第13版:ཁྲིམས་དང་སྤྱི་ཚོ322/2018-11/06/13/2018110613_brief.jpg 上一版3  4下一版
联系电话: 0891-6328752
下一篇 4 放大 缩小 默认
སྣང་རྫོང་མི་དམངས་ཁྲིམས་ཁང་གིས།
“ལས་སྟེགས་བཞི”བསྐྲུན་ནས་མི་རིགས་མཐུན་སྒྲིལ་ལ་སྐུལ་འདེད་བཏང་བ།

འདི་ག་ཚགས་པར་ཁང་དུ་སྣང་རྫོང་ནས་གློག་འཕྲིན་འབྱོར་གསལ། ཉེ་ཆར། སྣང་རྫོང་མི་དམངས་ཁྲིམས་ཁང་གིས“མི་རིགས་མཐུན་སྒྲིལ་ཟླ་བ”གོ་སྐབས་སུ་བྱས་ནས“ལས་སྟེགས་བཞི”སྐྲུན་པ་དང་། མི་རིགས་མཐུན་སྒྲིལ་གྱི་རྣམ་པ་ཟབ་མོ་གཏོད་པ། མི་རིགས་མཐུན་སྒྲིལ་གཏོད་པའི་བྱེད་སྒོའི་གཞི་རྟེན་ཕུན་སུམ་ཚོགས་སུ་གཏོང་བ། ལས་བྱེད་ཉེན་རྟོག་པའི་ཕུགས་བསམ་དང་དད་སེམས་བརྟན་དུ་གཏོང་བ་བཅས་ལ་བརྟེན་ནས་མི་རིགས་མཐུན་སྒྲིལ་གྱི་བརྗོད་དོན་གཙོ་བོའི་བྱེད་སྒོ་གཏིང་ཟབ་སྤེལ་ཡོད་པ་རེད།

སློབ་སྦྱོང་གི་ལས་སྟེགས་བསྐྲུན་ནས་མི་རིགས་མཐུན་སྒྲིལ་གྱི་བསམ་བློའི་ངོས་འཛིན་ཟབ་ཏུ་གཏོང་བ། “མི་རིགས་མཐུན་སྒྲིལ་ཟླ་བའི”བྱེད་སྒོ་སྤེལ་ཚུན། སྣང་རྫོང་མི་དམངས་ཁྲིམས་ཁང་གིས་ལས་བྱེད་ཉེན་རྟོག་ཡོངས་སྐུལ་སློང་བྱེད་པ་དང་། ཁྲིམས་ར་དང་ཁང་གིས་གྲོས་བསྡུར་བྱེད་པ། མི་སྒེར་གྱིས་རང་སྦྱོང་བྱེད་པ་སོགས་ཀྱི་བྱ་ཐབས་སྣ་ཚོགས་སྤྱད་དེ་མི་རིགས་མཐུན་སྒྲིལ་གྱི་འབྲེལ་ཡོད་ཤེས་བྱ་སློབ་སྦྱོང་ཧུར་ཐག་བྱས་པ་དང་སྦྲགས། ལས་བྱེད་ཉེན་རྟོག་པར“ཁ་འབྲལ་ཐབས་མེད་པ་གསུམ”གྱི་བསམ་བློ་བརྟན་དུ་གཏོང་རྒྱུར་སློབ་གསོ་ཁྲིད་སྟོན་བྱས་པ་རེད།

དྲིལ་བསྒྲགས་ལས་སྟེགས་བསྐྲུན་ནས་དྲིལ་བསྒྲགས་སློབ་གསོའི་རྣམ་པ་ཟབ་མོ་བཏོད་པ། ལས་བྱེད་ཉེན་རྟོག་པ་ཁྲིམས་སྐྱོང་དྲིལ་བསྒྲགས་དང་མི་རིགས་མཐུན་སྒྲིལ་སོགས་ཀྱི་དྲིལ་བསྒྲགས་བྱེད་སྒོའི་ནང་ཞུགས་རྒྱུ་འདེམས་གཏོང་ཧུར་ཐག་བྱས་ནས“དྲ་སྦྲེལ+”ལས་སྟེགས་གང་ལེགས་སྤྱད་དེ་ཁང་པའི་ཕྱི་ནང་དུ་བསྒར་བའི་་གློག་རྡུལ་བརྙན་ཤེལ་ལ་བརྟེན་ནས་མི་རིགས་མཐུན་སྒྲིལ་གྱི་དྲིལ་བསྒྲགས་སྦྱར་ཡིག་ཁག་10ལྷག་ཙམ་རེས་མོས་ངང་བསྟན་པ་རེད།

གྲོས་བསྡུར་ལས་སྟེགས་བསྐྲུན་ནས་སློབ་གསོའི་བྱེད་སྒོ་སྤེལ་སྟངས་ཕུན་སུམ་ཚོགས་སུ་བཏང་བ། སྣང་རྫོང་མི་དམངས་ཁྲིམས་ཁང་གི་ཏང་ཀྲི་པུའུ་ཁག་གིས་གཅིག་སྡུད་སློབ་སྦྱོང་བརྗོད་དོན་གཙོ་བོར་བྱས་ནས་ལས་བྱེད་ཉེན་རྟོག་པ་སྒྲིག་འཛུགས་ཀྱིས《བོད་ཀྱིས་མི་རིགས་མཐུན་སྒྲིལ་ལ་སྐུལ་འདེད་བཏང་བའི་དངོས་བྲིས》དང་། མི་རིགས་ཆོས་ལུགས་སྲིད་ཇུས་སོགས་སྐོར་གྱི་ནང་དོན་སློབ་སྦྱོང་བྱས་པ་དང་སྦྲགས། མི་རིགས་མཐུན་སྒྲིལ་ལ་གཞིགས་ནས་གྲོས་བསྡུར་ཆེན་པོའི་བྱེད་སྒོ་སྤེལ་བ་རེད། ལས་བྱེད་ཉེན་རྟོག་པས་རང་ཉིད་ཀྱི་མཐོང་ཐོས་མྱོང་གྲུབ་དང་། བརྒྱུད་རིམ་ངོ་མ། ངོས་འཛིན་གཏིང་ཟབ་སོགས་ཀྱི་ཐད་ནས་གང་བསམ་ལྷུག་གླེང་དང་སྙིང་གཏམ་གླེང་སྟེ“བོད་རྒྱ་ཁྱིམ་ཚང་གཅིག་ལྟར་བརྩེ”དང“མཐུན་སྒྲིལ་རོགས་རེས”“ཁ་འབྲལ་ཐབས་མེད་པ་གསུམ”བཅས་ཀྱི་བསམ་བློའི་འཁྱེར་སོ་མཚོན་པར་བྱས་པ་རེད།

ཁྱད་ལྡན་ལས་སྟེགས་བསྐྲུན་ནས་མི་རིགས་མཐུན་སྒྲིལ་གཏོད་པའི་ཆུ་ཚད་མཐོ་རུ་བཏང་བ། སྣང་རྫོང་མི་དམངས་ཁྲིམས་ཁང་གི་ཏང་ཀྲི་པུའུ་ཁག་གིས“ཁྲིམས་དཔོན་གྱིས་ཁྲིམས་དཔོན་ལ་སློབ་ཁྲིད་བྱེད་པའི”ལས་སྟེགས་གང་ལེགས་སྤྱད་དེ་ཞིང་འབྲོག་མང་ཚོགས་ལ་ཁ་ཕྱོགས་པའི་གཞི་རིམ་ཁྲིམས་ཁང་གི་དོན་དངོས་དང་ཟུང་འབྲེལ་བྱས་ཏེ་ཟླ་རེར“སྐད་གཉིས”གསོ་སྦྱོང་དང“ཉིན་རེར་ཚིག་རེ་སྦྱོང་བའི་འཆར་གཞི”ལག་ལེན་བསྟར་རྒྱུ་རྒྱུན་འཁྱོངས་བྱས་པ་བཅས་རེད། (པ་ཚེས་བསྒྱུར། པ་ཚེ་དང་བསོད་ནམས་དཔའ་མོས་ཞུས)

下一篇 4 放大 缩小 默认
   第01版:01
   第02版:གལ་ཆེའི་གསར་འགྱུར།
   第03版:གལ་ཆེའི་གསར་འགྱུར།
   第04版:གལ་ཆེའི་གསར་འགྱུར།
   第05版:ཁྲིམས་སྐྱོང་དོ་གནད།
   第06版: ཁྲིམས་སྐྱོང་དམངས་སྐྱོང་།
   第07版:གྱོད་དཔེ་སྣང་གསལ།
   第08版:ཁྲིམས་འཛིན་དོ་ར།
   第09版:གསེར་གྱི་གཉའ་ཤིང་།
   第10版:ཁྲིམས་ལུགས་དྲིལ་བསྒྲགས།
   第11版:ཁྲིམས་གསལ་མེ་ལོང་།
   第12版:བརྟན་ལྷིང་གསེར་ཕུབ།
   第13版:ཁྲིམས་དང་སྤྱི་ཚོགས།
   第14版:རྒྱལ་ནང་གསར་འགྱུར།
   第15版:ཞི་མཐུན་ས་མཐོ།
   第16版:སེམས་སྐྱིད་ཇ་ཁང་།
“ལས་སྟེགས་བཞི”བསྐྲུན་ནས་མི་རིགས་མཐུན་སྒྲིལ་ལ་སྐུལ་འདེད་བཏང་བ།
སྣོད་བཅུད་འཛུགས་སྐྱོང་ཐད་ཐབས་མང་མཉམ་སྤྱོད་ཀྱིས་ལྗང་མདོག་འཕེལ་རྒྱས་ཀྱི་བརྗོད་དོན་གཅོ་བོའི་བྱེད་སྒོ་ཧུར་ཐག་སྤེལ་བ།
པེ་ཅིང་གིས་ལོ་20ཡི་རིང་ལྷ་སར་དབུལ་སྒྲོལ་མ་དངུལ་སྒོར་དུང་ཕྱུར་44.7ཙམ་རོགས་སྐྱོར་བྱས་པ།