第10版:ཁྲིམས་ལུགས་དྲིལ་322/2018-11/06/10/2018110610_brief.jpg 上一版3  4下一版
联系电话: 0891-6328752
3 上一篇  下一篇 4 放大 缩小 默认
རྒྱལ་རྩེ་རྫོང་ཕྱོགས་བསྡུས་བཅོས་སྐྱོང་གཞུང་ལས་ཁང་གིས།
“དུས་བདེའི་བོད་ལྗོངས”ཀྱི་དྲིལ་བསྒྲགས་བྱེད་སྒོ་སྤེལ་བ།

↑འདི་ནི་རྒྱལ་རྩེ་རྫོང་སྤྱི་བདེ་ཅུས་ཀྱི་མི་དམངས་ཉེན་རྟོག་པས་གྲོང་མི་ཚོར་དྲ་རྒྱའི་བདེ་འཇགས་ཤེས་བྱ་འགྲེལ་བཤད་རྒྱག་པའི་གནས་ཚུལ་ཡིན་པ།

འདི་ག་ཚགས་པར་ཁང་དུ་རྒྱལ་རྩེ་ནས་གློག་འཕྲིན་འབྱོར་གསལ། ཕྱོགས་བསྡུས་བཅོས་སྐྱོང་གི་དྲིལ་བསྒྲགས་བྱེད་ཤུགས་ཆེ་རུ་བཏང་ནས། “དུས་བདེའི་བོད་ལྗོངས”གཏོད་པའི་རྣམ་པ་བཟང་པོ་ཞིག་ཆགས་པར་བྱ་ཆེད། ཉེ་ཆར། རྒྱལ་རྩེ་ཕྱོགས་བསྡུས་བཅོས་སྐྱོང་གཞུང་ལས་ཁང་གིས་ཁོངས་མིའི་ཚན་པ་ཁག་སྒྲིག་འཛུགས་བྱས་ནས་རྒྱལ་རྩེ་རྫོང་གི་རྫོང་རི་ཐང་ཆེན་དུ་ནང་དོན་ཕུན་སུམ་ཚོགས་ལ་རྣམ་པ་སྣ་ཚོགས་པའི“དུས་བདེའི་བོད་ལྗོངས”ཀྱི་དྲིལ་བསྒྲགས་བྱེད་སྒོ་སྤེལ་བ་རེད།

དྲིལ་བསྒྲགས་བྱེད་སྒོ་སྤེལ་རིང་། ཕྱོགས་བསྡུས་བཅོས་སྐྱོང་གི་ཁོངས་མིའི་ཚན་པ་ཁག་གིས་དྲིལ་བསྒྲགས་ཡིག་རིགས་དང་། དྲིལ་བསྒྲགས་དེབ་ཆུང་། དྲིལ་བསྒྲགས་གསལ་བརྡ་བཅས་སྤྲོད་པ་དང་། དྲིལ་བསྒྲགས་འཕྲེད་འགེལ་ཡིག་རིགས་འགེལ་བ། བློ་འདྲི་ས་ཚིགས་འཛུགས་པ་སོགས་རྣམ་པ་སྣ་ཚོགས་ཀྱི་སྒོ་ནས་དྲིལ་བསྒྲགས་བྱས་པ་དང་། 《རྒྱལ་ཁབ་ཀྱི་བདེ་འཇགས་བཅའ་ཁྲིམས》དང《ཁ་འཕྲལ་ལ་ངོ་རྒོལ་གྱི་རྒྱལ་ཁབ་ཀྱི་བཅའ་ཁྲིམས》སོགས་མི་དམངས་མང་ཚོགས་ཀྱི་ཁེ་ཕན་དང་འབྲེལ་བ་ཡོད་པའི་བཅའ་ཁྲིམས་དང་ཁྲིམས་སྲོལ་གཙོ་གནད་དུ་བཟུང་ནས་དྲིལ་བསྒྲགས་བྱས་པ་མ་ཟད། “གཉིས་ལྡན་དུད་སྦྲེལ་སྤྱི་མི”སྒྲིག་འཛུགས་ཀྱིས་གཉིས་ལྡན་དུད་སྦྲེལ་གྱི་ཁྱིམ་ཚང་ལ་འཚམས་འདྲིར་བསྐྱོད་པ་དང་སྦྲགས་ངོ་ཐུག་གདོང་འཕྲད་ཀྱིས“སྔོན་ཐོན་གཉིས་ལྡན་དུད་སྦྲེལ”གཏོད་པའི་བྱེད་སྒོའི་དོན་སྙིང་གལ་ཆེན་དྲིལ་བསྒྲགས་ཀྱང་བྱས་ནས་རྒྱལ་ཆེའི་མང་ཚོགས་ཚོས་དུས་བདེ་འཛུགས་སྐྲུན་དང་། “གཉིས་ལྡན་དུད་སྦྲེལ”གྱི་ཞབས་ཞུ་དོ་དམ་ལས་དོན། གཟིགས་སྐྱོང་སྲིད་ཇུས་ཁག་བཅས་ལ་རྒྱུས་མངའ་ལོན་པ་བྱས་ཡོད།

(ཚེ་དབང་ལྷ་མོས་བསྒྱུར། སྤེན་པ་ཚེ་རིང་གིས་ཞུས)

3 上一篇  下一篇 4 放大 缩小 默认
   第01版:01
   第02版:གལ་ཆེའི་གསར་འགྱུར།
   第03版:གལ་ཆེའི་གསར་འགྱུར།
   第04版:གལ་ཆེའི་གསར་འགྱུར།
   第05版:ཁྲིམས་སྐྱོང་དོ་གནད།
   第06版: ཁྲིམས་སྐྱོང་དམངས་སྐྱོང་།
   第07版:གྱོད་དཔེ་སྣང་གསལ།
   第08版:ཁྲིམས་འཛིན་དོ་ར།
   第09版:གསེར་གྱི་གཉའ་ཤིང་།
   第10版:ཁྲིམས་ལུགས་དྲིལ་བསྒྲགས།
   第11版:ཁྲིམས་གསལ་མེ་ལོང་།
   第12版:བརྟན་ལྷིང་གསེར་ཕུབ།
   第13版:ཁྲིམས་དང་སྤྱི་ཚོགས།
   第14版:རྒྱལ་ནང་གསར་འགྱུར།
   第15版:ཞི་མཐུན་ས་མཐོ།
   第16版:སེམས་སྐྱིད་ཇ་ཁང་།
རྩ་ཁྲིམས་གསར་པ་དྲིལ་བསྒྲགས་ཀྱི་ལས་དོན་སྤེལ་བ།
“དུས་བདེའི་བོད་ལྗོངས”ཀྱི་དྲིལ་བསྒྲགས་བྱེད་སྒོ་སྤེལ་བ།
མ་བྱུང་སྔོན་འགོག