིང་ཆོས་སྒྲོན་གྱི་གསོལ་ཅོག་སྟེང་རྩམ་པ་དང་ཇ་བསྲུབས་མ་བསྒྲིགས་ཡོད་ལ། ཚལ་དང་འབྲས་ཀྱང་བསྒྲིགས་འདུག ཁོ་མོའི་ཁྱིམ་ནི་བོད་རྒྱ་མི་རིགས་གཉིས་ལས་གྲུབ་པའི་འཆམ་མཐུན་གྱི་འཚོ་བ་སྐྱེལ་བཞིན་པའི་ཁྱིམ་ཚང་ཞིག་རེད། ལོ་མང་རིང་ཚེ་རིང་ཆོས་སྒྲོན་དང་བཟའ་ཟླས་རང་ཉིད་ཀྱི་ཁྱིམ་ཚང་གཉེར་སྐྱོང་ཡག་པོ་བྱེད་པ་དང་ཆབས་ཅིག བྱ་གཞག་གསར་གཏོད་ལ་བརྟེན་ནས་ཉེ་འགྲམ་གྱི་ཞིང་འབྲོག་དུད་ཚང་མང་དག་ཅིག་འབབ་འཕར་ཕྱུག་འགྱུར་ཡོང་བར་སྐུལ་ཁྲིད་བྱས་ཏེ། གངས་ལྗོངས་ས་མཐོར“རྒྱ་བོད་ཁྱིམ་ཚང་གཅིག་ལྟར་བརྩེ་བའི”མི་རིགས་མཐུན་སྒྲིལ་གྱི་གླུ་དབྱངས་བརྩམས་པ་རེད།

ཁྲེང་ཀོན་ཆུས་ཝ་པ་གླིང་སྡེ་ཁུལ་དུ་བོད་རིགས་དང་། རྒྱ་རིཌ། ཧུའེ་རིགས་སོགས་མི་རིགས་ཁག་གི་གྲོང་མི་སྡོད་པ་དང་འཚོ་བའི་གོམས་གཤིས་དང་སྐད་རིགས་ཀྱང་འདྲ་གི་མེད། ཡིན་ཡང་ལོ་མང་རིང་སྒོ་ར་ཁག་གི་མི་རིགས་དབར་ཁྱིམ་ཚང་གཅིག་ལྟར་མཐུན་སྒྲིལ་འཆམ་མཐུན་དང་ཕན་ཚུན་རོགས་རེས་བྱེད་ཅིང་། སུའི་ཁྱིམ་དུ་དཀའ་ངལ་འཕྲད་རུང་ཁྱིམ་མཚེས་ཚང་མས་རོགས་པ་བྱེད་ཀྱི་ཡོད། ཕྱོགས་རིས་མེད་པར་ལྟ་རེས་སྐྱོང་རེས་བྱེད་པའི་བདེ་སྐྱིད་ལྡན་པའི་འཚོ་བ་ནི་ལྷ་ས་གྲོང་ཁྱེར་གྱི་མི་རིགས་མཐུན་སྒྲིལ་གྱི་བསྡུས་རིས་ཤིག་ཡིན་ལ། ཞི་མཐུན་ལྷ་ས་སྐྲུན་པའི་དཔེ་མཚོན་ཡང་རེད།

མི་རིགས་མཐུན་སྒྲིལ་ནི་མི་རིགས་ཁག་གི་མི་དམངས་ཀྱི་སྲོག་རྩ་ཡིན་ཞིང་། མི་རིགས་མཐུན་སྒྲིལ་ལས་དོན་ཡག་པོ་སྒྲུབ་ཆེད། ལྷ་ས་གྲོང་ཁྱེར་གྱིས་གྲོང་ཁྱེར་དེ་ཡོངས་ཀྱི་སྟོབས་ཤུགས་འདོན་སྤེལ་དང་བློ་གྲོས་གཅིག་ཏུ་བསྡུས་ཏེ་གྲོང་ཨུད་ཀྱི་ཧྲུའུ་ཅིས་ཙུའུ་ཀྲང་བྱས་པའི་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་གསར་གཏོད་བྱེད་སྒོ་སྔར་བས་གཏིང་ཟབ་སྤེལ་བའི་འགོ་ཁྲིད་ཚོགས་ཆུང་བཙུགས་ཤིང་། ལས་ཀའི་ཇུས་གཞི་བཟོས་པ་དང་ལས་ཀའི་འགན་འཁྲི་ཁ་གསལ་དུ་བཏང་ལ། འགྲོ་གྲོན་འགན་ལེན་བྱེད་ཤུགས་ཆེ་རུ་བཏང་སྟེ་མི་རིགས་མཐུན་སྒྲིལ་ཡར་ཐོན་གཏོད་འཛུགས་བྱེད་སྒོ་གཏིང་ཟབ་སྤེལ་བ་རེད། གྲོང་ཁྱེར་ཡོངས་ཀྱི་རིམ་ཁག་ཏང་རྩ་འཛུགས་དང་རྒྱ་ཆེའི་ཏང་ཡོན་ལས་བྱེད་པས་མི་རིགས་ལས་དོན་ཡག་པོ་སྒྲུབ་པ་དེ་ཆབ་སྲིད་ཀྱི་འགན་འཁྲི་འགངས་ཆེན་ལ་བརྩི་རྒྱུ་མཐའ་འཁྱོངས་བྱས་ཏེ་ཐོག་མཐའ་བར་གསུམ་དུ་སེམས་ནང་འཇོག་པ་དང་དམ་འཛིན་ཏན་ཏིག་བྱས་ནས་ལས་ཀའི་སྲོག་རྩ་ཞིག་ལ་བརྩིས་ཏེ་སྒྱུར་འཕེལ་བརྟན་གསུམ་གྱི་ཕྱོགས་ཡོངས་ལ་ཁྱབ་པར་བྱས་པས། མི་རིགས་མཐུན་སྒྲིལ་ཡར་ཐོན་གཏོད་འཛུགས་ཀྱི་མཉམ་ཤུགས་ཆེ་རུ་ཕྱིན་པ་རེད།

“རྒྱ་རིགས་ལས་བྱེད་མང་ཚོགས་དང་མཉམ་དུ་ལས་ཀ་བྱེད་པ་དང་འཚོ་བ་སྐྱེལ་རིང་། ངས་མི་རིགས་ཁག་ནི་གཅིག་ལ་གཅིག་འབྲེལ་དང་ཕན་ཚུན་མཉམ་འདྲེས། ཁ་འབྲལ་ཐབས་མེད་པའི་དོན་སྙིང་གལ་ཆེན་ཚོར་བྱུང་། མི་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས་དབར་འགྲོ་འོང་བྱེད་རིང་ཕན་ཚུན་སྤེལ་རེས་དང་ཕན་ཚུན་སློབ་སྦྱོང་བརྒྱུད་ཐུན་མོང་ཐོག་ཡར་ཐོན་དང་ཐུན་མོང་ཐོག་འཕེལ་རྒྱས་མངོན་འགྱུར་བྱུང་ཡོད”ཅེས་བོད་རིགས་ལས་བྱེད་པ་བསོད་ནམས་ཚེ་རིང་གིས་དེ་ལྟར་བཤད།

བཅའ་ཁྲིམས་ཀྱི་རྨང་གཞིའི་ནུས་པ་མངོན་གསལ་དོད་དུ་སོང་ཞིང་། རྒྱལ་ཡོངས་ཀྱི་ལྟེ་བའི་གྲོང་ཁྱེར་ཁྲོད་སྔོན་དུ་སྣེ་ཁྲིད་དེ《ལྷ་ས་གྲོང་ཁྱེར་གྱི་མི་རིཌ་མཐུན་སྒྲིལ་ཡར་ཐོན་སྲོལ་ཡིག》བཟོས་ཏེ་བཏོན་པ་དང་། ལོ་ལྟར་གྱི་ཟླ་9ཚེས་17ཉིན་ལྷ་ས་གྲོང་ཁྱེར་གྱི“མི་རིགས་མཐུན་སྒྲིལ་ཡར་ཐོན་དུས་ཆེན”དུ་གཏན་འཁེལ་བྱས་ནས།“ཁྲིམས་ལྟར་གྲོང་ཁྱེར་བཅོས་སྐྱོང”དང་མི་རིགས་མཐུན་སྒྲིལ་གྱི་དྲིལ་བསྒྲཌ་སློབ་གསོ་ཁྲིམས་སྐྱོང་ཅན་དུ་འགྱུར་བའི་ཁྲི་ལོ་གསར་པ་ཕྱེ་ཡོད།

2011ལོ་ནས་བཟུང་གྲོང་ཁྱེར་དང་རྫོང(ཆུས)དུ་ལོ་ལྟར་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་དཔེ་བཟང་དཔྱད་འདེམས་བྱེད་སྒོ་ཐེངས་རེ་གཉེར་ནས་མི་རིགས་མཐུན་སྒྲིལ་གྱི་སྤོབས་སེམས་དང་གཟི་བརྗིད་ཚོར་སེམས་ཆེ་རུ་བཏང་ཞིང་། 2017ལོའི་ལོ་མཇུག་བར་ལྷ་ས་གྲོང་ཁྱེར་རིམ་པའི་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་དཔེ་བཟང་མཉམ་སྡེབ་432དང་། དཔེ་བཟང་བ་མི་སྒེར་531 དཔེ་བཟང་ཁྱིམ་ཚང་58བཅས་ལ་གཟེངས་བསྟོད་བྱས་ནས་མི་ཚང་མས་མི་རིགས་མཐུན་སྒྲིལ་གྱི་དཔེ་བཟང་བརྩོན་ལེན་བྱེད་པ་དང་མི་ཚང་མས་མི་རིགས་མཐུན་སྒྲིལ་ལ་ལེགས་སྐྱེས་འབུལ་བའི་ཁོར་ཡུག་ཟབ་མོ་བཏོད་པ་རེད།

ད་ཆ་ལྷ་སར་མི་རིགས་མཐུན་སྒྲིལ་གྱི་མི་སེམས་འགུལ་བའི་གཏམ་རྒྱུད་མང་པོ་ཐོན་པ་སྟེ། ལས་འཁྱུར་ངལ་གསོ་བརྒྱབ་པའི་བཟོ་པ་ནོར་བུ་ཆོས་གྲགས་ཀྱིས་སྒེར་སེམས་མེད་པར་ནད་ཕོག་པའི་རྒྱ་རིགས་སྤུན་ཟླ་ཡན་ཡུང་ལ་རོགས་རམ་བྱས་ཏེ་སྨན་ཁང་དུ་སྐྱེལ་བ་དང་རྒྱུན་ལྡན་གྱི་འཚོ་བར་ལྟ་རྟོག་བྱེད་ཅིང་། ལོ་འདི་དག་རིང་ནོར་བུ་ཆོས་གྲགས་ཀྱིས་ཡན་ཡུང་དང་མཉམ་དུ་འགྲོ་རོགས་བྱས་པའི་ལམ་ཐག་སྤྱི་ལེ་ཁྲི་2ལྷག་ཙམ་ཟིན་པ་དང་། སྤྱི་ལེ་ཁྲི་2ལས་བོད་རྒྱ་གཅེན་གཅུང་གཉིས་པོའི་ལྷད་མེད་དང་སྒེར་སེམས་མེད་པའི་བརྩེ་དུང་མཚོན་ཐུབ་ལ། ལྷ་སའི་ས་གཞི་ཆེ་མོར་བོད་རྒྱ་མི་རིགས་མཐུན་སྒྲིལ་གྱི་མིག་མཐོང་ལག་ཟིན་གྱི་དཔེ་མཚོན་ཞིག་ཀྱང་རེད། (བསོད་ནམས་བདེ་སྐྱིད་ཀྱིས་བསྒྱུར། བསོད་བདེ་དང་སྒྲོན་ལགས་ཀྱིས་ཞུས)

下一篇 4 放大 缩小 默认
   第01版:01
   第02版:གལ་ཆེའི་གསར་འགྱུར།
   第03版:གལ་ཆེའི་གསར་འགྱུར།
   第04版:གལ་ཆེའི་གསར་འགྱུར།
   第05版:ཁྲིམས་སྐྱོང་དོ་གནད།
   第06版: ཁྲིམས་སྐྱོང་དམངས་སྐྱོང་།
   第07版:གྱོད་དཔེ་སྣང་གསལ།
   第08版:ཁྲིམས་འཛིན་དོ་ར།
   第09版:གསེར་གྱི་གཉའ་ཤིང་།
   第10版:ཁྲིམས་ལུགས་དྲིལ་བསྒྲགས།
   第11版:ཁྲིམས་གསལ་མེ་ལོང་།
   第12版:བརྟན་ལྷིང་གསེར་ཕུབ།
   第13版:ཁྲིམས་དང་སྤྱི་ཚོགས།
   第14版:རྒྱལ་ནང་གསར་འགྱུར།
   第15版:ཞི་མཐུན་ས་མཐོ།
   第16版:སེམས་སྐྱིད་ཇ་ཁང་།
ལག་གདང་དམ་པོར་སྦྲེལ། ཟོལ་མེད་བརྩེ་བས་ཕྱུག
མིག་དཔེས་སྣེ་ཁྲིད་དེ་སྙིང་རུས་ཆེན་པོས་མདུན་སྐྱོད་བྱེད།
ནག་ཆུའི་ལས་གཏོད་གསར་གཏོད་ལ་རོགས་རམ་བྱས་པ།
མདུན་ལམ་བཟང་བའི་འོད་ཤུགས་གྲོང་རྡལ་ཆུང་ངུ་།