第04版:གལ་ཆེའི་གསར་འགྱུ322/2018-11/06/04/2018110604_brief.jpg 上一版3  4下一版
联系电话: 0891-6328752
3 上一篇  下一篇 4 放大 缩小 默认
རྒྱ་ཚ་རྫོང་སྤྱི་བདེ་ཅུས་ཀྱིས།
འཐུས་མི་ཚོགས་པ་དབྱི་ཁྲང་གྲོང་ཁྱེར་སྤྱི་བདེ་ཅུས་སུ་སློབ་སྦྱོང་ལ་བཏང་བ།

འདི་ག་ཚགས་པར་ཁང་དུ་རྒྱ་ཚ་ནས་གློག་འཕྲིན་འབྱོར་གསལ། ཉེ་ཆར། རྒྱ་ཚ་རྫོང་སྤྱི་བདེ་ཅུས་ཀྱི་འཐུས་མི་ཚོགས་པས་དབྱི་ཁྲང་གྲོང་ཁྱེར་སྤྱི་བདེ་ཅུས་སུ་སློབ་སྦྱོང་དང་རྟོག་ཞིབ་ལ་བསྐྱོད་ཅིང་། ད་ཐེངས་ཀྱི་གོ་སྐབས་ལ་བརྟེན་ནས་རྒྱ་ཚ་དང་དབྱི་ཁྲང་ས་གནས་གཉིས་ཀྱི་སྤྱི་བདེ་ལས་ཁུངས་ཀྱིས་ཁ་གཏད་རོགས་སྐྱོར་གྱི་ཕུགས་ཕན་ལམ་སྲོལ་ལ་མུ་མཐུད་སྐུལ་འདེད་ཐུབ་རྒྱུའི་རེ་བ་བྱེད་ཀྱི་ཡོད་པ་རེད།

ད་ཐེངས་ཀྱི་སློབ་སྦྱོང་དང་རྟོག་ཞིབ་བྱེད་སྒོར་དབྱི་ཁྲང་གྲོང་ཁྱེར་སྤྱི་བདེ་ཅུས་ཀྱི་འགོ་ཁྲིད་མི་སྣའི་ཚད་མཐོའི་མཐོང་ཆེན་དང་སྣེ་ལེན་གང་ལེགས་ཐོབ་པ་མ་ཟད། བྱེད་སྒོའི་སྒྲིག་འཛུགས་ནན་པོ་དང་ནང་དོན་ཕུན་སུམ་ཚོགས་པ་མ་ཟད། བྱེད་སྒོའི་ནང་དོན་ལ་བཞུགས་མོལ་ཚོགས་འདུ་དང་ཡུལ་དངོས་ཀྱི་རྟོག་ཞིབ་ཁག་གཉིས་སུ་ཕྱེ་ཡོད་པ་རེད།

དབྱི་ཁྲང་གྲོང་ཨུད་ཀྱི་རྒྱུན་ཨུ་དང་། སྲིད་ཁྲིམས་ཨུ་ལྷན་གྱི་ཧྲུའུ་ཅི་གཞོན་པ་དང་པོ། སྤྱི་བདེ་ཅུས་ཀྱི་ཅུས་ཀྲང་བཅས་ཡིན་པའི་ཁྲེན་ཅན་ཧུང་གིས། དབྱི་ཁྲང་གྲོང་ཁྱེར་སྤྱི་བདེ་ཅུས་ཀྱིས་རྒྱ་ཚ་རྫོང་གི་སྤྱི་བདེའི་ལས་དོན་དང་དཔུང་ཁག་འཛུགས་སྐྱོང་གི་དོན་དངོས་ལ་གཞི་ཚུགས་ཏེ་ཁ་གཏད་རོགས་སྐྱོར་བྱེད་ཤུགས་ཆེ་རུ་བཏང་ནས། རྒྱ་ཚ་རྫོང་སྤྱི་བདེ་ལས་ཁུངས་ཀྱིས་བརྟན་ལྷིང་སྲུང་སྐྱོང་གི་ལས་འགན་སྔར་བས་ཡག་པོ་སྒྲུབ་ཐུབ་པ་བྱ་རྒྱུ་དང་། སྒྲིག་ཆས་དང་། རྣམ་གྲངས། མ་དངུལ། ཆེད་ལས་ལག་རྩལ། ལས་བྱེད་ཤེས་ལྡན་པ། སློབ་གསོ་གསོ་སྦྱོང་སོགས་ལ་རོགས་སྐྱོར་བྱས་ཏེ་རྒྱ་ཚ་རྫོང་སྤྱི་བདེ་ལས་ཁུངས་ཀྱི་འཕྲལ་སྡོམ་བཀོད་འདོམས་མ་ལག་དང་། སྤྱི་བདེའི་ཆ་འཕྲིན་ཅན། རྨང་གཞིའི་སྒྲིག་བཀོད་སོགས་ཀྱི་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་རྒྱུ། དེ་བཞིན་ས་གནས་གཉིས་ཀྱི་ཉེན་རྟོག་ཕྱོགས་ཀྱིས་ཕན་ཚུན་སྤེལ་རེས་ཟབ་ཏུ་བཏང་ནས་ཁ་གཏད་རོགས་སྐྱོར་ལས་དོན་གྱི་ཕུགས་ཕན་ལམ་སྲོལ་དང་ལས་དོན་གྱི་གཞོཌ་འདེགས་ལམ་སྲོལ་བཟོ་རྒྱུ་དང་། ཆེད་ལས་ལག་རྩལ་གྱི་རོགས་སྐྱོར་དང་ཤེས་ལྡན་པའི་གསོ་སྦྱོང་གཙོ་གནད་དུ་བཟུང་སྟེ་ཤེས་ལྡན་པའི་རིག་སྟོབས་རོགས་སྐྱོར་བྱེད་ཤུགས་ཆེ་རུ་གཏོང་བ་བཅས་བྱས་ནས་རྒྱ་ཚ་རྫོང་གི་སྤྱི་བདེའི་མི་དམངས་ཉེན་རྟོག་པའི་ཕྱོགས་བསྡུས་བྱང་ཚད་མཐོ་རུ་གཏོང་རོགས་བྱ་རྒྱུ་ཡིན་ཞེས་བཤད་པ་རེད།

3 上一篇  下一篇 4 放大 缩小 默认
   第01版:01
   第02版:གལ་ཆེའི་གསར་འགྱུར།
   第03版:གལ་ཆེའི་གསར་འགྱུར།
   第04版:གལ་ཆེའི་གསར་འགྱུར།
   第05版:ཁྲིམས་སྐྱོང་དོ་གནད།
   第06版: ཁྲིམས་སྐྱོང་དམངས་སྐྱོང་།
   第07版:གྱོད་དཔེ་སྣང་གསལ།
   第08版:ཁྲིམས་འཛིན་དོ་ར།
   第09版:གསེར་གྱི་གཉའ་ཤིང་།
   第10版:ཁྲིམས་ལུགས་དྲིལ་བསྒྲགས།
   第11版:ཁྲིམས་གསལ་མེ་ལོང་།
   第12版:བརྟན་ལྷིང་གསེར་ཕུབ།
   第13版:ཁྲིམས་དང་སྤྱི་ཚོགས།
   第14版:རྒྱལ་ནང་གསར་འགྱུར།
   第15版:ཞི་མཐུན་ས་མཐོ།
   第16版:སེམས་སྐྱིད་ཇ་ཁང་།
དབུལ་སྒྲོལ་འགག་སྒྲོལ་ལ་ལྟ་སྐུལ་མཛུབ་ཁྲིད་དང་བརྟག་ཞིབ་བྱས་པ།
ཆབ་སྲིད་སློབ་གསོ་གསར་གཏོད་བྱས་ཏེ་ནུས་པ་དང་བྱང་ཚད་མཐོ་རུ་བཏང་བ།
འཐུས་མི་ཚོགས་པ་དབྱི་ཁྲང་གྲོང་ཁྱེར་སྤྱི་བདེ་ཅུས་སུ་སློབ་སྦྱོང་ལ་བཏང་བ།
ཚན་པ་དང་ཚོང་ཁང་11ལ་ཆེད་དོན་ལྟ་སྐུལ་ཞིབ་བཤེར་བྱས་པ།
རྩོམ་བསྡུ་དཔྱད་འདེམས་དང་བྱ་དགའ་སྤྲོད་པའི་བྱེད་སྒོ་སྤེལ་བ།