第13版:ཁྲིམས་དང་སྤྱི་ཚོ322/2018-11/06/13/2018110613_brief.jpg 上一版3  4下一版
联系电话: 0891-6328752
3 上一篇  下一篇 4 放大 缩小 默认
དིང་རི་རྫོང་གིས།
སྣོད་བཅུད་འཛུགས་སྐྱོང་ཐད་ཐབས་མང་མཉམ་སྤྱོད་ཀྱིས་ལྗང་མདོག་འཕེལ་རྒྱས་ཀྱི་བརྗོད་དོན་གཅོ་བོའི་བྱེད་སྒོ་ཧུར་ཐག་སྤེལ་བ།

འདི་ག་ཚགས་པར་ཁང་དུ་དིང་རི་ནས་གློག་འཕྲིན་འབྱོར་གསལ། འདི་ལོ་ཚུན་དུ། དིང་རི་རྫོང་གིས“མཛེས་སྡུག་ལྡན་པའི་བོད་ལྗོངས་འཛུགས་སྐྲུན་བྱེད་པའི”ཐབས་ཇུས་བཀོད་སྒྲིག་གལ་ཆེན་ལ་དམིགས་ཏེ། ཇོ་མོ་གླང་མའི་སྣོད་བཅུད་རིག་གནས་ཡུལ་སྐོར་གྱི་སྣེ་ཁྲིད་དཔེ་སྟོན་ཁུལ་དང་། ཇོ་མོ་གླང་མའི་མི་རིགས་མཐུན་སྒྲིལ་གྱི་ཞི་མཐུན་མཛེས་སྡུག་ལྡན་པའི་སྣེ་ཁྲིད་དཔེ་སྟོན་ཁུལ་གཏོད་པའི་དམིགས་ཚད་དང་ལས་འགན་ལ་དམ་པོར་གཞིགས་ཏེ། ལྗང་མདོག་གི་འཕེལ་རྒྱས་འདུ་ཤེས་མཐའ་འཁྱོངས་དང་སྡོད་མལ་ཁོར་ཡུག་ལེགས་སུ་བཏང་སྟེ་ལྗང་མདོག་འཕེལ་རྒྱས་ཀྱི་བརྗོད་དོན་གཙོ་བོའི་བྱེད་སྒོ་ཧུར་ཐག་སྤེལ་བ་རེད།

ཤེས་རྟོགས་བྱུང་བར་གཞིགས་ན། འདི་ལོ་དིང་རི་རྫོང་གིས་སྔ་རྗེས་སུ་ཤིང་འཛུགས་ནགས་བཟོའི་སྔོ་འགྱུར་རྒྱ་ཁྱོན་མུའུ་4360དང་། བྱེ་འགོག་བྱེ་བཅོས་མུའུ་2100 ནགས་ཚལ་བདག་སྐྱོང་མུའུ་3000བཅས་ལེགས་སྒྲུབ་བྱས་པ་རེད། ས་བབ་མཐོ་ཚད་སྨི་4300མན་གྱི་གྲོང་ཚོ་50ཡི་དུད་ཚང་4310ལ“གྲོང་ཚོ་དང་དུད་ཚང་ཚང་མར་རྩི་ཤིང་ཡོད་པ་བྱེད་པའི”ལས་འགན་ལེགས་སྒྲུབ་བྱས་པ་དང་། ཤེལ་དཀར་གྲོང་རྡལ་སོགས་དམིགས་བསལ་ཁྱད་ཆོས་ལྡན་པའི་གྲོང་རྡལ་ཆུང་ངུ་གཉིས་དང་གྲོང་ཚོ་ཧྲིལ་པོ་བཅུར་གྲོང་གསེབ་ཀྱི་སྔོ་འགྱུར་ལས་དོན་སྤེལ་རྒྱུ་ལེགས་གྲུབ་བྱས་པ་དང་འབྲེལ། རྫོང་གྲོང་དང་དེའི་ཉེ་འཁོར་གྱི་མིས་བཟོས་ནགས་ཚལ་བདག་སྐྱོང་དང་གྲུབ་འབྲས་སྲ་བརྟན་དུ་གཏོང་བའི་ལས་གྲྭ་ལེགས་སྒྲུབ་བྱས་པར་མ་དངུལ་བསྡོམས་འབོར་སྒོར་ཁྲི་4925བཏང་ཡོད་པ་རེད།

3 上一篇  下一篇 4 放大 缩小 默认
   第01版:01
   第02版:གལ་ཆེའི་གསར་འགྱུར།
   第03版:གལ་ཆེའི་གསར་འགྱུར།
   第04版:གལ་ཆེའི་གསར་འགྱུར།
   第05版:ཁྲིམས་སྐྱོང་དོ་གནད།
   第06版: ཁྲིམས་སྐྱོང་དམངས་སྐྱོང་།
   第07版:གྱོད་དཔེ་སྣང་གསལ།
   第08版:ཁྲིམས་འཛིན་དོ་ར།
   第09版:གསེར་གྱི་གཉའ་ཤིང་།
   第10版:ཁྲིམས་ལུགས་དྲིལ་བསྒྲགས།
   第11版:ཁྲིམས་གསལ་མེ་ལོང་།
   第12版:བརྟན་ལྷིང་གསེར་ཕུབ།
   第13版:ཁྲིམས་དང་སྤྱི་ཚོགས།
   第14版:རྒྱལ་ནང་གསར་འགྱུར།
   第15版:ཞི་མཐུན་ས་མཐོ།
   第16版:སེམས་སྐྱིད་ཇ་ཁང་།
“ལས་སྟེགས་བཞི”བསྐྲུན་ནས་མི་རིགས་མཐུན་སྒྲིལ་ལ་སྐུལ་འདེད་བཏང་བ།
སྣོད་བཅུད་འཛུགས་སྐྱོང་ཐད་ཐབས་མང་མཉམ་སྤྱོད་ཀྱིས་ལྗང་མདོག་འཕེལ་རྒྱས་ཀྱི་བརྗོད་དོན་གཅོ་བོའི་བྱེད་སྒོ་ཧུར་ཐག་སྤེལ་བ།
པེ་ཅིང་གིས་ལོ་20ཡི་རིང་ལྷ་སར་དབུལ་སྒྲོལ་མ་དངུལ་སྒོར་དུང་ཕྱུར་44.7ཙམ་རོགས་སྐྱོར་བྱས་པ།