第10版:ཁྲིམས་ལུགས་དྲིལ་322/2018-11/06/10/2018110610_brief.jpg 上一版3  4下一版
联系电话: 0891-6328752
下一篇 4 放大 缩小 默认
ཁྲ་མོ་གྲོང་ཚོར་བཅའ་སྡོད་སྦྲག་སྲིད་གསོག་འཇོག་དངུལ་ཁང་བོད་ལྗོངས་ཡན་ལག་དངུལ་ཁང་གི་ལས་དོན་རུ་ཁག་གིས།
རྩ་ཁྲིམས་གསར་པ་དྲིལ་བསྒྲགས་ཀྱི་ལས་དོན་སྤེལ་བ།

འདི་ག་ཚགས་པར་ཁང་དུ་གློག་འཕྲིན་འབྱོར་གསལ། གྲོང་མིའི་བཅའ་ཁྲིམས་ཀྱི་བྱང་ཚད་མཐོ་རུ་དང་ཁྲིམས་སྐྱོང་གི་འདུ་ཤེས་སྔར་བས་ཟབ་ཏུ་གཏོང་ཆེད། ཉེ་ཆར། ཁྲ་མོ་གྲོང་ཚོར་བཅའ་སྡོད་སྦྲག་སྲིད་གསོག་འཇོག་དངུལ་ཁང་བོད་ལྗོངས་ཡན་ལག་དངུལ་ཁང་གི་ལས་དོན་རུ་ཁག་གིས་གྲོང་མི་དང་གྲོང་ཚོའི་ལས་བྱེད་པ་སྒྲིག་འཛུགས་བྱས་ཏེ《རྩ་ཁྲིམས》གསར་པའི་ཤེས་བྱ་འཆད་ཁྲིད་བྱས་པ་རེད།

འཆད་ཁྲིད་བྱེད་རིང་། གྲོང་སྡོད་ལས་དོན་རུ་ཁག་གི་རུ་མིས་བོད་སྐད་ཀྱི་ལམ་ནས་རྒྱ་ཆེའི་གྲོང་མི་ཚོར་རྩ་ཁྲིམས་ཀྱི་གོ་དོན་དང་། བཅའ་ཁྲིམས་ཀྱི་ཁྱད་ཆོས། གནས་བབ་དང་ནུས་པ། གཞི་རྩའི་རྩ་དོན་སོགས་ངོ་སྤྲོད་བྱས་ཏེ། གྲོང་མི་ཚོར་རྩ་ཁྲིམས་ཀྱིས་སྤྱི་དམངས་ལ་དཀྲིས་པའི་དབང་ཆ་དང་འོས་འགན་དང་དེ་བཞིན་ཇི་ལྟར་བྱས་ནས་སྤྱི་དམངས་ཀྱི་ཁྲིམས་མཐུན་ཁེ་དབང་འགན་ལེན་བྱེད་དགོས་ལུགས་གསལ་འགྲེལ་ཞིབ་ཚགས་བྱས་པ་དང་སྦྲགས། 2018ལོའི་རྩ་ཁྲིམས་གསར་པ་བཟོ་བཅོས་ཀྱི་ནང་དོན་ལ་གཙོ་གནད་ཐོག་དམིགས་ནས་རྒྱ་ཆེའི་གྲོང་མི་ཚོར་བརྒྱུད་བསྒྲགས་བྱས་པ་རེད།

གྲོང་སྡོད་ལས་དོན་རུ་ཁག་གི་རུ་མིའི་འཆད་འགྲེལ་གོ་བདེ་ཤེས་སླ་དང་དོན་དངོས་དང་ཉེ་བཅར་ཐུབ་པས་མང་ཚོགས་ཚོས་རྩ་ཁྲིམས་གསར་པར་གོ་བ་གསར་པ་བསྐྱེད་ནས་ཚང་མའི་རྩ་ཁྲིམས་ཀྱི་འདུ་ཤེས་དང་ཁྲིམས་སྐྱོང་གི་འདུ་ཤེས་ཟབ་ཏུ་ཕྱིན་པ་དང་། རྩ་ཁྲིམས་གོང་བཀུར་དང་། རྩ་ཁྲིམས་ལ་བརྩི་སྲུང་། རྩ་ཁྲིམས་ཀྱི་དབང་གྲགས་སྲུང་སྐྱོང་བཅས་ལ་རྣམ་པ་བཟང་པོ་ཞིག་གཏོད་ཆེད་རྨང་གཞི་བརྟན་པོ་ཞིག་བཏིངས་ཡོད་པ་རེད།

ཉེ་ཆར། གྲོང་སྡོད་ལས་དོན་རུ་ཁག་གིས་ཀྱང་ཡིག་ཚགས་དང་གཱ་བཟོས་པའི་དུད་ཚང་ལ་འཚམས་འདྲི་བྱེད་པའི་ལས་དོན་སྤེལ་ནས་དབུལ་སྐྱོར་སྲིད་ཇུས་སྒྲོག་འགྲེལ་བྱས་པ་དང་དུས་མཚུངས། རྩ་ཁྲིམས་གསར་པ་དྲིལ་བསྒྲགས་ཀྱི་ནང་དོན་ལ་བརྩིས་ནས་ཁྲིམས་སྐྱོང་སློབ་གསོ་དྲིལ་བསྒྲགས་བྱས་པས་དྲིལ་བསྒྲགས་ཀྱི་ཕན་འབྲས་ཆེ་རུ་ཕྱིན་ཡོད་པ་རེད།

(ཚེ་ཁོས་བསྒྱུར། པ་ཚེ་དང་ཚེ་ཁོས་ཞུས)

下一篇 4 放大 缩小 默认
   第01版:01
   第02版:གལ་ཆེའི་གསར་འགྱུར།
   第03版:གལ་ཆེའི་གསར་འགྱུར།
   第04版:གལ་ཆེའི་གསར་འགྱུར།
   第05版:ཁྲིམས་སྐྱོང་དོ་གནད།
   第06版: ཁྲིམས་སྐྱོང་དམངས་སྐྱོང་།
   第07版:གྱོད་དཔེ་སྣང་གསལ།
   第08版:ཁྲིམས་འཛིན་དོ་ར།
   第09版:གསེར་གྱི་གཉའ་ཤིང་།
   第10版:ཁྲིམས་ལུགས་དྲིལ་བསྒྲགས།
   第11版:ཁྲིམས་གསལ་མེ་ལོང་།
   第12版:བརྟན་ལྷིང་གསེར་ཕུབ།
   第13版:ཁྲིམས་དང་སྤྱི་ཚོགས།
   第14版:རྒྱལ་ནང་གསར་འགྱུར།
   第15版:ཞི་མཐུན་ས་མཐོ།
   第16版:སེམས་སྐྱིད་ཇ་ཁང་།
རྩ་ཁྲིམས་གསར་པ་དྲིལ་བསྒྲགས་ཀྱི་ལས་དོན་སྤེལ་བ།
“དུས་བདེའི་བོད་ལྗོངས”ཀྱི་དྲིལ་བསྒྲགས་བྱེད་སྒོ་སྤེལ་བ།
མ་བྱུང་སྔོན་འགོག