第08版:ཁྲིམས་འཛིན་དོ་ར། 上一版3  4下一版
联系电话: 0891-6328752
放大 缩小 默认
ལྷ་སར“རྒྱལ་ཁབ་ཀྱི་གཞུང་ལས་པ་དང་ཏང་ཡོན་ལས་བྱེད་པའི”ཆང་འབྲེལ་གྱོད་གཞི་9རྩད་ཆོད་པ།
གྱོད་འབྲེལ་མི་སྣའི་མིང་ཐོ་སྒྲིག་ཨུད་ལྟ་ཞིབ་ལས་ཁུངས་ལ་བརྡ་ཁྱབ་བཏང་བ།

ཟླ་10ཚེས་22ཉིན། གསར་འགོད་པས་ལྷ་ས་གྲོང་ཁྱེར་སྤྱི་བདེ་ཅུས་འགྲིམ་འགྲུལ་ཉེན་རྟོག་ཉིང་ལག་རུ་ཁག་ནས་ཤེས་རྟོགས་བྱུང་བར། འདི་ལོའི་ཟླ་དང་པོ་ནས་ཟླ་བཅུ་པའི་བར་ལྷ་སར་ཁྱོན“རྒྱལ་ཁབ་ཀྱི་གཞུང་ལས་པ་དང་ཏང་ཡོན་ལས་བྱེད་པའི”ཆང་འབྲེལ་གྱོད་གཞི་9རྩད་ཆོད་ཡོད(ལྷ་ས་གྲོང་ཁྱེར་སྤྱི་བདེ་ཅུས་སུ་བཅའ་སྡོད་ལྷ་ས་གྲོང་ཁྱེར་སྒྲིག་ཨུད་ལྟ་ཞིབ་ཨུ་ཡོན་ལྷན་ཁང་སྒྲིག་བཤེར་ལྟ་ཞིབ་ཚོགས་ཆུང་ལ་བཤུས་ནས་བསྐྱལ་བ)དེའི་ནང་ཆང་འབྲེལ་གྱོད་གཞི་4དང(མང་ཆེ་བ་འགྲིམ་འགྲུལ་དོན་རྐྱེན་དང་འབྲེལ་བ་ཡོད་པ)ར་བཟི་འཁོར་གཏོང་གི་གྱོད་གཞི་5(འགྲིམ་འགྲུལ་དོན་རྐྱེན་དང་འབྲེལ་བ་ཡོད་པ་གཅིག)ཡོད་པ་རེད། མིག་སྔར། གྱོད་གཞི་9ཡི་ནང་ནས་གྱོད་གཞི་8ཐད་གཅོད་བྱས་པ་དང་གྱོད་གཞི་1ཐག་གཅོད་བྱེད་བཞིན་ཡོད།

གཅིག

མཚན་མོ་ཆང་བཏུངས་འཁོར་གཏོང་ལ་ཞིབ་བཤེར་བྱེད་པ་དེ་རྒྱུན་རྣམ་ཅན་གྱི་ཞིབ་བཤེར་ལམ་སྲོལ་དུ་གྱུར་པ།

ལྷ་ས་གྲོང་ཁྱེར་སྤྱི་བདེ་ཅུས་འགྲིམ་འགྲུལ་ཉེན་རྟོག་ཉིང་ལག་རུ་ཁག་གྲོང་ལྷོ་རུ་ཆེན་གྱི་མི་དམངས་ཉེན་རྟོག་པས་ངོ་སྤྲོད་བྱས་པར། དུས་ཆེན་དང་ངལ་གསོའི་རིང་ངམ་ཡང་ན་ལས་ཀའི་དུས་ཚོད་གང་ཡིན་རུང་། ལྷ་ས་གྲོང་ཁྱེར་འགྲིམ་འགྲུལ་ཉེན་རྟོག་པས་གྲོང་ཁུལ་དུ་ཆང་བཏུངས་འཁོར་གཏོང་དང་ར་བཟི་འཁོར་གཏོང་བྱེད་མཁན་ལ་མཚན་བཤེར་བྱེད་པའི་བྱ་སྤྱོད་སྤྱིར་ན་མཚམས་འཇོག་མྱོང་མེད། མཚན་མོ་ཆང་བཏུང་འཁོར་གཏོང་དང་ར་བཟི་འཁོར་གཏོང་བྱེད་མཁན་ཉུང་དུ་ཕྱིན་འདུག་ལ། གྲོང་མི་མང་པོ་ཞིག་གིས“ཆང་རག་བཏུང་ན་རླངས་འཁོར་མི་གཏོང་བ་དང་། རླངས་འཁོར་བཏང་ན་ཆང་རག་མི་འཐུང་བའི”འདུ་ཤེས་ཟབ་ཏུ་ཕྱིན་འདུག་ཅེས་བཤད།

“ང་ཚོས་མཚན་མོ་ཆང་བཏུངས་འཁོར་གཏོང་དང་། ར་བཟི་འཁོར་གཏོང་། དུག་འཐེན་འཁོར་གཏོང་སོགས་ཀྱི་འགྲིམ་འགྲུལ་ཁྲིམས་འགལ་བྱེད་སྤྱོད་རྒྱུན་རྣམ་ཅན་གྱི་ཞིབ་བཤེར་ལམ་སྲོལ་ལ་བཞག་ཡོད། ལྷ་ས་གྲོང་ཁྱེར་སྤྱི་བདེ་ཅུས་འགྲིམ་འགྲུལ་ཉེན་རྟོག་ཉིང་ལག་རུ་ཁག་གི་འབྲེལ་ཡོད་འགན་ཁུར་བས་ངོ་སྤྲོད་བྱས་པར། ཁོངས་གཏོགས་ཁུལ་དུ་ཆང་བཏུངས་འཁོར་གཏོང་དང་། ར་བཟི་འཁོར་གཏོང་། དུག་འཐེན་འཁོར་གཏོང་བཅས་ཐོན་པའི་ཆོས་ཉིད་ལ་གཞིགས་ནས་གྲོང་ཁུལ་དང་གྲོང་རྡལ་གྱི་བཟའ་བཏུང་དང་རོལ་རྩེད་ཁང་གི་མཐའ་འཁོར། གྲོང་ཁྱེར་དང་གྲོང་གསེབ་ཀྱི་འབྲེལ་མཚམས། རྫོང་དང་ཤང་གི་གཞུང་ལམ་བཅས་སུ་གློ་བུར་དུ་ཞིབ་བཤེར་བྱེད་པ་དང་། སྡེ་ཚན་ཁག་དང་ཉེན་རྟོག་དབར་གྱི་མཉམ་ལས་མཐུན་སྦྱོར་ལ་ཤུགས་སྣོན་བརྒྱབ་ནས་མགྱོགས་བཤེར་མགྱོགས་སྒྲུབ་ཀྱི་ལམ་སྲོལ་བཙུགས་ཡོད། ཆང་བཏུངས་འཁོར་གཏོང་བྱེད་མཁན་ལ་ཆད་པ་ནན་པོ་བཅད་པ་དང་། ར་བཟི་བ་དང་དུག་འཐེན་ནས་རླངས་འཁོར་གཏོང་མཁན་ཚང་མར་ཁྲིམས་ལྟར་ཉེས་དོན་འགན་འཁྲི་རྩད་གཅོད་ནན་པོ་བྱས་ཡོད། གཞུང་ལས་པའམ་ཀྲུང་གུང་ཏང་ཡོན་དང་འབྲེལ་བ་ཡོད་རིགས་ཚང་མ་སྒྲིག་ཁྲིམས་ཞིབ་བཤེར་ལྟ་ཞིབ་ལས་ཁུངས་ལ་བརྡ་ཁྱབ་བཏང་བ་དང་། ཁེ་ལས་བྱ་གཞག་ཚན་པ་དང་འབྲེལ་བ་ཡོད་རིགས་ཚང་མ་ལས་རིགས་གཙོ་གཉེར་དོ་དམ་སྡེ་ཚན་ལ་བསྐྱལ་བ། ཉེན་ཡོད་འཁོར་གཏོང་གི་ཉེས་གསོག་རིགས་ཞིབ་དཔྱོད་ལས་ཁུངས་སུ་རྩིས་སྤྲོད་བྱས་པ་རེད།

གཉིས།

སླད་ཕྱིན་ཟླ་གཉིས་རིང་འགྲིམ་འགྲུལ་བདེ་

འཇགས་ཀྱི་བཅོས་སྒྲིག་ཆེ་མོ་སྤེལ་རྒྱུ།

ལྷ་ས་འགྲིམ་འགྲུལ་ཉེན་རྟོག་པས་སླད་ཕྱིན་ཟླ་བ་གཉིས་རིང་གྲོང་ཁྱེར་ཡོངས་སུ“འགྲོ་ལམ་འགྲིམ་འགྲུལ་བདེ་འཇགས་བཅོས་སྒྲིག་ཆེ་མོ་དང་། དྲིལ་བསྒྲགས་ཆེ་མོ། སློབ་གསོ་ཆེ་མོ”བཅས་ཀྱི་ཆེད་དོན་བྱ་སྤྱོད་སྤེལ་རྒྱུ་རེད། ད་ཐེངས་བྱ་སྤྱོད་ནང་། ལྷ་ས་འགྲིམ་འགྲུལ་ཉེན་རྟོག་པས་སྦག་སྦག་དང་། གློག་སྒུལ་སྦག་སྦག འགྲོ་མི་བཅས་ཀྱི་འགྲིམ་འགྲུལ་གྱི་ཁྲིམས་འགལ་བྱེད་སྤྱོད་ལ་ཞིབ་བཤེར་ཐག་གཅོད་ནན་པོ་བྱ་རྒྱུ་རེད།

འགྲིམ་འགྲུལ་ཁྲིམས་འགལ་བྱ་སྤྱོད་ཚབས་ཆེན“རིགས་བཅུ”ནི་ཆང་བཏུངས་འཁོར་གཏོང་དང་། ར་བཟི་འཁོར་གཏོང་། ལག་ཁྱེར་མེད་པར་རླངས་འཁོར་གཏོང་བ། སྒྲིག་སྦྱོར་བཅོས་སྒྲིག་བྱས་པའམ་ཡང་ན་བེད་མེད་རླངས་འཁོར་གཏོང་བ། རྫུན་བཟོ་དང་སྒྱུར་བཟོ་བྱས་པའི་འཕྲུལ་སྒུལ་འཁོར་རིགས་ཀྱི་འཁོར་རྟགས་སམ་མཚོན་རྟགས་སྤྱོད་པ། འཕྲུལ་སྒུལ་འཁོར་རིགས་ཀྱི་ཨང་རྟགས་འདྲ་བཤུ་བྱས་པ་དང་འགན་བཅོལ་དུས་ཚོད་ལས་འགལ་བ། མྱུར་ཚད་50%ལས་བརྒལ་བ། ཟོག་འདྲེན་རླངས་འཁོར་དུ་ཟོག་བླུག་ཚད་30%ལས་བརྒལ་བའམ་ཡང་ན་འགྲུལ་སྐྱེལ་རླངས་འཁོར་གྱི་མི་གྲངས་ཚད་ལས་བརྒལ་བ་བཅས་རེད།

2011ལོའི་ཟླ་5ཚེས་1ཉིན་ནས་བཟུང《ཉེས་ཁྲིམས་བཟོ་བཅོས་འཆར་ཟིན(བརྒྱད་པ)》གྱི་དོན་ཚན་ཉེར་གཉིས་པའི་ནང་གཞུང་ལམ་དུ་ར་བཟི་འཁོར་གཏོང་བྱས་ཚེ་བཀག་ཉར་དང་དངུལ་ཆད་གཅོད་རྒྱུའི་གཏན་འབེབས་བྱས་ཡོད། 《ཀྲུང་གོ་གུང་ཁྲན་ཏང་གི་སྒྲིག་ཁྲིམས་ཆད་གཅོད་སྲོལ་ཡིག》གི་དོན་ཚན་ཉེར་གསུམ་པའི་ནང་ཏང་ཡོན་གྱི་ཉེས་པ་ཆུང་ངུ་ཡིན་ན། མི་དམངས་ཞིབ་དཔྱོད་ཁང་གིས་ཁྲིམས་བཞིན་ཞུ་གཏུག་མི་རྒྱག་པའི་གཏན་འབེབས་བྱེད་རིགས་སམ་ཡང་ན་མི་དམངས་ཁྲིམས་ཁང་གིས་ཉེས་པ་བསགས་པའི་ཁྲིམས་ལྟར་ཁྲུན་ཐག་བཅད་པ་དང་འབྲེལ་ཉེས་དོན་གྱི་ཆད་པ་ཆག་ཡང་གཏོང་རིགས་ཏང་ནང་ཁུལ་གྱི་གོ་གནས་མེད་པ་བཟོ་རྒྱུ་དང་ཏང་ནང་བཞག་ནས་ལྟ་ཞིབ་བྱེད་པའམ་ཏང་གི་སྐྱིད་སྡུག་ནས་འབུད་རྒྱུའི་གཏན་འབེབས་བྱས་ཡོད། 《ཀྲུང་གོ་གུང་ཁྲན་ཏང་གི་སྒྲིག་ཁྲིམས་ཆད་གཅོད་སྲོལ་ཡིག》གི་དོན་ཚན་སོ་གསུམ་པའི་ནང་གསེས་དང་པོའི་ནང་རྐང་བཙུགས་ནས་ཉེས་པ་བསགས་པས། ཁྲིམས་ལྟར་ཆད་པ་བཅད་པ་དང་ཉེས་ཁྲིམས་ཀྱི་གཏན་འབེབས་བྱས་པའི་ཉེས་པ་གཙོ་བོ་གཏན་འཁེལ(ཉེས་པ་ནར་འགྱངས་ཁྱབ་བསྒྲགས་བྱས་པ་ཚུད་པ)བྱས་རིགས་ཏང་གི་སྐྱིད་སྡུག་ནས་འབུད་རྒྱུའི་གཏན་འབེབས་བྱས་ཡོད། ཀྲུང་གོ་གུང་ཁྲན་ཏང་གི་ཏང་ཡོན་དང་རྒྱལ་ཁབ་ཀྱི་ལས་དོན་མི་སྣ། དེ་བཞིན“རིགས་བཅུ”དང་འབྲེལ་བའི་འགྲིམ་འགྲུལ་ཁྲིམས་འགལ་བྱ་སྤྱོད་ཡོད་ཚེ་ཏང་ཁྲིམས་ཀྱི་ཆད་པ་གཅོད་པ་ཕུད། ད་དུང་སྲིད་ཁྲིམས་ཀྱི་ཆད་པ་གཅོད་རྒྱུའི་གཏན་འབེབས་བྱས་ཡོད།

放大 缩小 默认
   第01版:01
   第02版:གལ་ཆེའི་གསར་འགྱུར།
   第03版:གལ་ཆེའི་གསར་འགྱུར།
   第04版:གལ་ཆེའི་གསར་འགྱུར།
   第05版:ཁྲིམས་སྐྱོང་དོ་གནད།
   第06版: ཁྲིམས་སྐྱོང་དམངས་སྐྱོང་།
   第07版:གྱོད་དཔེ་སྣང་གསལ།
   第08版:ཁྲིམས་འཛིན་དོ་ར།
   第09版:གསེར་གྱི་གཉའ་ཤིང་།
   第10版:ཁྲིམས་ལུགས་དྲིལ་བསྒྲགས།
   第11版:ཁྲིམས་གསལ་མེ་ལོང་།
   第12版:བརྟན་ལྷིང་གསེར་ཕུབ།
   第13版:ཁྲིམས་དང་སྤྱི་ཚོགས།
   第14版:རྒྱལ་ནང་གསར་འགྱུར།
   第15版:ཞི་མཐུན་ས་མཐོ།
   第16版:སེམས་སྐྱིད་ཇ་ཁང་།
ལྷ་སར“རྒྱལ་ཁབ་ཀྱི་གཞུང་ལས་པ་དང་ཏང་ཡོན་ལས་བྱེད་པའི”ཆང་འབྲེལ་གྱོད་གཞི་9རྩད་ཆོད་པ།