第11版:ཁྲིམས་གསལ་མེ་ལོང322/2018-11/06/11/2018110611_brief.jpg 上一版3  4下一版
联系电话: 0891-6328752
下一篇 4 放大 缩小 默认
ལྷ་ས་གྲོང་ཁྱེར་གྱི་ཉེན་རྟོག་པས“ནད་པར་མགོ་སྐོར་གཏོང་མཁན”གྱི་ཚོགས་པ་ཞིག་མེད་པ་བཟོས་པ།

འཚོ་བའི་ནང་། “ཆང་ཁྲམ”ལ་ཡིད་གཟབ་བྱེད་དགོས་པ་མ་ཟད། སྨན་ཁང་དུ་སྨན་པ་བསྟེན་སྐབས“སྨན་ཁྲམ”ལའང་ཡིད་གཟབ་བྱེད་དགོས། མི་རྣམས་ཀྱིས“སྨན་ཁྲམ”ཟེར་བ་ནི་ནད་པས་སྨན་ཁང་ལ་བརྟག་དཔྱད་བྱེད་པར་སྒུག་སྡོད་པའམ་ཡང་ན་སྨན་ཁང་ལ་འགྲོ་བ་དང་བསྟུན་ནས་ནད་པ་དང་དེའི་ཁྱིམ་མིའི་ལམ་བཀག་ནས་སྐད་ཆ་གང་བྱུང་འདྲི་བ་དང་ངོ་མ་ཤེས་ཤེས་མདོག་གིས་སྨན་བཅོས་ལས་ཁུངས་ཁག་གཅིག་དང་ཁ་མཐུན་བྱས་ཏེ་ནད་པ་དེར་སྐྱེལ་ཐབས་བྱས་ནས་དེའི་ཁྲོད་ནས་ཁེ་བཟང་ལེན་མཁན་ལ་གོ ཉེ་དུས། ལྷ་ས་གྲོང་ཁྱེར་གྱི་ཉེན་རྟོག་པས་སྒྲིག་འཛུགས་ནན་ཞིང་ལས་བགོས་ཁ་གསལ་བའི“སྨན་ཁྲམ”གྱི་ཚོགས་པ་ཞིག་མེད་པ་བཟོས་པ་རེད།

ཟླ་10ཚེས་16ཉིན། ཁྲེང་ཀོན་ཆུས་སྤྱི་བདེ་ཅུས་ཀྱི་སྐྱིད་རས་མངགས་གཏོང་ཁང་ལ་ཉེ་དུས་སྨན་ཁང་གི་ཨང་ཀི་བཀག་སར་མི་ཁ་ཤས་ཀྱིས་ན་ཚ་བསྟེན་མཁན་མིན་ལ་ནད་པ་དང་ངོ་མ་ཤེས་ཀྱང་ངོ་ཤེས་མདོག་གིས་སྐད་ཆ་བཤད་ནས་སྡོད་པས་དོགས་གཞི་ཆེན་པོ་འདུག་ཅེས་ལྷ་ས་གྲོང་ཁྱེར་མི་དམངས་སྨན་ཁང་གི་བདེ་སྲུང་ཉེན་རྟོག་པའི་སྙན་སེང་འབྱོར། སྐྱིད་རས་མངགས་གཏོང་ཁང་གི་མི་དམངས་ཉེན་རྟོག་པས་འཕྲལ་མར་ལྷ་ས་གྲོང་ཁྱེར་མི་དམངས་སྨན་ཁང་དུ་བསྐྱོད་པ་དང་། སྨན་ཁང་གི་བདེ་སྲུང་བས་བཤད་པའི་ཁུངས་སྣེར་གཞིགས་པ་དང་སྨན་ཁང་གི་གློག་མིག་བརྙན་ཕབ་ལ་བལྟས་རྗེས་མི་དམངས་ཉེན་རྟོག་པས་དོགས་གཞི་ཆེ་བའི་མི་གཉིས་ངོ་མ་ཡོད་པ་དང་དེ་གཉིས་ཕན་ཚུན་ངན་རོགས་ཡིན་པ་མ་ཟད། “སྨན་ཁྲམ”གྱི་ཁྲིམས་འགལ་བྱེད་སྤྱོད་སྤེལ་བའི་དོགས་གཞིའང་ཡོད་པ་ཤེས།

མི་དམངས་ཉེན་རྟོག་པས་སྨན་ཁང་གི་བདེ་སྲུང་དང་མཉམ་དུ་འཕྲལ་མར་དོགས་གཞི་ཡོད་མཁན་གྱི་མི་དེ་གཉིས་བཟུང་སྟེ་ཁྲེང་ཀོན་ཆུས་སྤྱི་བདེ་ཅུས་ཀྱི་བདེ་འཇགས་བཅོས་སྐྱོང་རུ་ཆེན་ལ་རྩིས་སྤྲད་པ་རེད། དོགས་གཞི་ཡོད་མཁན་དེ་གཉིས་ལ་འཕྲལ་མར་འདྲི་རྩད་བྱས་པ་བརྒྱུད་ཉེན་རྟོག་པས་ལྷ་ས་གྲོང་ཁྱེར་ལ་ཕུང་ཆེ་གེ་མོས་གཙོས་སྒྲིག་འཛུགས་ཡོད་པའི“སྨན་ཁྲམ”ཚོགས་པ་ཞིག་ཡོད་པ་གཏན་འཁེལ་བྱས།

གནས་ཚུལ་དེ་ཤེས་རྗེས། ཁྲེང་ཀོན་ཆུས་སྤྱི་བདེ་ཅུས་ཀྱིས་འཕྲལ་མར་གྱོད་གཞིའི་གནས་ཚུལ་གོང་རིམ་སྡེ་ཚན་ལ་སྙན་སེང་ཞུས་པ་དང་འབྲེལ། ཆེད་དོན་གྱོད་གཞི་བརྟག་དཔྱད་ཚོགས་ཆུང་བཙུགས་ནས་གྱོད་གཞི་དེར་མྱུལ་དཔྱད་ཀྱི་ལས་དོན་མུ་མཐུད་སྤེལ་ཞིང་། ཆེད་དོན་གྱོད་གཞི་བརྟག་དཔྱད་ཚོགས་ཆུང་གིས་མི་དམངས་ཉེན་རྟོག་པ་15སྔ་རྗེས་སུ་གོང་དཀར་གནམ་ཐང་དང་། ལྷ་ས་གྲོང་ཁྱེར་མེ་འཁོར་འབབ་ཚུགས། ཁྲིམས་འགལ་བ་སྡོད་སའི་མགྲོན་ཁང་སོགས་ལ་མངགས་ནས་སྒུག་བརྒྱབ་ཅིང་། ཆུ་ཚོད་30ལྷག་འབད་འཐབ་བྱས་པ་བརྒྱུད་མཐར་མི་དམངས་ཉེན་རྟོག་པས་ཕུང་ཆེ་གེ་མོས་གཙོས་ཁྲིམས་འགལ་བ་དྲུག་འཛིན་ཐུབ་པ་རེད།

ཁྲིམས་འགལ་བ་དྲུག་པོ་ལ་འཕྲལ་མར་འདྲི་རྩད་བྱས་པ་བརྒྱུད། ཉེན་རྟོག་པས་ཕུང་ཆེ་གེ་མོ་སོགས་ཀྱིས་འདི་ལོའི་ཟླ་བརྒྱད་པར་བོད་ལ་ཡུལ་སྐོར་དུ་ཡོང་བ་དང་། དེའི་རིང་ལྷ་སའི་སྨན་ཁང་ཆེ་རིགས་ལ“སྨན་ཁྲམ”ལ་ཁེ་བཟང་ཡོད་པ་ཤེས་རྗེས། མི་རིང་བར་ཕུང་ཆེ་གེ་མོས་ལྷ་ས་གྲོང་ཁྱེར་གྱི་སྒེར་བཙུགས་སྨན་ཁང་གཉིས་དང་གྲོས་མཐུན་བཞག་པའི་ནང་ཕུང་ཆེ་གེ་མོས་ལྷ་སའི་སྒེར་བཙུགས་སྨན་ཁང་གི་སྒོ་བསྟེན་པུའི་འགན་འཁུར་བ་ཚའོ་ཆེ་གེ་མོ་དང་ཁ་ཆད་བྱས་ཏེ། ཁྲོམ་ར་པུའུ་ཟེར་བ་བཙུགས་ནས་མི་བཅུ་ལྷག་ཁྲོམ་ར་པུར་བཅུག་སྟེ་ལྷ་ས་གྲོང་ཁྱེར་གྱི་གཞུང་བཙུགས་སྨན་ཁང་ཆེ་རིགས་ལ་ན་ཚ་བསྟེན་ཚུལ་རྫུན་མ་ཤོད་པ་དང་ནད་དེབ་རྫུན་མ་བསྟན་ནས་ཨང་ཀི་བཀོག་མཁན་ནད་པ་གཞན་ལ་མགོ་སྐོར་བཏང་སྟེ། སྒེར་བཙུགས་སྨན་ཁང་ལ་ན་ཚ་ལྟ་བར་ཁྲིད་པ་ཤེས།

འདྲི་རྩད་བྱས་ནས་ཁུངས་སྣེ་ཤེས་རྟོགས་བྱུང་བའི་ཆེད་དོན་གྱོད་གཞི་བརྟག་དཔྱད་ཚོགས་ཆུང་གི་མི་དམངས་ཉེན་རྟོག་པས་གྱོད་གཞི་དང་འབྲེལ་བའི་སྒེར་བཙུགས་སྨན་ཁང་དེ་གཉིས་ལ་བརྟག་དཔྱད་ཟབ་མོ་བྱེད་འགོ་བཙུགས་ཤིང་། སྒེར་བཙུགས་སྨན་ཁང་དེ་གཉིས་པོའི་གྱོད་གཞི་དང་འབྲེལ་བ་ཡོད་མཁན་ལ་འདྲི་རྩད་བྱས་པ་དང་ཁྲིམས་ལུགས་སྡེ་ཚན་གྱིས་ཞིབ་བཤེར་གཏན་འཁེལ་བྱས་པ་བརྒྱུད་ཉེན་རྟོག་པས་ཡང་བསྐྱར་ཁྲིམས་འགལ་བ་9བཟུང་བའི་ནང་། ལྷ་ས་གྲོང་ཁྱེར་གྱི་སྒེར་བཙུགས་སྨན་ཁང་ཞིག་གི་སྒོ་བསྟེན་པུའི་འགན་འཁུར་བ་ཚའོ་ཆེ་གེ་མོ་ཡོད་པ་རེད།

ཚའོ་ཆེ་གེ་མོས་ངོས་ལེན་བྱས་པ་ལྟར་ན། ཉིན་ཞིག་ཕུང་ཆེ་གེ་མོས་ཚའོ་ཆེ་གེ་མོ་འཚོལ་བར་ཡོང་སྟེ་རང་ཉིད་ལ་ནད་པ་མང་པོ་ཡོད་པས་སྨན་ཁང་དང་མཉམ་ལས་བྱས་ཏེ། ཚའོ་ཆེ་གེ་མོས་ཁྲིད་པའི་ནད་པར་བལྟས་རྗེས་ཁ་གྲངས་མང་ཉུང་ལ་གཞིགས་ནས་འཐེན་ཆ་རྩིས་བརྒྱབ་སྟེ། ཕུང་ཆེ་གེ་མོས་45%ལེན་པ་དང་། སྨན་ཁང་ལ་55%སྤྲོད་རྒྱུའི་ཁ་ཆད་བྱས་པ་མ་ཟད། ཕུང་ཆེ་གེ་མོས་མཉམ་ལས་བྱེད་པའི་ཐབས་ཤེས་གཉིས་བཏོན་པ་སྟེ། གཅིག་ནི་སྨན་ཁང་གིས་ཕུང་ཆེ་གེ་མོ་དང་དེས་སྒྲིག་འཛུགས་བྱས་པའི“སྨན་ཁྲམ”ཚོགས་པར་གླ་ཆ་སྤྲོད་པ་དང་། གཅིག་ཤོས་ནི་ནད་པ་མང་ཉུང་ལ་གཞིགས་ནས་འཐེན་ཆ་ལེན་རྒྱུ་དེ་རེད།

དེ་རྗེས། ཕུང་ཆེ་གེ་མོས་སྒྲིག་འཛུགས་བྱས་པའི“སྨན་ཁྲམ”ཚོགས་པ་དེ་ལྷ་ས་གྲོང་ཁྱེར་གྱི་གཞུང་བཙུགས་སྨན་ཁང་ཆེ་རིགས་ལ་བྱ་ངན་སྤེལ་གྱི་ཡོད། སྨན་ཁང་གི་སྒོ་བསྟེན་ཨང་ཀི་བཀག་སར་སྒྲལ་བསྒྲིགས་ནས་ཕན་ཚུན་གཅིག་རམ་གཅིག་འདེགས་བྱེད་པ་སྟེ། གཅིག་གིས་སྒྲལ་སྒྲིག་བཞིན་པའི་མི་དེར་ན་ཚ་གང་ལྟ་མིན་འདྲི་བ་དང་། དེས་འདིར་ན་ཚ་ཐེངས་མང་བལྟས་ཀྱང་དྲག་སྐྱེད་མ་བྱུང་ཤོད་ཁུལ་བྱེད་པ་དང་། ངན་རོགས་གཞན་དེས་རང་ཉིད་ཀྱིས་འདིར་ན་ཚ་ཐེངས་མང་བལྟས་ཀྱང་ད་དུང་དྲག་སྐྱེད་མ་བྱུང་ཞེས་ཤོད་ཁུལ་བྱས། དེའི་ཚེ་མི་གཞན་དེས་སྐད་ཆ་ལྷག་མ་མཐུད་ནས་འདིར་ན་ཚ་ཐེངས་མང་བལྟས་ཀྱང་དྲག་སྐྱེད་མ་བྱུང་། སྒེར་བཙུགས་སྨན་ཁང་ཞིག་ལ་བསྟེན་ཐེངས་གཅིག་གིས་དྲག་སོང་ཞེས་བཤད། གལ་སྲིད་འགྲམ་དུ་ཡོད་པའི་ནད་པ་གཞན་གྱི་ཡིད་ཆེས་ཐོབ་ཚེ། དུས་ཆད་བཟོས་ནས་ཕུང་ཆེ་གེ་མོས་སྔར་ནས་སྐད་ཆ་བྱས་ཟིན་པའི་སྨན་ཁང་དེ་ལ་ལྟ་བར་འཁྲིད་ཀྱི་ཡོད། སྨན་ཁང་བལྟས་རྗེས་ནད་པར་མགོ་སྐོར་ཐེབས་ནས་ཕུང་ཆེ་གེ་མོར་ལས་སླ་པོའི་ངང་འཐེན་ཆ་རག་གི་ཡོད།

ད་ཆ《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་བདེ་འཇགས་བཅོས་སྐྱོང་དོ་དམ་གྱི་ཉེས་ཆད་བཅའ་ཁྲིམས》ཀྱི་འབྲེལ་ཡོད་གཏན་འབེབས་ལྟར་ཁྲེང་ཀོན་ཆུས་སྤྱི་བདེ་ཅུས་ཀྱིས་ཕུང་ཆེ་གེ་མོ་གཙོས“སྨན་ཁྲམ”ཚོགས་པའི་ཁོངས་མི་དྲུག་ལ་སྲིད་འཛིན་བཀག་ཉར་ཉིན་བཅུ་ཡི་ཉེས་ཆད་བཏང་བ་དང་། ལྷ་ས་གྲོང་ཁྱེར་གཞུང་བཙུགས་སྨན་ཁང་དེའི་སྒོ་བསྟེན་སྡེ་ཁག་གི་འགན་འཁུར་བ་ཚའོ་ཆེ་གེ་མོར་སྲིད་འཛིན་བཀག་ཉར་ཉིན་10བྱ་རྒྱའི་ཆད་པ་བཅད་པ་མ་ཟད། གྱོད་གཞི་དང་འབྲེལ་བ་ཡོད་པའི་གཞུང་བཙུགས་སྨན་ཁང་གཉིས་ཀྱི་ཁྲིམས་འགལ་བ་8ལ་སྲིད་འཛིན་གྱི་དངུལ་ཆད་སྒོར་200བཅད་པ་རེད།

དེར་བརྟེན། ནད་པའི་ཡིད་ཆེས་ཐོབ་ཆེད། “སྨན་ཁྲམ”གྱིས་ནད་པའམ་ཡང་ན་ནད་པའི་ཁྱིམ་མི་ཡིན་ཁུལ་བྱས་ནས་ནད་པར་ངོ་མ་ཤེས་ངོ་ཤེས་མདོག་བྱེད་ཀྱི་ཡོད་པས་སྨན་ཁང་དུ་ན་ཚ་བསྟེན་སྐབས་མི་དེ་རིགས་ལ་དོགས་ཟོན་བྱེད་དགོས་པ་དང་། ནད་པའི་ཡིད་ཆེས་ཐོབ་རྗེས། “སྨན་ཁྲམ”གྱིས“རང་ཉིད་ཀྱི་མྱོང་བ”བརྗོད་ནས་སྨན་ཁང་ཆེ་མོར་སྨན་རིན་གོང་མཐོ་བའི་ཁར་ན་ཚ་བཅོས་མི་ཐུབ་པ་དང་དེ་ལས་སྨན་ཁང་གཞན་ཞིག་གི་སྨན་པ་ཆེ་གེ་མོ་ནི་ན་ཚ་དེ་བཅོས་པའི་རིགས་གཅིག་མཁས་ཅན་ཡིན་པས། དེ་ལ་བསྟེན་ན་སྨན་བཅོས་བྱེད་ཐུབ་པའི་སྐོར་བཤད་ནས་ནད་པ་སྨན་ཁང་དེར་འཁྲིད་ཀྱི་ཡོད། དེ་ལྟར་བཤད་པར་བདེན་རྫུན་འབྱེད་ཤེས་པ་དགོས། སྨན་ཁང་དུ“སྨན་ཁྲམ”གྱིས“སྨན་པ”དང་ཁ་མཐུན་ནས་གོང་ཁེ་བའི་ཀྲུང་ལུགས་སྨན་སྤྱིར་བཏང་དེ་དག་གོང་མཐོ་པོས་ནད་པར་འཚོང་གི་ཡོད་པས་ཡིད་གཟབ་བྱེད་དགོས་ཞེས་ཉེན་རྟོག་པས་དྲན་སྐུལ་བྱས། (པ་སངས་ཚེ་རིང་གིས་བསྒྱུར། བསྟན་འཛིན་བཟང་མོ་དང་པ་ཚེས་ཞུས)

下一篇 4 放大 缩小 默认
   第01版:01
   第02版:གལ་ཆེའི་གསར་འགྱུར།
   第03版:གལ་ཆེའི་གསར་འགྱུར།
   第04版:གལ་ཆེའི་གསར་འགྱུར།
   第05版:ཁྲིམས་སྐྱོང་དོ་གནད།
   第06版: ཁྲིམས་སྐྱོང་དམངས་སྐྱོང་།
   第07版:གྱོད་དཔེ་སྣང་གསལ།
   第08版:ཁྲིམས་འཛིན་དོ་ར།
   第09版:གསེར་གྱི་གཉའ་ཤིང་།
   第10版:ཁྲིམས་ལུགས་དྲིལ་བསྒྲགས།
   第11版:ཁྲིམས་གསལ་མེ་ལོང་།
   第12版:བརྟན་ལྷིང་གསེར་ཕུབ།
   第13版:ཁྲིམས་དང་སྤྱི་ཚོགས།
   第14版:རྒྱལ་ནང་གསར་འགྱུར།
   第15版:ཞི་མཐུན་ས་མཐོ།
   第16版:སེམས་སྐྱིད་ཇ་ཁང་།
ལྷ་ས་གྲོང་ཁྱེར་གྱི་ཉེན་རྟོག་པས“ནད་པར་མགོ་སྐོར་གཏོང་མཁན”གྱི་ཚོགས་པ་ཞིག་མེད་པ་བཟོས་པ།
ལས་བྱེད་པ་སྒྲིག་འཛུཌ་བྱས་ནས་བཅའ་ཁྲིམས་དང་ཁྲིམས་སྲོལ་སྲིད་ཇུས་བཅས་ཀྱི་ཤེས་བྱ་རྒྱུཌ་བླངས་པ།